དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་མི་སྐུ་ཞབས་ཨ་ནུ་རག་ཋ་ཀུར་མཆོག་ལ་མཇལ་འཕྲད་ཞུས་པ།

IMG_2328

ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༡ སྔ་དྲོ་ཆུ་ཚོད་ ༡༡།༣༠ ཙམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་རྒྱུན་ལས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་བཅས་རྣམ་པ་གསུམ་ནས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་རྒྱ་གར་རྒྱལ་ཡོངས་དབྱུག་རྩེད་སྤོ་ལོའི་འགན་འཛིན་སྐུ་ཞབས་ཨ་ནུ་རག་ཋ་ཀུར་མཆོག་ལ་འཚམས་འདྲི་དང་སྦྲགས་མཇལ་འཕྲད་ཞུས་ནས། ཁོང་ལ་ཡིག་ངག་གཉིས་ཀྱི་ཐོག་ནས་བོད་དོན་ཐོག་རྒྱབ་སྐྱོར་རོགས་རམ་གནང་སྐྱོང་ཡོང་བའི་འབོད་ཞུས་ཡོད་པ་མ་ཟད། མ་འོངས་པར་ཕྱི་ཟླ་ ༩ པའི་ནང་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་གཉིས་པར་ངེས་ཕེབས་ཡོང་བའི་མགྲོན་འབོད་ཀྱང་ཞུས་གནང་ཡོད་པའི་གནས་ཚུལ་དུ།

Menu