ཐཡེ་ལཎཌ་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་སྐུ་ཚབ་ཚོགས་ཆུང་ཐེངས་དང་པོར་ཕེབས་པ།

དེ་ཡང་ཟླ་ ༡༢ ཚེས་ ༡༤ ཉིན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུ་འཁྲིད་པའི་སྤྱི་འཐུས་རྒྱ་རི་བུ་ཕྲུག་མཆོག་དང་། སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག སྤྱི་འཐུས་རྨོག་རུ་བསྟན་པ་མཆོག་བཅས་ལས་གྲུབ་པའི་སྤྱི་ལྷན་ཚོགས་ཆུང་ནས་ཐེ་ཝན་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ། དེ་ཉིན་ཕྱི་དྲོ་ཐཡེ་ལེཎཌ་རྒྱལ་ས་སྦེང་ཀོག་ཏུ་འབྱོར་བ་དང་། ཕྱི་ཚེས་ ༡༥ཞོགས་པ་ཆུ་ཚོད་ ༡༠།༣༠ ཐོག་དེ་ཁུལ་སྙན་གྲགས་ཆེ་བའི་སྤྱི་ཚོགས་ཞབས་ཞུ་བ་དང་། རྩོམ་པ་པོ། མང་གཙོའི་ལས་འགུལ་བ། ལོ་མང་རིང་བོད་པའི་གྲོགས་པོ་སྐུ་ཞབས་ཨར་ཇན་སུ་ལཀ་སི་ཝ་རཤ་ (Arjan Sulak Sivaraksa) མཆོག་མཇལ་འཕྲད་དང་། སྐབས་དེར་ཚོགས་གཞོན་མཆོག་ནས་བོད་ནང་གི་ད་ལྟའི་གནས་སྟངས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན། ཁུལ་དེར་སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་བཅར་དགོས་པའི་གནད་དོན་བཅས་ངོ་སྤྲོད་ཀྱིས་བོད་ཀྱི་དཀའ་རྙོག་མ་སེལ་བར་མུ་མཐུད་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་ཞུ་སྐུལ་གནང་ཡོད་པ་མ་ཟད། བོད་ཀྱི་གནད་དོན་སྤྱི་དང་། རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མིའི་དཀའ་ངལ་བཅས་ཀྱི་ཐོག་ཕན་ཚུན་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད།

དེ་རྗེས་སྤྱི་ལྷན་སྐུ་ཚབ་རྣམ་པ་ཁུལ་དེར་རྟེན་གཞི་བྱས་པའི་ནང་Sulak Sivaraksaདགོན་རྙིང་གྲས་ཤིག་ཏུ་གནས་གཟིགས་དང་། དེ་གའི་སྤྱི་ཚོགས་ཞབས་ཞུ་བ་དགེ་སློང་སྐུ་ཞབས་ Win Mektropop མཆོག་མཇལ་འཕྲད་ཀྱིས་ཁོང་གི་ཕྱག་ལས་རྒྱུས་ལོན་དང་། སྤྱི་ལྷན་ཚོགས་གཞོན་མཆོག་ནས་ཁོང་ལ་༸གོང་ས་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས། རང་ལུས་མེར་བསྲེགས་ཀྱིས་མཚོན་བོད་ནང་གི་ད་ལྟའི་གནས་སྟངས་བཅས་ངོ་སྤྲོད་གནང་ཡོད་པ་རེད། སྐབས་དེར་སྤྱི་འཐུས་རྣམ་པས་བོད་ནང་རྒྱའི་སྲིད་བྱུས་འོག་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་སོགས་ཀྱི་རང་དབང་ཏིལ་འབྲུ་ཙམ་ཡང་མེད་པར་སོང་། ཐཡེ་ལེཎཌ་ནི་ནང་པའི་རྒྱལ་ཁབ་ཞིག་ཡིན་དུས་གནད་དོན་དེ་དག་ཐོག་དམིགས་བསལ་འགན་འཁུར་བཞེས་གནང་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་ཡོད་པ་རེད།

དེ་ནས་སྤྱི་ལྷན་སྐུ་ཚབ་ཀྱིས་ཁུལ་དེར་རྟེན་གཞི་བྱས་པའི་ནང་ཆོས་གཙོ་གྱུར་སྲོལ་རྒྱུན་སློབ་སྦྱོང་ཐོག་དམིགས་བསལ་འགན་འཁུར་བཞེས་མཁན་དགེ་སློང་ Phra Sangkom མཆོག་དང་མཇལ་འཕྲད་ཀྱིས་གོང་བཞིན་བོད་དོན་ངོ་སྤྲོད་དང་།ཁོང་གི་ཕྱག་ལས་རྒྱུས་ལོན་སོགས་གནང་སྟེ། ཕན་ཚུན་གོ་བསྡུར་སྦྱང་བཤད་མཐིལ་ཕྱིན་གནང་ཡོད་པ་རེད།

ཕྱི་ཚེས་ ༡༦ ཉིན་ཞོགས་པ་ཆུ་ཚོད་ ༡༠།༣༠ ནས་ཆུ་ཚོད་གཉིས་ལྷག་རིང་ཁུལ་དེར་གནས་སྡོད་རྒྱ་རིགས་སྐུ་ཞབས་ Cheng Weimin ལགས་དང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་གཉིས་ཀྱིས་གཙོ་སྐྱོང་འོག་དེ་ཁུལ་གནས་སྡོད་རྒྱ་རིགས་ཉི་ཤུ་ཙམ་གྱི་ལྷན་བོད་དོན་ངོ་སྤྲོད་དང་ཕན་ཚུན་སྦྱང་བཤད་ཀྱི་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། སྐུ་ཞབས་ Cheng Weimin ལགས་ནས་སྤྱི་ལྷན་ཚོགས་གཞོན་མཆོག་དང་སྤྱི་འཐུས་རྣམ་པར་ཕེབས་བསུ་དང་ཚོགས་འདུའི་ངོ་སྤྲོད་གནང་ཡོད་པ་རེད། དེ་ནས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་། ༸གོང་ས་མཆོག་གི་རྒྱ་རིགས་ལ་འཛིན་པའི་ཐུགས་བརྩེ། བོད་ནང་ད་ལྟའི་གནསThai Monks་སྟངས། བོད་རྒྱའི་དཀའ་རྙོག དབུ་མའི་ལམ་གྱི་སྲིད་བྱུས་བཅས་ངོ་སྤྲོད་མཐིལ་ཕྱིན་གནང་ཡོད་པ་རེད། དེ་ནས་སྤྱི་འཐུས་རྣམ་པ་དང་། ཚོགས་བཅར་བ་རྒྱ་རིགས་ཕན་ཚུན་དབར་བོད་རྒྱའི་གནད་དོན་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད།སྐབས་དེར་རྒྱ་རིགས་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་། བོད་མིའི་བདེན་པའི་འཐབ་རྩོད་ལ་ཡིད་ཆེས་དང་གདུང་སེམས་མཉམ་བསྐྱེད་ཡོད་པའི་ཚོར་བ་ཡང་ཤུགས་ཆེ་བསྟན་གནང་ཡོད།

དེ་ནས་སྤྱི་ལྷན་ཚོགས་གཞོན་མཆོག་ནས་མཇུག་བསྡུའི་གསུང་བཤད་གནང་སྐབས་ཚོགས་འདུ་གོ་སྒྲིག་གནང་མཁན་དང་ཚོགས་འདུར་ཕེབས་པའི་རྒྱ་རིགས་རྣམས་ལ་ཐུགས་རྗེ་ཆེ་ཞུ་དང་། སླད་མར་མུ་མཐུད་འདི་ལྟ་བུའི་ཚོགས་འདུའི་ལམ་ནས་བོད་དོན་དྲིལ་བསྒྲགས་གནང་དགོས་པའི་རེ་འདུན་ཡང་བཏོན་གནང་ཡོད་པ་མ་ཟད། དེ་ནས་འདི་ལོ་རྒྱ་གར་བ་སྐུ་ཞབས་Kailash Satyathi མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་སྐབས་དངོས་སུ་གཟེངས་རྟགས་བཞེས་སུ་བཅར་ཐུབ་ཡོད་ཀྱང་། ཕྱི་ལོ་ ༢༠༡༠ ལོའི་གཟེངས་རྟགས་བཞེས་མཁན་རྒྱ་རིགས་ལིའུ་ཞའོ་པོ་གཟེངས་རྟགས་བཞེས་སུ་བཅར་ཐུབ་མེད་པའི་ཁར། ད་ལྟའང་རྒྱའི་བཙོན་ཁང་ནང་དཀའ་སྡུག་མྱང་བཞིན་པའི་གནས་སྟངས་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་དཔེ་མཚོན་ཡིན་པ་སོགས་ངོ་སྤྲོད་གནང་ཡོད་པ་རེད།

ཚོགས་འདུའི་མཐའ་བསྡོམས་སུ་རྒྱ་རིགས་སྐུ་ཞབས་ Cheng Weimin ལགས་ནས་ད་རེས་འདི་ལྟ་བུའི་ཚོགས་འདུའི་ལམ་བོད་མིའི་དཀའ་སྡུག་ཐོག་སྦྱང་བཤད་དང་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུའི་གོ་སྐབས་ཐོབ་པར་དགའ་ཚོར་གྱི་རྣམ་པ་ཤུགས་ཆེ་བཏོན་གནང་ཡོད། ད་རེས་ཀྱི་ཚོགས་འདུའི་ནང་རྒྱ་རིགས་དགེ་རྒན་དང་། ཁྲིམས་དཔོན་ཟུར་པ། སློབ་གཉེར་བ། གསར་འགོད་པ་ཟུར་པ། ཚོང་པ། ཡེ་ཤུའི་ཆོས་པ་བཅས་ཕྱི་སྡོད་རྒྱ་རིགས་བཅས་ཁྱོན་ ༢༠ ཙམ་ནས་མཉམ་ཞུགས་གནང་ཡོད་པ་དང་། ཕན་ཚུན་གནས་ཚུལ་སྦྱང་བཤད་གོ་བསྡུར་བྱེWith Chinese Groupད་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད།

མདོར་ན་ད་རེས་སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ནས་བདུན་ཕྲག་གཅིག་ལྷག་རིང་ཐེ་ཝན་དང་། ཐཡེ་ལེཎཌ་རྒྱལ་ཁབ་གཉིས་ནང་གཞུང་དོན་ཕྱོགས་ཕེབས་ཀྱིས་བོད་དོན་ཞུ་སྐུལ་གྱི་མཛད་རིམ་ཁག་ལེགས་པར་ཟིན་ཏེ་ཕྱི་ཚེས་ ༡༦ ཕྱི་དྲོ་རྒྱ་གར་ཕྱོགས་སུ་ཕེབས་ཐོན་གནང་ཡོད་པ་རེད།