ཐའེ་ལྦན་གྱི་སྲིད་འཛིན་གསར་པ་བདམས་ཐོན་ལ་བོད་མི་མང་སྤྱི་འཐུས་ཚོགས་ནས་མཚམས་འདྲི་ཞུས་པ།

47260045.cms_ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གསར་དུ་བདམས་ཐོན་བྱུང་བའི་ཐའེ་ལྦན་གྱི་སྲིད་འཛིན་ལྕམ་ Tsai Ing-wen མཆོག་དང་། ཁོང་གི་ཚོགས་པར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྒྱལ་ཁ་ཐོབ་པར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ། འཚམས་འདྲི་ཞུ་སྙན་ནང་ཐའེ་ཝན་གྱི་མང་གཙོའི་སྲིད་གཞུང་ནང་སྲིད་འཛིན་གྱི་གོ་གནས་ཐོག་བེུད་ཅིག་འོས་འདེམས་བྱུང་བ་དང་པོ་ཡིན་པས་དེ་ནི་ལོ་རྒྱུས་ཀྱི་མཚམས་རྟགས་ཤིག་ཆགས་ཡོད་ཅིང་། ལྕམ་སྐུ་མཆོག་གི་ནུས་སྟོབས་ལྡན་པའི་དབུ་ཁྲིད་འོག་མང་གཙོ་ཡར་ཐོན་ཚོགས་པར་འོས་ཤོག་ཐོབ་པ་ནི་ཐའེ་ཝན་མི་མང་ལ་རྒྱལ་ཁ་ཞིག་དང་། འཛམ་གླིང་ཡུལ་གྲུ་ཀུན་ཏུ་མང་གཙོའི་སྤྱི་ཚོགས་ཚང་མར་བློ་སྟོབས་འཕེལ་གཞི་ཞིག་ཡིན་པ། དེ་སྔ་ལྕམ་སྐུ་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། སྐུ་ཉིད་ཀྱི་ཚོགས་པས་བོད་མིའི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བ་བཅས་ལ་ང་ཚོ་དགའ་ཚོར་ཆེན་པོ་ཡོད་པ། དུས་རབས་གསར་པ་འདིར་ལྕམ་སྐུ་མཆོག་གི་འཇོན་ནུས་ལྡན་པའི་དབུ་ཁྲིད་འོག་ཐའེ་ཝན་དུ་རང་དབང་དང་། བདེ་སྐྱིད་ཕུན་སུམ་ཚོགས་པ།ཞི་བདེ་བཅས་བསྐྲུན་ཐུབ་རྒྱུར་ང་ཚོས་ཡིད་ཆེས་ཆེན་པོ་ཞུ་བཞིན་ཡོད་པ།ཁོང་དབུ་ཁྲིད་གནང་བའི་གཞུང་གསར་པས་བོད་ཀྱི་གནད་དོན་འདི་བཞིན་གལ་ཆེ་དོན་ཆེར་གཟིགས་ནས་སྔར་ལས་ལྷག་པའི་བརྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུས་ཡོད་པ་བཅས་ཀྱི་གནས་ཚུལ་དུ།

Menu