ཅན་རྡི་སྒར་དུ་བོད་དོན་ཞུ་གཏུགས་ལས་འགུལ།

 

ཅན་རྡི་སྒར་དུ་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་བའི་སྐབས།ཅན་རྡི་སྒར་དུ་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་བའི་སྐབས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་ཏུ་ཞུ་གཏུགས་ལས་འགུལ་ཚོགས་མི་རྣམས་བཀའ་སྤྱི་གཉིས་ཀྱི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཆེན་མོ་དང་། ཕྱི་ཚེས་༣ ཉིན་གྱི་སྤྱི་འཐུས་ལྷན་ཚོགས་ཀྱི་ནང་མོལ་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་རྗེས་པན་ཇབ་དང་། ཧ་རུ་ཡ་ན་མངའ་སྡེ་གཉིས་ཀྱི་རྒྱལ་སའི་ལྟེ་བ་གྲོང་ཁྱེར་ཅན་རྡུ་སྒར་(Chandigarh) ཏུ་འབྱོར་ཏེ་ཉིན་གཉིས་རིང་རྒྱ་གར་གྱི་མངའ་སྡེ་བློན་ཆེན་ཁག་དང་། གྲོས་ཚོགས་འཐུས་མི། ཚོགས་སྡེ་ཁག་གི་འགན་འཛིན་དང་སྐུ་ཚབ་སོགས་སུ་ཡིག་ངག་གཉིས་ཀྱི་ཐོག་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

ཅན་རྡི་སྒར་དུ་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་བའི་སྐབས།ཅན་རྡི་སྒར་དུ་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་བའི་སྐབས།

ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་དང་། སྤྱི་འཐུས་ཐུབ་བསྟན་ལུང་རིགས། སྤྱི་འཐུས་གངས་ལྷ་མོ། སྤྱི་འཐུས་རྨོག་རུ་བསྟན་པ་སོགས་ཀྱིས་སང་ཉིན་ནས་མུ་མཐུད་དཔོན་རིགས་ཁག་ལ་ཞུ་གཏུག་དང་། གསར་འགོད་གསལ་བསྒྲགས། མར་མེ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་འཆར་ཡོད་འདུག

ཅན་རྡི་སྒར་དུ་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་བའི་སྐབས།ཅན་རྡི་སྒར་དུ་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་བའི་སྐབས།

གནས་ཚུལ་མཁོ་གཏོང་བ་རྨོག་རུ་བསྟན་པ།

 

Menu