ཐེ་ཝན་ཁུལ་དུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོར་སྤྱི་ལྷན་གྱི་སྐུ་ཚབ་ཚོགས་ཆུང་ལྷན་བཞུགས་གནང་བ་།

Photo2 (2)ཟླ་ ༡༢ ཚེས་ ༡༠ ཉིན་ཐེ་ཝན་རྒྱལ་ས་ཐེ་པེ་རུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཚོམས་ཆེན་ནང་ཚོགས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ཧྲིལ་པོ་ ༢༥ འཁོར་བའི་གཞུང་འབྲེལ་མཛད་སྒོར་ཐེ་ཝན་ནང་དེང་སྐབས་ཐེ་ལྦན་དུ་ཕེབས་ཡོད་པའི་བོད་མི་མང་སྤྱི་ལྷན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་སྤྱི་ལྷན་གྱི་སྐུ་ཚབ་ཚོགས་ཆུང་ཡང་མཉམ་ཞུགས་གནང་ཡོད་པ་རེད།

དེ་ཉིན་ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་མཛད་སྒོ་དངོས་གཞི་ཚོགས་ཡོད་པ་དང། དེའི་ཐོག་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་བླ་སྤྲུལ་དགེ་བཤེས་དང་། བོད་མི། ཐེ་ཝན་རྒྱ་རིགས་བཅས་མང་ཚོགས་ ༡༠༠ ལྷག་འདུ་འཛོམས་གནང་ཡོད་པ་དང་། མཛད་སྒོའི་ཐོག་མར་ཐེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ནས་བོད་རིགས་ཚོགས་པའི་དམིགས་ཡུལ་དང་ལས་དོན་ཁག་ངོ་སྤྲོད་གནང་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྤྱི་ལྷན་ཚོགས་གཞོན་མཆོག་ནས་དུས་ཆེན་ངོ་སྤྲོད་སྤྱི་དང་། ལྷག་པར་བོད་Photo1 (2)ནང་གི་ད་ལྟའི་ཛ་དྲག་གནས་སྟངས། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བཅས་ངོ་སྤྲོད་གནང་ཡོད་པ་རེད། དེ་རྗེས་ཐེ་ཝན་རྒྱ་རིགས་མང་ཚོགས་ལ་དྲི་བ་དྲིས་ལན་གྱི་གོ་སྐབས་གནང་སྟེ་དོགས་འདྲི་ཁག་ལ་སྤྱི་འཐུས་རྣམ་པས་ལན་འདེབས་གསལ་བཤད་གནང་ཡོད་པ་རེད།Photo4

མཛད་སྒོ་དངོས་གཞི་གྲོལ་རྗེས་ཉིན་རྒྱབ་ཏུ་སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་དང་བོད་མི་མང་ཚོགས་ལྷན་བཞུགས་མོལ་ཚོགས་འདུ་ཞིག་གནང་ཡོད་པ་དང་། སྐབས་དེར་དང་ཐོག་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་དང་། བོད་ཀྱི་མང་གཙོའི་འཕེལ་རིམ་བཅས་ཀྱི་ཐོག་ངོ་སྤྲོད་དང་། དེ་ནས་རིམ་བཞིན་སྤྱི་འཐུས་རྒྱ་རི་བུ་ཕྲུག་མཆོག་དང་། སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག། སྤྱི་འཐུས་རྨོག་རུ་བསྟན་པ་མཆོག་བཅས་ནས་བོད་མིའི་གནད་དོན་དང་། ༸གོང་ས་མཆོག་གི་མཛད་འཕྲིན། རྡོག་རྩ་ཆིག་སྒྲིལ་དགོས་པ་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་རེད། དེ་རྗེས་དྲི་བ་དྲིས་ལན་གང་འཚམས་གནང་སྟེ། དོགས་འདྲི་ཁག་ལ་སྤྱི་འཐུས་རྣམ་པས་རིམ་བཞིན་ལན་འདེབས་གསལ་བཤད་ཀྱང་གནང་ཡོད་པ་དང། མཐའ་བསྡོམས་སུ་དོན་གཅོད་ལས་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་རེད།

དེ་ནས་དགོང་དྲོ་ཆུ་ཚོད་ ༦།༣༠ ནས་ ༩།༠༠ བར་ཐེ་ཝན་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ ༡༢ ཀྱི་ཚོགས་གཙོ་འགན་འཛིན་སོགས་སྐུ་ཚབ་འཐུས་མི་ ༤༠ ཙམ་གྱི་ལྷན་འགྲོ་བ་མིའི་ཐོབ་ཐང་སྤྱི་དང། བོད་དོན་སྤྱི་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་སྐོར་ཕན་ཚུན་སྦྱང་བཤད་གྲོས་བསྡུར་ལྷུགས་པོ་གནང་ཡོད་པ་རེད། དང་ཐོག་Taiwan MPཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Chu Wang-Ling མཆོག་ནས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང་། དེ་རྗེས་ཚོགས་གཞོན་མཆོག་ནས་བོད་ནང་གི་ད་ལྟའི་ཡ་ང་བའི་གནས་སྟངས་ངོ་སྤྲོད་གནང་ཡོད་པ་དང་། དེ་ནས་ཚོགས་པ་ཁག་གི་སྐུ་ཚབ་ཁག་ཅིག་ནས་བོད་ནང་གི་ད་ལྟའི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་བཤད་སོགས་གནང་ཡོད་པ་རེད། དེ་ནས་སྤྱི་འཐུས་རྣམ་པ་ཆ་བགོས་ཀྱིས་ཚོགས་པ་སྒྲིག་འཛུགས་ཁག་གི་སྐུ་ཚབ་མཉམ་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་རེད།

ད་རེས་ཀྱི་ཚོགས་འདུ་འདིའི་ནང་ཐེ་ཝན་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་། ཐེ་ཝན་ངལ་རྩོལ་ཚོགས་པ། འགྲོ་བ་མིའི་ལྟ་རྟོག་ཚོགས་པ། ཐེ་ཝན་གཞི་རིམ་ཞི་བདེ་ཚོགས་པ། ཐེ་བོད་མཛའ་འབྲེལ་ཚོགས་པ། ཐེ་ཝན་བོད་རིགས་ཚོགས་པ་སོགས་ཚོགས་སྡེ་ཁག་བཅུ་གཉིས་ལྷག་གི་ཚོགས་གཙོ་དPhoto5ང་སྐུ་ཚབ་མཉམ་ཞུགས་གནང་ཡོད་པ་རེད། སྐབས་དེར་ཚོགས་པ་སྒྲིག་འཛུགས་རེ་རེར་རང་ལུས་མེར་བསྲེགས་གཙོ་གྱུར་ད་ལྟའི་བོད་ནང་གི་གནས་སྟངས་དང་། བོད་མིའི་དགོས་འདུན་ཡོད་པའི་འབོད་སྐུལ་ཡིག་ཆ་ཁག་འབུལ་ལམ་ཞུས་ཏེ་བོད་དོན་ཐོག་སྔར་བཞིན་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་ཡོད་པ་རེད།

གོང་གསལ་ལས་རིམ་ནང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་མཆོག་དང་། སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང་མཆོག། དོན་གཅོད་ལས་ཁུངས་ཀྱི་སྐུ་ཚབ་བཅས་ནས་ལྷན་བཞུགས་གནང་ཡོད་པའི་གནས་ཚུལ་དུ་།       སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༢ ཚེས་  ༡༥ ལ་།

Menu