ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་བོད་རིགས་གཞོན་སྐྱེས་ཁྲོད་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་གོ་རྟོགས་གོང་འཕེལ་གཏོང་བའི་ལས་རིམ་དུ་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གདན་ཞུས་ལྟར་ཕེབས་རྒྱུ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ལྟར་བོད་རིགས་གཞོན་སྐྱེས་ཁྲོད་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་གོ་རྟོགས་གོང་འཕེལ་གཏོང་བའི་དམིགས་ཡུལ་དུ་ཧུན་སུར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་འགྲོ་བཞིན་པའི་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་ཀྱི་ལས་རིམ་ནང་ཟླ་རེར་ཐེངས་རེ་ཕྱི་ནས་ཆོས་བརྒྱུད་རིས་སུ་མ་ཆད་པའི་མཁས་པ་རེ་གདན་འདྲེན་གྱིས་གསུང་བཤད་གོ་སྒྲིག་གནང་བཞིན་ཡོད་པ་ལྟར། ཧུན་སུར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་ཚོགས་བཞིན་པའི་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡ ནས་ཟླ་ ༡༢ ཚེས་ ༣༡ བར་གྱི་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་ཐེངས་གཉིས་པའི་ཐོག་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གདན་ཞུས་ཀྱིས་ཟབ་སྦྱོང་བ་རྣམས་ལ་གཡུང་དྲུང་བོན་གྱི་བསྟན་འབྱུང་དང། གཞི་ལམ་འབྲས་གསུམ། ཐེག་པ་རིམ་དགུ་བཅས་ཀྱི་སྐོར་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་རྒྱུའི་ཆེད་ཕེབས་འཐུས་ཆོག་པ་ཞེས་ཆོས་རིག་ལས་ཁུངས་ནས་སྙན་གསན་བྱུང་དོན་བཞིན། ཟླ་འདིའི་ནང་གཞུང་འབྲེལ་ཕེབས་རྒྱུ་ཡིན་པའི་གནས་ཚུལ་དུ།
ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༥ ལ།།

Menu