ཉེ་ཆར་བོད་ནས་གསར་དུ་ཕེབས་པའི་ན་གཞོན་སེར་སྐྱ་ཁག་གཅིག་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༧ ཉིན་ཉེ་ཆར་བོད་ནས་གསར་དུ་ཕེབས་པའི་བོད་མི་གསེར་སྐྱ་ན་གཞོན་ཉི་ཤུ་ཐམ་པ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ཁག་ངོ་སྤྲོད་ཆེད་གཟིགས་སྐོར་དུ་ཕེབས་པ་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་དེ་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༤༠ ཐོག་ཕེབས་པར་དཔལ་ལྡན་ཚོགས་གཞོན་མཆོག་ནས་ཁོང་རྣམ་པ་ཚོར་འཚམས་འདྲིའི་མཇལ་དར་སྒྲོན་གནང་ཞིང་། དེ་ནས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུ་འཁྲིད་གནང་གིས་ཁོང་ཚོར་བོད་མི་མང་སྤྱི་ལྷན་ཚོགས་དང་། གྲོས་ཚོགས་ཀྱི་ལས་དོན་གནང་ཕྱོགས་སོགས་ཀྱི་ངོ་སྤྲོད་གནང་ཡོད་པ་མ་ཟད། ཁོང་ཚོའི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་བཙན་བྱོལ་བོད་གཞུང་ནས་མཐུན་རྐྱེན་སྦྱོར་སྤྲོད་གནང་བ་རྣམས་གོ་སྐབས་ལེན་དགོས་པ་དང་འབྲེལ་བའི་སྐོར་ལའང་ལམ་སྟོན་གནང་ཡོད་པའི་གནས་ཚུལ་དུ།།