དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་ (བོད་དོན་དག་སྐྱེལ་) ཞེས་པའི་དཔེ་དེབ་གསར་པ་དབུ་འབྱེད་སྐབས་གསུང་བཤད་གནང་བ།

DSC_0348
བོད་ཀྱི་དཔེ་མཛོད་ཁང་གིས་དེབ་མང་པོ་ཞིག་རྩོམ་གནང་གི་ཡོད་རེད། དེ་བཞིན་གོང་དུ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་མཆོག་གིས་ཡིག་སྒྱུར་གྱི་དེབ་བཏོན་པ་ཐེངས་དང་པོ་ཡིན་གསུངས་པ་བཞིན།  ཡིག་བསྒྱུར་གནང་བའི་དེབ་བོད་དོན་དག་སྐྱེལ་ཞེས་པ་འདི་རེད།  དགེ་བཤེས་ལགས་ཀྱིས་ (བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག) གསུངས་གནང་བའི་ནང་། ད་རིང་བོད་དོན་དག་སྐྱེལ་ཙམ་དུ་མ་ཟད།  དཔེ་མཛོད་དག་སྐྱེལ་ཆགས་མཁན་ལྟ་བུ་ཆགས་སོང་། དཔེ་མཛོད་ཀྱི་ལས་དོན་བྱེད་ཕྱོགས་སྐོར་ལ་དག་སྐྱེལ་གནང་དགོས་པ་ཆ་ཚང་ཞིག་གྲུབ་སོང་། ཐུགས་སྣང་གནང་མཁན་ཚོས་ཀྱང་མཁྱེན་གྱི་ཡོད། ག་རེ་ག་རེ་གནང་གི་ཡོད་པ་དང་། ག་རེ་གནང་ཐུབ་ཀྱི་ཡོད་པ། ག་རེ་ག་རེ་གནང་ཐུབ་ཀྱི་མེད་པ་དང་། དེའི་རྐྱེན་ག་རེ་ཆགས་ཀྱི་ཡོད་པ་བཅས་མཁྱེན་གྱི་ཡོད་རེད།    ང་ཚོའི་གཞིས་ཆགས་ཁག་ནང་འགྲོ་བའི་སྐབས་དང་། ཕྱི་ལ་འགྲོ་བའི་སྐབས་བོད་པ་ཚོ་ལ་ག་དུས་ཡིན་ཡང་ལབ་བསྡད་ཀྱི་ཡོད། རྡ་རམ་ས་ལར་སླེབས་པའི་སྐབས་ལ་གངས་ཅན་སྐྱིད་གཤོངས་ཀྱི་དཀྱིལ་འཁོར་འདིའི་ནང་ཏོག་ཙམ་དོ་སྣང་མ་སྤྲད་ན་མོ་ཊ་དང་ཁྱི་མ་གཏོགས་མཐོང་རྒྱུ་ཡོད་མ་རེད། མི་ཚང་མ་ལས་ཁུངས་ནང་འཛུལ་བསྡད་ཡོད་རེད། དེ་འདྲ་སོང་ཙང་སོ་སོའི་སྒྲིག་འཛུགས་ངོ་ཤེས་པ་བྱེད་རྒྱུ་གལ་ཆེན་པོ་རེད། རྩ་བའི་རྒྱ་གར་གཞུང་གི་མཐུན་འགྱུར་འོག་ནས་དཔེ་མཛོད་ཁང་བཙུགས་ནས་ལོ་མང་འགྲོ་གི་ཡོད། འདིས་ནུས་པ་ཧ་ཅང་ཤུགས་ཆེན་པོ་འདོན་ཐུབ་ཡོད་རེད། དེ་དག་ཚང་མ་དཔེ་མཛོད་ཁང་གི་འགན་འཛིན་རིམ་བྱོན་རེད། ལྷག་པར་དུ་ད་ལྟའི་ཐུགས་འགན་བཞེས་མཁན་ཚང་མས་འགན་བཞེས་རྗེས་གནས་ཚད་མ་ཉམས་པའི་ཐོག་ནས་གོང་མཐོར་སྤེལ་རྒྱུར་སྐུ་ལས་མང་པོ་བསྐྱོན་གནང་གི་ཡོད་རེད། ལས་བྱེད་ཆེ་ཆུང་ཚང་མས་བསྐྱོན་གནང་གི་ཡོད་རེད། ཉམས་ཞིབ་པ་དང་ཡིག་སྒྱུར་བ་ཚོས་བསྐྱོན་གནང་གི་ཡོད་རེད། དེ་ཡིན་དུས་དཔེ་མཛོད་ཀྱི་ཕྱག་ལས་གནང་སྟངས་ཐོག་ལ་གཞན་པས་ཞེ་དྲགས་མཁྱེན་གྱི་མ་རེད་ཅེས་དགེ་བཤེས་ལགས་མ་དགོངས་རོགས་གནང་། ཕལ་ཆེར་མང་ཆེ་བས་དོ་སྣང་སྤྲད་བསྡད་ཡོད། ལྷག་པར་དུ་དེ་རིང་དེབ་ལྟ་བུར་མཚོན་ན། ཆབ་སྲིད་དང་འབྲེལ་བའི་དེབ་རེད། སྐབས་རེ་སྐབས་རེ་དཔལ་འབྱོར་གྱི་དཀའ་ངལ་ཐོག་ནས་འཆར་སྣང་ཙམ་དུ་ལུས་འགྲོ་སྐོར་གསུངས་པར་ཏན་ཏན་སྒྲིག་འཛུགས་གཞན་པ་ནས་ཐུགས་སྣང་གནང་དགོས་པ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ངོས་ནས་ཡིན་ནའང། ད་གིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁས་ལེན་རང་གནང་མ་སོང་སྟེ་བལྟ་ཆོག་གི་རེད་གསུངས་སོང་། ཆབ་སྲིད་དང་འབྲེལ་བ་ཡོད་པ་ཡིན་ན་ལས་དོན་དེ་མཁས་དབང་ཚོས་གནང་། ཡིན་ཡང་མཐུན་འགྱུར་འཛིན་སྐྱོང་ནས་གནང་ཐུབ་ན་དུས་ཐོག་ལ་འདོན་ཐུབ་པའི་ཁྱད་པར་ཡོད་རེད་བསམ་གྱི་འདུག གང་ཡིན་ཟེར་ན་རྒྱ་ནག་གིས་དྲི་བ་བརྒྱ་ལ་ལན་བརྒྱ་ཟེར་བ་དེ་ ༡༩༨༩ ལོ་ལ་བཏོན་ཡོད་པ་རེད། དེ་ཡང་བཏོན་པའི་གནས་བབ་དེ་ལྷ་ས་ལ་ཟིང་ཆའི་སྐོར་དེ་རེད།  ཁོ་རང་ཚོའི་ནང་ལེའུ་ ༡༠ ནང་བཀོད་བསྡད་པ་ལྷ་སའི་ཟིང་ཆ་དང་འབྲེལ་བའི་ཐོག་ནས་ ༨༧།༨༨ ལོར་ལྷ་ས་ཁུལ་ལ་གནད་དོན་མང་པོ་ཞིག་བྱུང་བའི་རྒྱུ་མཚན་ལ་བརྟེན་ནས། རྒྱ་ནག་གིས་འདི་བཏོན་ཐུབ་པ་ཞིག་ལ་ངོས་འཛིན་ཞུས་ན་ཕལ་ཆེར་དེ་སྐབས་ཀྱི་གནས་བབ་དང་བསྟུན་པ་ཡིན་ན་མ་འགྲིག་པ་ཡོད་མ་རེད་བསམ་བསམ་དྲན་གྱི་འདུག  སྐབས་རེ་ཆབ་སྲིད་ཀྱི་གནད་དོན་དེ་ཚོ་དུས་རྒྱང་རིང་པོ་ཕྱིན་པ་ཡིན་ན། དུས་ཚོད་ལ་དཔག་པའི་ཏག་ཏག་བསྡད་ཀྱི་ཨེ་ཡོད་དམ་བསམ་པ་འདི་འདྲ་ཡོང་མ་སྲིད་པ་མ་རེད། ད་ལྟ་རང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེབ་དབུ་འབྱེད་གནང་བ་རེད།  གནད་འགག་ཆེན་པོ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེབ་འདིའི་ནང་དོན་ཆ་ཚང་ང་ཚོས་ཁས་ལེན་ཐུབ་དང་མི་ཐུབ་ཀྱི་གནས་སྟངས་ལ་འགྲེལ་བཤད་བསྐྱོན་པ་རེད། འདི་ཚོ་བལྟ་དགོས་ཀྱི་རེད་ལ། རྒྱ་ནག་གིས་ག་རེ་བཤད་ཀྱི་འདུག འདིའི་ནང་ལན་ཡོད་པ་འདི་ཁོང་ཚོས་བཤད་པ་རྣམས་སྙིང་བསྡུས་ཙམ་མ་གཏོགས་ཡོད་མ་རེད། ཞིབ་ཚགས་པ་ཁོ་རང་ཚོའི་ཡིག་ཆའི་ནང་ཡོད་རེད། ནུབ་ཕྱོགས་པས་ལན་བརྒྱབས་པ་དེ་ཚོའི་ནང་ལ་ནམ་རྒྱུན་དུ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མི་མཐུན་པ་དེ་འདྲ་ཡོང་གི་ཡོད་རེད། དེ་ཡིན་དུས་དེ་ཚོ་ཡང་སོ་སོ་སོ་སོས་རིགས་པས་དཔྱད་ནས་གོ་བ་ལེན་དགོས་རྒྱུ་དེ་ནི་ཧ་ཅང་གལ་ཆེན་པོ་རེད། གོང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་བཞིན་དེབ་འདི་ཐེངས་གཅིག་གཉིས་མ་ཡིན་པར་ཀློག་རྒྱུ་གལ་ཆེན་པོ་རེད། ད་ཆ་བོད་ཡིག་ནང་བསྒྱུར་ཐུབ་པ་རེད།  ༡༩༨༩ ལོ་ནས་བརྩིས་པ་ཡིན་ན་ད་ལྟའི་བར་ལོ་ ༢༦ ཆགས་འགྲོ་གི་མི་འདུག་གམ།  ཡིན་ནའང་ French ནང་བཏོན་པ་དེ་ ༢༠༠༢ ནང་བཏོན་པ་དང་། དབྱིན་ཇིའི་ནང་བསྒྱུར་བ་དེ་ ༢༠༠༨ ལ་བསྒྱུར། དེའི་སྐབས་ལའང་བོད་ནང་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་དཔག་པའི་མཁས་དབང་ཚོ་ལ་སླར་ཡང་འབྲེལ་བ་ཞུས་ནས་དུས་རྒྱུན་དུ་གནང་དགོས་པ་རྣམས་གནང་སྟེ།  ༢༠༠༨ ནས་ད་ལྟ་བར་གནད་དོན་མང་པོ་ཞིག་བྱུང་ཡོད། ལྷག་པར་དུ་ ༢༠༠༨ རེད། ༢༠༠༩ ནས་རང་ལུས་མེར་བསྲེགས་ཀྱི་གནད་དོན་འདི་རྣམས་ད་ལྟའི་འདིའི་ནང་ཚུད་ཀྱི་ཡོད་མ་རེད། དེ་ཡིན་དུས་ཕྱིས་སུ་བྱུང་བའི་གནད་དོན་ང་ཚོས་དུས་རྒྱུན་དུ་ནས་དོ་སྣང་སྤྲད་ནས། དེའི་སྒང་ལ་ཁ་སྣོན་ག་རེ་རྒྱག་དགོས་ཀྱི་འདུག་གམ།  ཡང་རྒྱ་ནག་གིས་འགྲེལ་བཤད་ག་རེ་བརྒྱབས་ཡོང་གི་འདུག་གམ།  དེ་ཚོའི་ཐོག་ལ་བསམ་བློ་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་ཉེ་བའི་ཆར་ཕྱི་ཟླ་ ༤ ཚེས་ ༥ ལ་ཤོག་བུ་དཀར་པོ་ཞེས་པ་ཐེངས་ ༡༣ པ་བཏོན་ཡོད་རེད། དེའི་ནང་གང་བཤད་ཀྱི་འདུག་གམ།  ༡༩༨༩ དྲི་བ་བརྒྱ་ཡི་ལན་ནང་ག་རེ་བཤད་འདུག་གམ། ༢༠༠༡ ལ་ཁོང་ཚོས་གནས་ཚུལ་ལ་འགྱུར་བ་བཏང་རྗེས། དེའི་སྐབས་ལ་འགྱུར་བ་གང་ཕྱིན་འདུག་གམ།  ད་ལྟའི་ཤོག་བུ་དཀར་པོའི་ནང་གང་བཤད་ཀྱི་འདུག དེ་ཚོ་ཚང་མ་མཉམ་དུ་བསྡུར་ནས། རྒྱ་ནག་གཞུང་གིས་སྲིད་བྱུས་གང་འདྲ་འཛིན་གྱི་འདུག དེ་འདྲའི་དུས་ཚོད་རིམ་པའི་ཐོག་ནས་ཤེས་ཐུབ་པའི་གནས་བབ་ཅིག་རང་བཞིན་གྱིས་ཆགས་ཀྱི་ཡོད་སྟབས། གཙོ་བོ་གོང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་རེད། ཕྱོགས་ཡོངས་ནས་བལྟ་དགོས་པ་དང་། དུས་ཚོད་རིམ་པ་སོ་སོ་སོ་སོའི་ནང་བལྟ་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད། དེ་ལ་ཡང་ཐུགས་སྣང་གནང་དགོས་པ་དང་། ནམ་རྒྱུན་ཆབ་སྲིད་ལ་དོ་སྣང་དེ་ཙམ་མེད་པ་ཚོ་ལ་དེབ་འདི་ཉོབ་ཏོ་ལྟ་བུ་མཐོང་སྲིད་པ་རེད། ཡིན་པ་ཡིན་ནའང་བོད་དོན་ཐོག་ལ་ལས་ཀ་བྱེད་མཁན་སུ་ཡིན་ཡང་། དེབ་འདི་ཚོ་ལ་བལྟས་ནས་རྒྱ་ནག་གཞུང་གིས་ག་རེ་བཤད་ཀྱི་འདུག ནུབ་ཕྱོགས་པ་བོད་ཀྱི་བྱུང་རབས་དང་།DSC_0371 བོད་ཀྱི་ད་ལྟའི་དངོས་ཡོད་གནས་སྟངས་ལ་ཉམས་ཞིབ་བྱེད་མཁན་དང་དཔྱད་པ་བྱེད་མཁན་གྱིས་ག་རེ་བཤད་ཀྱི་འདུག  ང་རང་ཚོ་བོད་པ་རང་གིས་བཤད་སྟངས་ལ་ག་རེ་བཤད་ཀྱི་འདུག དེ་ཚོ་ཚང་མ་ཤེས་པའི་ཐོག་ནས་མི་གཞན་ཞིག་ལ་འགྲེལ་བཤད་བརྒྱབས་པ་ཡིན་ནའང་། འགྲེལ་བཤད་ཟུག་པོ་རྒྱབ་ཐུབ་པ། ཕྱོགས་གཅིག་གཅིག་པུ་མ་ཡིན་པར། དཔེར་ན་རྒྱ་ནག་གིས་དེ་འདྲ་བཤད་ཀྱི་ཡོད་རེད་དེ་ང་ཚོའི་བལྟ་སྟངས་འདི་འདྲ་རེད་ཅེས་བཤད་རྒྱུ་ཡོད་པ། ནུབ་ཕྱོགས་ཀྱི་མིའི་བལྟ་སྟངས་དེ་འདྲ་རེད། མཁས་དབང་ཚོས་དཔྱད་པ་བྱེད་སྟངས་དེ་འདྲ་རེད་ཅེས་བཤད་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད། ལྷག་པར་དུ་ད་ལྟའི་ཤོག་བུ་དཀར་པོ་རྒྱ་ནག་གི་དྲི་བ་བརྒྱ་ལ་ལན་བརྒྱ་འདིའི་སྔོན་གླེང་ནང་བལྟས་ཡོང་དུས། སྐབས་དེར་སྟོང་ཕྲག་ཁྲི་ཕྲག་མང་པོ་འཛམ་བུ་གླིང་ནང་བཀྲམས་འདུག  ཉེ་ཆར་རང་འདི་ཕྱོགས་སུ་ French མི་ཞིག་བསླེབས་ཡོད་རེད། French མི་དེ་ཚུར་མ་ཡོང་གོང་ནས་ French མི་གཞན་དང་མཉམ་དུ་སྐད་ཆ་བྱུང་འདུག ང་རྡ་རམ་ས་ལར་འགྲོ་ཡི་ཡིན་ཟེར་དུས། མི་གཞན་དེ་ཡིས་ཨ་ལེ་བོད་པའི་གནད་དོན་དེ་ ༡༩༥༩ སྔོན་གྱི་བླ་མས་སྲིད་བསྐྱངས་ཏེ་སྲིད་འཛིན་པ་དེབསྐྱར་སློག་བྱས་འདུག་ཅེས་དེ་འདྲ་བཤད་འདུག མང་པོ་ཞིག་གིས་གནད་དོན་ཆ་ཚང་མགོ་མ་འཚོས་པ་དང་། གནད་དོན་འགའ་རེ་མགོ་འཚོས་ཀྱི་ཡོད་ནའང་། ད་ལྟའི་གནས་བབ་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་མ་ཐུབ་པ་ལ་བརྟེན་ནས་ཡོང་གི་ཡོད་པ་གསལ་པོ་རེད། ༢༠༠༡ ལ་ཡང་བསྐྱར་ཁོང་ཚོའི་དེབ་དེ་འགྲེམ་པའི་སྐབས་ལ་ཁྲི་ཕྲག་མང་པོ་གཅིག་རྒྱལ་སྤྱི་ཡོངས་ཀྱི་གཞུང་དང་སྒྲིག་འཛུགས་རེད། དེ་ཚོའི་ནང་ལ་མང་པོ་ཞིག་ཏུ་བཀྲམ་ཡོང་དུས་ང་ཚོའི་ངོས་ནས་དུས་རྒྱུན་དེ་ལ་ལན་འདེབས་གསལ་པོ་ཞིག་རྒྱག་མ་ཐུབ་པ་ཡིན་ན། རང་བཞིན་གྱིས་ཁོང་ཚོས་བཤད་པ་རྣམས་བག་ཆགས་ཆགས་ཏེ་དེ་མིན་ནམ་བསམ་པའི་གནས་བབ་དེ་འདྲ་ཡོང་མ་སྲིད་པ་མི་འདུག  ད་ལྟའི་རྒྱ་ནག་གི་ཤོག་བུ་དཀར་པོ་བཏོན་པ་འདི་ལ་ཡང་ཕལ་ཆེར་ཏན་ཏན་འཛིན་སྐྱོང་གི་ངོས་ནས་ལན་འདེབས་གནང་རྒྱུའི་ཆེད་གྲ་སྒྲིག་ཚོགས་ཆུང་བཙུགས་ཡོད་ནའང་རེད། ག་རེ་གནང་ཡོད་ནའང་རེད། དེ་ཐོན་རྗེས་ཉིན་ ༢༡ འགྲོ་ཡི་ཡོད་རེད། ང་ཚོའི་ལན་འདེབས་དེ་ཚོ་དུས་ཐོག་ཏུ་འདོན་མ་ཐུབ་པར་ཕྱི་དྲགས་པ་ཡིན་ན། རང་བཞིན་གྱིས་དོ་སྣང་བརླག་འགྲོ་བ་ཡོང་གི་ཡོད་པས། འཛིན་སྐྱོང་གི་ངོས་ནས་ཏན་ཏན་གྲ་སྒྲིག་གནང་གི་ཡོད་ཀྱི་རེད་ལ། གལ་སྲིད་གནང་མེད་ན་དུས་རྒྱུན་དུ་ནས་གྲ་སྒྲིག་གནང་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད་འདུག  གང་ཡིན་ཞུས་ན། ཡིག་ཐོག་ནང་ལྷག་ཡོད། རྒྱ་ནག་གིས་བཤད་པའི་ནང་འཁྱོག་བཤད་མང་པོ་ཡོད་པ་དང་། དངོས་ཡོད་གནས་ཚུལ་ཡོད་རེད་ལ། འཁྱོག་བཤད་དེ་མང་པོ་ཆགས་བསྡད་ཀྱི་ཡོད། འཁྱོག་བཤད་མང་བ་ཡོད་པ་ཡིན་ན་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་དང།  ང་རང་ཚོའི་ལངས་ཕྱོགས་གང་ཡིན་པ་དེ་དག་ཡིག་ཐོག་ཏུ་འགོད་མ་ཐུབ་པ་ཡིན་ན། རྒྱ་ནག་གི་འཁྱོག་བཤད་བྱས་པ་དེ་ཤོག་བུ་དཀར་པོ་ལབ་དུས། ཤོག་བུ་དཀར་པོའི་སྒང་ལ་ཡི་གེ་ནག་པོའི་ལོ་རྒྱུས་རྫུན་མ་མང་པོ་ཞིག་བྲིས་ཡོད་དུས། རང་བཞིན་གྱིས་ནག་པོ་ཆགས་བསྡད་པའི་གནས་སྟངས་བཟོ་ཐུབ་པ་དེ་གལ་ཆེན་པོ་རེད། རྒྱ་ནག་དང་མཉམ་དུ་འབྲེལ་བ་བྱེད་ཐུབ་པ་དང་། ཞི་བའི་གྲོས་མོལ་འགོ་འཛུགས་ཐུབ་རྒྱུའི་འབད་བརྩོན་བྱེད་དགོས་པ་གལ་ཆེན་པོ་རེད། དེ་ཚོ་ཚང་མ་སེམས་ལ་བཞག་པའི་ཐོག་ནས་གནང་དགོས་པ་དེ་གནད་འགག་མཐོང་སོང་། དེ་རིང་དཔེ་མཛོད་ཀྱི་ངོས་ནས་ཐུགས་འགན་བཞེས་པ་རེད། ང་རང་ཚོ་བོད་པ་ཚོའི་ངོས་ནས་འགན་མ་འཁྱེར་སྔོན་ལ་ཁོང་ཚོའི་ French མི་གཉིས་འདི་ལ་དོ་སྣང་བསླེབས་རྗེས། འདི་ལ་གནད་འགག་ཆེན་པོ་བརྩིས་ནས་དུས་ཚོད་མང་པོ་ཞིག་བཏང་གནང་བ་ཧ་ཅང་བཀའ་དྲིན་ཆེན་པོ་རེད། ཁོང་གཉིས་ད་ལྟའི་རྩོམ་སྒྲིག་བྱེད་མཁན་ནང་ནས་(Anne Marie Blondeau) ཨེན་མེ་རི་བྷོ་ལོན་ཌིའུ་དང་། (Katia Buffetrille) ཁེ་ཊི་ཡ་བྷ་ཕེ་ཊེ་རི་ལི་ཆགས་བསྡད་ཡོད། གཙོ་བོ་ཁོང་གཉིས་ཀྱིས་དཀའ་ལས་བསྐྱོན་པའི་ཐོག་ནས་དེབ་འདི་བྱུང་བ་རེད། ང་རང་ཚོས་བྱེད་དགོས་པ་དེ་ལོ་མང་པོའི་རྗེས་ལ་འདི་བསྒྱུར་རྒྱུའི་འཆར་གཞི་ཡོད་པ་ངས་ལོ་གཉིས་གསུམ་སྔོན་ནས་གོ་བྱུང་། སྔོན་དུ་དགེ་བཤེས་ལགས་ཀྱིས་གསུངས་པ་ནང་བཞིན་རེད། མཐུན་རྐྱེན་སྦྱར་ཐུབ་མ་ཐུབ་དེ་འདྲའི་དབང་གིས་ཡིག་སྒྱུར་བྱེད་མཁན་ཚོ་ཡང་ཚད་ལྡན་ཞིག་དགོས་ཀྱི་རེད་མ་གཏོགས། གཅིག་ནོར་འདུག གཉིས་ནོར་འདུག་ལབ་དགོས་བྱུང་ན་ཧ་ཅང་གི་སྐྱོན་ཆགས་འགྲོ་ཡི་རེད། དགེ་བཤེས་ལགས་ཀྱིས་གསུངས་སོང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་རེད།DSC_0374 དེའི་ནང་ལ་རྩ་བའི་འགན་བཞེས་མཁན་འཇམ་དཔལ་ལགས་རེད། དཔེ་མཛོད་ཀྱི་ཡིག་སྒྱུར་སྡེ་ཚན་རེད། སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་གཞན་པ་ཚོས་འདིའི་སྒང་ལ་མཐུན་འགྱུར་གནང་བ་དང་། སྒྲིག་འཛུགས་གཞན་ནས་གང་ཟག་སུས་མཐུན་འགྱུར་གནང་ཡོད་ནའང་།  མ་འོངས་པར་ཆབ་སྲིད་ཀྱི་གནད་དོན་སྒང་ལ་གང་མགྱོགས་མགྱོགས་གནང་ཐུབ་པ་ཡིན་ན། ཏན་ཏན་ཐུགས་ཕན་གསོ་ཐུབ་རྒྱུ་ཆགས་ཀྱི་རེད། དེ་མ་གཏོགས་དེབ་པར་བརྒྱབས་ཚར་བ་རེད། གཙོ་བོར་བོད་ཡིག་ནང་བསྒྱུར་རྒྱུ་དེ་དབྱིན་ཇི་མ་ཤེས་མཁན་བོད་པའི་སྤྱི་ཚོགས་ནང་དོ་སྣང་ཅན་ཚོ་ལ་ཕན་ཐོགས་ཡོང་བའི་ཆེད་དུ་བོད་ཡིག་ནང་བསྒྱུར་བ་རེད། བོད་ནང་ལ་ཏན་ཏན་དོ་སྣང་ཆེན་པོ་གནང་དགོས་རེད་བསམ་གྱི་འདུག ད་ལྟ་ཉེ་ཆར་རང་ཕྱི་ཟླ་ ༤ ཚེས་ ༡༥ ལ་བཏོན་པའི་ཤོག་བུ་དཀར་པོ་དེ་བོད་ཁྱོན་ཡོངས་གྱི་མི་མང་ལ་སློབ་སྦྱོང་བྱེད་དུ་བཅུག་སྟེ་རྒྱ་ནག་གིས་ལས་འགུལ་སྤེལ་བསྡད་ཀྱི་འདུག ང་ཚོས་བཙན་དབང་ཐོག་སྤེལ་ཐུབ་ཀྱི་མ་རེད་ཀྱང་། ང་ཚོ་སོ་སོ་སོ་སོས་དོ་སྣང་བྱས་ཏེ་སློབ་སྦྱོང་བྱེད་དགོས་པ་དང་གཞན་ལ་འགྲེལ་བཤད་རྒྱག་པའི་སྐབས་ལ་འགྲེལ་བཤད་ཚད་དང་ལྡན་པ་རྒྱག་ཐུབ་རྒྱུར་ཚང་མས་འབད་བརྩོན་གནང་དགོས་རེད། ལྷག་པར་དུ་ང་ཚོའི་འཛིན་སྐྱོང་བོད་མིའི་སྒྲིག་འཛུགས་ནང་ཡོད་པ་ཚོས་དམིགས་བསལ་གྱི་ཐུགས་འགན་བཞེས་ནས་དེ་ཚོའི་སྒང་ལ་ཐུགས་སྣང་གནང་དགོས་པ་གལ་ཆེན་པོ་རེད། དཔེ་མཛོད་ཀྱིས་དམིགས་ཡུལ་འཛིན་པ་ནང་བཞིན་སློབ་གཉེར་བ་ཡིན་ནའང་རེད། དོ་སྣང་ཅན་ཚང་མ་ལ་དེབ་འདིས་ཐུགས་ཕན་ཆེན་པོ་གསོས་ཀྱི་རེད་ཅེས་ཞུ་ཐུབ་པ་འདུག ཡིན་ནའང་ནན་ཏན་གྱིས་ཞུ་རྒྱུ་ལ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་བཞིན་རྒྱ་ཆེ་ས་ཚང་མར་བལྟ་དགོས་ཀྱི་རེད་མ་གཏོགས། དེ་རིང་དེབ་དབུ་འབྱེད་ལ་དཔལ་ལྡན་སྲིད་སྐྱོང་མཆོག་ཕེབས་པ་རེད། སྤྱི་འཐུས་རྒྱུན་ལས་མང་པོ་ཕེབས་ཡོད་རེད་ཅེས་གསུང་དུས་ཕལ་ཆེར་དེབ་ནང་དུ་གང་བྲིས་པ་ཆ་ཚང་ཞིག་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ལེན་ཡོད་པ་ལྟ་བུ་བྱས་ན་དེ་ཏག་ཏག་སྡོད་ཀྱི་མ་རེད། དེར་གཟབ་གཟབ་གནང་དགོས་རེད། འདི་ད་རིང་བརྒྱུད་ལམ་ཐོག་ནས་གསལ་པོ་ཞིག་ཞུས་ན་མ་གཏོགས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཕེབས་ནས་དེབ་དབུ་འབྱེད་གནང་བ་ཡིན་ན་དེའི་ནང་དོན་ཚང་མར་ངོས་ལེན་ཡོད་པ་རེད་ཅེས་ཏག་ཏག་བསྡད་ཀྱི་མ་རེད། འདི་ཐུགས་ལ་འཇོག་རོགས་གནང་། དེ་རིང་དཔེ་མཛོད་ཀྱི་ངོས་ནས་ཚོགས་ཁང་གསར་པ་འདིའི་ནང་དུ་གཏམ་བཤད་དང་པོ་བྱ་རྒྱུའི་གོ་སྐབས་གནང་བ་དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་བཅས་གསུངས།།