དགེ་ལུགས་སྤྱི་འཐུས་གཉིས་རྒྱུན་ལས་ནས་བརྗེ་ལེན་གནང་བ།

དགེ་ལུགས་སྤྱི་འཐུས་གཉིས་རྒྱུན་ལས་ནས་བརྗེ་ལེན་གནང་བ།

བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་ལས་རྒྱུན་ནི་ལོ་གཅིག་གི་རིང་ཡིན་ཞིང་། pic copyསྤྱི་འཐུས་སྐབས་ ༡༥ པའི་རྒྱུན་ལས་ཚོགས་ཆུང་སྐབས་ ༣ པའི་ལས་རྒྱུན་འདི་བཞིན་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡ ཉིན་འཕོས་ཀྱི་ཡོད་པ་དེ་ལྟར་ཡང་། དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་དགོས་ཀྱི་དབང་གིས་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་རྒྱུན་ལས་སྔ་བསྣུར་གྱིས་འཕོས་ཏེ་ཁོང་གི་ཚབ་ཏུ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་རྒྱུན་ལས་སུ་ཕེབས་ཡོད།

ཁོང་རྣམ་པ་གཉིས་འཕོ་ལེན་གནང་བ་ལྟར་ཕེབས་བསུ་སྐྱེལ་སླད་སྤྱི་འཐུས་ལྷན་ཁང་དུ་ཇ་སྟོན་ཞིག་ཀྱང་བཤམས་འབུལ་གནང་ཡོད་པ་རེད།

 

atuk1

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག

rog

སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག

Menu