ང་ཚོས་འདས་པའི་རིང་བོད་དོན་ལ་རྒྱབ་སྐོར་བྱས་པ་ཡིན་ལ། ད་ལྟ་ཡང་རྒྱབ་སྐྱོར་བྱེད་མུས་ཡིན། མ་འོངས་པར་ཡང་རྒྱབ་སྐྱོར་བྱ་ངེས་ཡིན་གསུངས།

 

 

བོད་མི་མང་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་དང་།  སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག སྤྱི་འཐུས་འཇིགས་

མེད་འབྱུང་གནས་མཆོག  སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་བཅས་མ་ཧ་ར་སི་ཏྲིལ་མངའ་སྡེ་ཡི་རྒྱལ་ས་

བྷོམ་བྷེ་ནས་རྒྱ་གར་གནད་ཡོད་ཆབ་སྲིད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་ཁྱབ་བསྒྲགས་

དང་འབྲེལ་བའི་ལས་འགུལ་སྤེལ་ཡོད་པ་རེད།

ཟླ་ ༩ ཚེས་ ༡ ཉིན་གྱི་སྔ་དྲོ་རྒྱ་གར་རྒྱལ་ཡོངས་ན་གཞོན་ཚོགས་པའི་ཚོགས་གཙོ་ཟུར་པ་དང་ (Milind

Marate) མཆོག་དང་། དབུས་དྲུང་ཆེ་ (Cm Dakkad ) མཆོག་རྣམ་གཉིས་གཙོས་དབུས་ས་གཉིས་ཀྱི་

གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཞུས་ཡོད་པ་རེད།  ཁོང་རྣམ་པས་བོད་དོན་ལ་ཐུགས་སྣང་

ཆེན་པོས་རྒྱབ་སྐྱོར་གནང་བ་མ་ཟད།  ཚོགས་ལ་ཉེ་བའི་རྒྱལ་ཡོངས་ན་གཞོན་ཚོགས་ཆེན་ཐོག་བོད་དོན་

སྐོར་ངེས་པར་དུ་གླེང་སློང་ཐུབ་པ་བྱ་རྒྱུ་ཡིན་སྐོར་དང་།  ང་ཚོའི་ཚོགས་པ་སྐབས་རེ་རྒྱ་ནག་གིས་གཟིགས་

སྐོར་དུ་གདན་འདྲེན་ཞུ་བཞིན་ཡོད་པས་དེའི་སྐབས་སུ་བོད་ནང་གི་གནས་སྟངས་ལ་དོ་སྣང་བྱེད་ཀྱི་ཡིན།

མ་ཟད་འདི་ལྟ་བུའི་བོད་ནང་གི་ཛ་དྲག་གནས་ཚུལ་རྣམས་དུས་ཐོག་ང་ཚོར་བསྐུར་གནང་ཡོང་བ་དང་།

ང་ཚོ་ལ་ཡན་ལག་ཚོགས་པ་ ༧༠༠༠ ལྷག་ཙམ་ཡོད་པ་ཚང་མར་དུས་གཅིག་ཏུ་བསྐུར་ནས་ཁྱབ་བསྒྲགས་

བྱེད་ཆོག་སྐོར་གསུངས་པ་སོགས་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་པ་རེད།   ཉིན་གུང་མངའ་སྡེ་གཞུང་གི་

སྨན་ཁང་དུ་བོད་དོན་རྒྱབ་སྐྱོར་བ་དང་རྩོམ་པ་པོ་( Shirish Ramtake )མཆོག་དང་མཇལ་ཏེ།  ཁོང་ལ་

ཁམས་བདེ་ཞུས་གྲུབ་མཚམས་ཁོང་གི་ལམ་སྟོན་ལྟར་རྒྱ་གར་གྲངས་ཉུང་མི་རིགས་ཀྱི་ཚོགས་གཙོ་དང་།

རྒྱ་གར་རྩ་ཁྲིམས་ནང་གསལ་ལྟར་ནང་པ་དང་འབྲེལ་བའི་ཁྲིམས་ལུགས་གསར་བཟོ་གནང་མཁན་གྱི་ཟིན་

བྲིས་ཚོགས་ཆུང་གི་ཚོགས་གཙོ་( C L Thool )མཆོག་དང་མཇལ་འཕྲད་ཞུས་པར་ཁོང་གིས་གསུངས་དོན།

༸གོང་ས་མཆོག་གི་ལམ་སྟོན་འོག་འཛམ་གླིང་གི་ནང་པ་ཡོངས་རྫོགས་ཀྱིས་བོད་དོན་ཐོག་ཤུགས་རྒྱག་རྒྱུ་

གལ་ཆེ་ཆགས་ཡོད་པ་དང་།  ༸གོང་ས་མཆོག་གི་ལམ་སྟོན་ལ་མི་རྩི་མཁན་ནང་པ་གཅིག་ཀྱང་ཡོད་པ་མ་

རེད་ཅེས་དང་།   གཞན་ཡང་འཛམ་གླིང་ནང་པ་ཡོངས་རྫོགས་གཅིག་གྱུར་བྱ་དགོས་པ་དེ་ཧ་ཅང་གལ་

ཆེན་པོ་ཆགས་འདུག་སྐོར་སོགས་ལམ་སྟོན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བ་རེད།  ཁོང་གི་ལམ་སྟོན་

ལྟར་མངའ་སྡེའི་བློན་ཆེན་( Nitin Ravt )མཆོག་དང་མཇལ་བཅར་ཞུས་ཏེ།  ཁོང་ལ་བོད་དོན་ངོ་སྤྲོད་

དང་སྦྲགས་རྒྱབ་སྐྱོར་གནང་རོགས་ཞུས།  ཁོང་ནི་མངའ་སྡེ་དེའི་ནང་པའི་མི་སྣ་མཐོ་གྲས་ཤིག་ཀྱང་ཡིན་

འདུགཚེས་ ༢ ཉིན་གྱི་སྔ་དྲོ་མངའ་སྡེའི་གཞུང་གི་སྨན་ཁང་དབུ་འཛིན་( Dr J B Bhawani ) མཆོག་

དང་མཇལ།   ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་དང་།  རྗེས་ཕྱོགས་སྨན་ཁང་འདིར་བོད་རིགས་སུ་

འདྲ་ཞིག་བཤག་བཅོས་བྱེད་དུ་འོངས་ཚེ་རིན་མེད་གནང་གི་ཡིན་ལུགས་གསུང་ཡོད་པ་རེད།  དེ་རྗེས་རྒྱ་

གར་དབུས་ཟུང་དྲུང་ཟུར་བ་དང་།  ད་ལྟ་བཟོ་གྲྭ་དང་སློབ་གྲྭ་ཁག་མང་པོའི་སྦྱིན་བདག་གྲགས་ཅན་ཚོང་

པ་( Dr Sachit Tasgaokar )མཆོག་དང་མཇལ་ཏེ་བོད་དོན་ཐོག་ཚོུད་གཅིག་ལྷག་གི་རིང་བགྲོ་གླེང་

གནང་།  ཕྱི་དྲོ་ནང་པའི་མི་སྣ་གྲགས་ཆེན་ (  Dr Ambed Kar  ) མཆོག་གི་ཚ་བོ་ (  Dr Anandraj

Ambedkar )མཆོག་དང་མཇལ་བར།  ཁོང་གིས་གསུངས་དོན། ང་ཚོས་འདས་པའི་རིང་བོད་དོན་ལ་

རྒྱབ་སྐྱོར་བྱས་པ་ཡིན་ལ།  ད་ལྟ་ཡང་བྱེད་བཞིན་ཡོད།  མ་འོངས་པར་ཡང་རྒྱབ་སྐྱོར་བྱ་ངེས་ཡིན་གསུངས།

ཁོང་གིས་མུ་མཐུད་གསུངས་དོན།  ང་ཚོ་ནང་པ་གསར་པ་རེད། ཁྱེད་རང་ཚོ་ནང་པ་རྙིང་པ་རེད། ང་ཚོ་

ལ་ནང་ཆོས་བསླབ་གནང་ཡོང་བའི་རེ་བ་ཆེན་པོ་ཡོད་པ་དང་སྤྱིར་ནང་པ་ཡོངས་རྫོགས་ཕར་ཚུར་འབྲེལ་

བ་བྱེད་རྒྱུ་གལ་ཆེན་འདུག་ཅེས་ཚོར་ཤུགས་ཆེན་པོས་གསུངས་ཡོད་པ་རེད།

ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་རྒྱ་གར་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་( Mr Ramdass Athewale )མཆོག་

དང་མཇལ།  ཁོང་ནི་སྔོན་མ་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་དང་མངའ་སྡེའི་གཞུང་

དམངས་ཀྱིས་ཧ་ཅང་གུས་བརྩི་བྱ་ས་ཞིག་ཀྱང་ཡིན་འདུག  ཉིན་གུང་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་

གཙོ་( Mr Dilip Walse Patel )མཆོག་དང་མཇལ་བས་ཁོང་གིས་ང་ཚོས་བོད་ཀྱི་གནས་ཚུལ་དང་

ཁྱད་པར་བོད་ནང་གི་ཛ་དྲག་གི་གནས་ཚུལ་དེ་དག་ཤེས་ཀྱི་ཡོད་པ་མ་ཟད་ཚང་མ་དབུས་གཞུང་ལ་ཞུ་

ཆོག་ཅེས་གསུངས།

 

 

ཚེས་ ༤ ཉིན་སྔ་དྲོ་( aparess Club Azad Maiden )ns གསར་འགོད་ལྷན་ཚོགས་ཤིག་ཚོགས་པ་དང་།

སྐབས་དེར་བརྒྱུད་ལམ་ཁག་མི་འདྲ་བའི་གསར་འགོད་པ་ ༣༧ ཕེབས་ཡོད་པ་ཚང་མས་ཐུགས་སྣང་ཆེན་པོ་

གནང་བ་མ་ཟད། དྲི་བ་དྲིས་ལན་དང་།  མངའ་སྡེ་ཞུ་གཏུག་གི་སྐོར་ལ་ཕྱོགས་བསྡོམས་དྲི་བ་ཞིག་དགོས་

གལ་མཐོང་གི་འདུག་གསུངས་པ་ལྟར་ཚོགས་ཆུང་གསུམ་ཀའི་མི་སྣའི་ཞལ་པར་ཨང་གྲངས་ཁོང་རྣམས་ལ་

ཕུལ།  དེ་རྗེས་( Gateway House )ཞེས་པའི་ཉམས་ཞིབ་ཁང་གི་ཚོགས་གཙོ་( Dr Rajni Bakshi )

མཆོག་གི་གཙོས་ཉམས་ཞིབ་མི་སྣ་གཙོ་གྲས་བདུན་དང་ལྷན་བོད་དོན་སྤྱི་ཡོངས་ཀྱི་སྐོར་ཚོུད་གཉིས་ལྷག་ལ་

བགྲོ་གླེང་ལྷུག་པོར་གནང་།  ཁོང་རྣམས་ཧ་ཅང་ཐུགས་སྤྲོ་བྱུང་བ་མ་ཟད་ཡུན་རིང་གོ་སྐབས་འདི་འདྲ་ཞིག་

ལ་རེ་སྒུག་ཞུས་པ་ཡིན་སྐོར་གསུངས།  རྗེས་སུ་ཨེ་ཤ་ཡིའི་ནང་ལ་ཉམས་ཞིབ་ཚོགས་ཆེན་ཞིག་ཚོགས་གཏན་

འཁེལ་ཡོད་པས་དེའི་ཐོག་ལ་བོད་ཀྱི་འཐུས་མི་ཞིག་མགྲོན་འབོད་ཞུ་གི་ཡིན།  མ་ཟད་མི་རིང་བར་སྲིད་སྐྱོང་

མཁས་དབང་བློ་བཟང་སེང་གེ་མཆོག་ཉམས་ཞིབ་ཁང་འདིར་གདན་འདྲེན་ཞུ་འཆར་ཡོད་ཅེས་གསུངས།

ཚེས་ ༥ ཉིན་གྱི་སྔ་དྲོ་གསར་འགོད་པ་ཞིག་གིས་ཁྱེད་ཚོའི་གནས་ཚུལ་དེ་ང་ཚོས་གསར་ཁང་གི་ཐུགས་སྣང་

ཆེན་པོ་གནང་གི་འདུག་ན་སླར་ཡང་བཅའ་འདྲི་ཞུ་རྒྱུའི་གོ་སྐབས་ཤིག་གནང་རོགས་ཞེས་འབོད་སྐུལ་བྱུང་

བ་ལྟར་སྤྱི་འཐུས་རྣམ་པས་ཁོང་གི་བཅའ་འདྲི་དང་ལེན་ཞུས།   དེ་རྗེས་མངའ་སྡེའི་ནང་སྲིད་བློན་ཆེན་

( Mr R R Patel )མཆོག་དང་མཇལ་འཕྲད་གནང་།  ཁོང་ནི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་བ་ཡང་

ཡིན་འདུག  ཁོང་ནི་བོད་དོན་སྐོར་ཐུགས་རྒྱུས་ཟབ་མོ་ཡོད་མཁན་ཞིག་ཡིན་པ་དང་། ཁོང་ནས་བོད་མི་

མང་སྤྱི་འཐུས་རྣམ་པར་ཆེ་མཐོང་ཆེན་པོའི་སྒོ་ནས་སྣེ་ལེན་ཞུས་པ་མ་ཟད་བོད་དོན་ཐོག་མུ་མཐུད་རྒྱབ་

སྐྱོར་བྱེད་ཀྱི་ཡིན་ལ་ཁྱེད་ཅག་གི་གསུངས་པའི་གནས་ཚུལ་དེ་དག་རྒྱ་གར་དབུས་གཞུང་ལ་ཞུ་ཆོག་ཅེས་

གསུངས། ད་ལེན་ཞུ་གཏུག་ལས་འགུལ་གྱི་ཁྲོད་ས་ཁུལ་དེའི་རྒྱ་གར་ཆབ་སྲིད་གནད་ཡོད་མི་སྣ་ཚོས་བོད་

དོན་སྐོར་ཧ་ཅང་ཐུགས་སྣང་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

Menu