ཐེ་ཝན་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་དབུ་འཛུགས་གནང་བ།

ཐེ་ཝན་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་དབུ་འཛུགས་གནང་བ།ཐེ་ཝན་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་དབུ་འཛུགས་གནང་བ།
༢༠༡༢ ཟླ་ ༩ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢ བོད་མང་གཙོའི་དུས་ཆེན་ཉིན། ཐེ་ཝན་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་ཡོད། དེ་ཡང་ཉིན་དེའི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་ལུང་ཧྲན་དགོན་པའི་ཐང་ཆེན་མདུན་ཐེ་ཝན་དུ་གནས་སྡོད་བོད་མི་དང་བོད་དོན་ རྒྱབ་སྐྱོར་གནང་མཁན་མི་གྲངས་སུམ་ཅུ་ལྷག་མཉམ་འཛོམས་ཐོག་གསར་འགོད་ལྷན་ཚོགས་ ཤིག་སྐོང་ཚོགས་གནང་སྟེ་ཐོག་མར་སྨོན་ལམ་གསུང་འདོན་དང་། དེ་རྗེས་ཐེ་ཝན་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། ཐེ་ཝན་བོད་ཀྱི་གྲོགས་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ནས་བོད་མིར་རྒྱབ་སྐྱོར་ བྱེད་དགོས་པའི་རྒྱུ་མཚན་དང་། རྒྱ་གཞུང་གིས་མུ་མཐུད་བོད་མིར་དྲག་གནོན་བྱས་དང་བྱེད་མུས་ཡིན་པ་དེ་འཛམ་གླིང་ མི་མང་གིས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་སོགས་ཀྱི་གཏམ་བཤད་གནང་ཡོད། དེ་ནས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ནང་བོད་མིས་ བོད་བསྟན་པ་ཆབ་སྲིད་དོན་དུ་རང་ལུས་བློས་གཏོང་གནང་བའི་སྙིང་སྟོབས་རང་དབང་ ལུང་པར་ཡོད་པའི་བོད་མི་ཚོས་བརྗེད་མི་རུང་ལ། ཁོང་ཚོའི་རེ་འདོད་མ་འགྲུབ་པ་རྣམས་ང་ཚོས་རྒྱུན་འཁྱོངས་བྱེད་དགོས་པ་སོགས་ གསུང་བཤད་གནང་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གྲུབ་མཚམས་དོན་གཅོད་ཟླ་ བ་ཚེ་རིང་ལགས་ཀྱིས་བདེན་པའི་མེ་ལྕེ་ཐེ་ཝན་བོད་ཀྱི་གྲོགས་པོའི་མཐུན་ཚོགས་ ཀྱི་ཚོགས་གཞོན་ཡཱང་གྲན་ཀྲན་ལ་སྤྲད་དེ་རྒྱལ་ས་ཐེ་པེ་གྲོང་ཁྱེར་ནང་གོམ་བགྲོས་ འགོ་འཛུགས་གནང་། ལམ་བར་བདེན་པའི་མེ་ལྕེ་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་།
ཐེ་ཝན་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་དབུ་འཛུགས་གནང་བ།ཐེ་ཝན་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་དབུ་འཛུགས་གནང་བ།ས་གནས་བོད་ཀྱི་གཞོན་ནུའི་ཚོགས་མིར་རིམ་པས་བརྒྱུད་སྤྲོད་གནང་སྟེ། མཐར་རང་དབང་ཐང་ཆེན་དུ་འབྱོར་མཚམས་བདེན་པའི་མེ་ལྕེ་བོད་རིགས་ཚོགས་པའི་ཚོགས་ གཙོ་དགྲ་བཅོམ་པ་ལགས་ཀྱིས་རྩིས་ལེན་གནང་། ཆུ་ཚོད་ ༡༠ པའི་ཐོག་བོད་རིགས་ཚོགས་པའི་ཚོགས་གཙོ་དང་། ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ། ས་གནས་བོད་མི་གྲངས་བརྒྱད་ཀྱིས་སྦག་སྦག་བཞི་བཏང་སྟེ་ཉིན་གྲངས་བཞིའི་རིང་ཐེ་ ཝན་རྒྱལ་ཡོངས་སུ་སྐོར་བསྐྱོད་གནང་སྟེ་བོད་དོན་ངོ་སྤྲོད་གནང་རྒྱུ་ཡིན་འདུག དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་སྦག་སྦག་གཏོང་མཁན་རྣམས་ལ་མཇལ་དར་གཡོགས་པ་ དང་། སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པས་མཉམ་དུ་སྦག་སྦག་གཏོང་སྟེ་རྒྱལ་ས་ཐེ་ པེ་ས་ཚིགས་བར་ཕེབས་སྐྱེལ་དུ་བསྐྱོད་ཡོད། དུས་མཚུངས་དེ་ཉིན་ས་གནས་མི་མང་གི་ས་ཡིག་བསྡུ་རུབ་སོགས་ཞུས་ཏེ། ཐེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་བརྙན་འཕྲིན་དང་ཚགས་ཤོག་ཐོག་གནས་ཚུལ་སྤེལ་ ཐོན་བྱུང་ནས་བོད་དོན་ངོ་སྤྲོད་རྒྱ་ཆེ་བྱུང་ཡོད་པ་བཅས།།