ང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཀུ་ལུ་དཔལ་རབ་གླིང་ས་འགོའི་ཁྱབ་ཁོངས་སུ་འབྱོར་ནས་སྐོར་བསྐྱོད་ལས་འགུལ་རྩོམ་བཞིན་པ།

བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཀུ་ལུ་དཔལ་རབ་གླིང་ས་འགོའི་ཁྱབ་ཁོངས་སུ་འབྱོར་ནས་སྐོར་བསྐྱོད་ལས་འགུལ་རྩོམ་བཞིན་པ། བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཀུ་ལུ་དཔལ་རབ་གླིང་ས་འགོའི་ཁྱབ་ཁོངས་སུ་འབྱོར་ནས་སྐོར་བསྐྱོད་ལས་འགུལ་རྩོམ་བཞིན་པ།༄༅། །དེ་ཡང་ཀུ་ལུ་དཔལ་རབ་གླིང་ས་གནས་འགོ་འཛིན་ལས་ཁང་གི་ལས་དྲུང་ནས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་དོན་དུ། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༤ ཞོགས་པ་ཆུ་ཚོད་ ༨་༣༠ ཐོག་ཀུ་ལུ་དཔལ་རབ་གླིང་ཁྱབ་ཁོངས་ས་འཐུས་ཚོགས་གཙོ་དང་ས་གནས་འགོ་འཛིན་གཙོས་ལས་སྣེ་ཡོངས་རྫོགས་མན་ཌི་དང་ཀུ་ལུའི་ས་མཚམས་བྷ་ཇུ་རར་(Bajaura)ཆེད་ཕེབས་ཀྱིས་མན་ཌི་ས་གནས་འགོ་འཛིན་ལས་ཚབ་ནས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་། དེ་གར་དེ་གའི་ས་གནས་འགོ་འཛིན་མཆོག་ནས་ཨེ་ཨེན་ཨ་ཡི་(ANI Channel) དང་། ས་གནས་བརྙན་འཕྲིན་(Local Channel)བཅས་ལ་བདེན་པའི་མེ་ལྕེའི་སྐོར་བསྐྱོད་སྐོར་གསལ་བཤད་གནང་བའི་རྗེས་ཀུ་ལུར་ཤར་ཐོན་གནང་བར་ཆུ་ཚོད་ ༡༡ ཐོག་དཔལ་རབ་གླིང་དུ་འབྱོར། དེ་གར་མཛད་སྒོ་ཚོགས་པ་དང་དེ་རྗེས་ཆུ་ཚོད་ ༥ བར་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་བ་བཅས་ཉིན་དང་པོར་དེ་ཙམ་བྱུང་འདུག ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༥ སྔ་དྲོ་ཆུ་ཚོད་ ༦་༡༠ སྟེང་བདེན་པའི་མེ་ལྕེ་རོ་ཐང་བར་སྐོར་བསྐྱོད་ཀྱིས་དེར་བསངས་གསོལ་གནང་བའི་རྗེས་ས་རྟགས་བསྡུ་རུབ་ཞུས། དེ་སྨ་རི་ལ་དང་སོ་ལང་ན་ལ་བཅས་སུ་སྐོར་བསྐྱོད་ཀྱིས་ས་རྟགས་བསྡུ་རུབ་ཞུས་ཏེ་བདེན་པའི་མེ་ལྕེ་འོན་མངའ་རིས་གྲྭ་ཚང་དུ་གདན་འདྲེན་ཞུས།

བདེན་པའི་མེ་ལྕེ་ཀུ་ལུ་དཔལ་རབ་གླིང་ས་འགོའི་ཁྱབ་ཁོངས་སུ་འབྱོར་བ།བདེན་པའི་མེ་ལྕེ་ཀུ་ལུ་དཔལ་རབ་གླིང་ས་འགོའི་ཁྱབ་ཁོངས་སུ་འབྱོར་བ།

ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༦ ཉིན་ས་གནས་འགོ་འཛིན་གཙོས་ལས་བྱེད་རྣམས་སྔ་དྲོ་ཆུ་ཚོད་ ༧་༣༠ ཐོག་དཔལ་རབ་གླིང་གཞིས་ཆགས་ནས་ཕེབས་ཐོན་གྱིས་མ་ན་ལིར་འབྱོར། དེར་མཛད་རིམ་གཞིར་བཟུང་ཆུ་ཚོད་ ༨་༣༠ ཐོག་ཁྱབ་ཁོངས་སེར་སྐྱ་མི་མང་ཡོངས་རྫོགས་རང་ལུགས་ཆས་གོས་གཟབ་འཆོར་གྱིས་འོན་མངའ་རིས་གྲྭ་ཚང་མདུན་ཐང་དུ་འཛོམས་གྱིས་གྲྭ་ཚང་གིས་ས་འཐུས་ཚོགས་གཙོ་མཆོག་ལ་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་།

བདེན་པའི་མེ་ལྕེ་ཀུ་ལུ་དཔལ་རབ་གླིང་ས་འགོའི་ཁྱབ་ཁོངས་སུ་འབྱོར་བ།བདེན་པའི་མེ་ལྕེ་ཀུ་ལུ་དཔལ་རབ་གླིང་ས་འགོའི་ཁྱབ་ཁོངས་སུ་འབྱོར་བ།

དེ་ནས་མ་ན་ལི་ཁྲོམ་གཞུང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་སྦྲགས་རམ་སྦག་ Rambagh Stage དུ་འབྱོར། དེ་གར་མཛད་སྒོ་ཚོགས་པའི་ཐོག་སྐུ་མགྲོན་གཙོ་བོ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གོ་བིནྡ་སིངྒ་ཋ་ཀུར་(Gobind Singh Thakur MLA) དང་། གཞན་ཡང་སྐུ་མགྲོན་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཞོན། ཧི་མ་ལ་ཡ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ། རྒྱ་གར་ཁམས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ། ཀུ་ལུ་བྷི་ཇེ་པི་སྲིད་དོན་ཚོགས་པའི་དྲུང་ཆེ་བཅས་ཕེབས་ཡོད་པ་དང། སྐུ་མགྲོན་གཙོ་བོ་མཆོག་ནས་མར་མེ་ཞལ་དབྱེ་གནང་། དེ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་དང་རྒྱ་གར་གྱི་རྒྱལ་གླུ་གཏོང་གནང་མཛད། དེའི་མཚམས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་བཏུད་ངག་བཅད་སྐར་མ་གཅིག་གནང། དེ་ནས་རིམ་བཞིན་ས་འཐུས་ཚོགས་གཙོ་མཆོག་དང་ཚོགས་གཞོན། ས་གནས་འགོ་འཛིན། སྐུ་མགྲོན་གཙོ་བོ་བཅས་ནས་བདེན་པའི་མེ་ལྕེའི་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང། དེའི་རྗེས་བདེན་ཚིག་སྨོན་ལམ་གསུང་འདོན་དང་འབྲེལ་སྐུ་མགྲོན་ཁག་ནས་ས་རྟོགས་སྐྱོན་གནང་མཛད། དེ་རྗེས་ས་འཐུས་ཚོགས་གཙོ་ཚོགས་གཞོནདང་ས་གནས་འགོ་འཛིན་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང། དེ་ནས་བྱང་ཆུབ་སེམས་མཆོག་འདོན་བཞིན་མ་ན་ལི་འོན་མངའ་རིས་གྲྭ་ཚང་བར་བདེན་པའི་མེ་ལྕེ་ཁྲོམ་སྐོར་དང་འབྲེལ་མང་ཚོགས་ནས་ས་རྟགས་བསྡུ་རུབ་ཞུས། དེ་ནས་ཞལ་ལག་གྲུབ་པའི་རྗེས་ཕྱི་དྲོ་ཆུ་ཚོད་ ༥ པ་བར་སྨོན་ལམ་གསུང་འདོན་གནང། དེའི་མཚམས་ལས་སྣེ་ཚང་མར་ས་རྟགས་བསྡུ་རུབ་ས་བགོས་གནང་བ་དང་བདེན་པའི་མེ་འོན་མངའ་རིས་གྲྭ་ཚང་དུ་གདན་འདྲེན་ཞུས། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༦ ལ།།

བདེན་པའི་མེ་ལྕེ་ཀུ་ལུ་དཔལ་རབ་གླིང་ས་འགོའི་ཁྱབ་ཁོངས་སུ་འབྱོར་བ།བདེན་པའི་མེ་ལྕེ་ཀུ་ལུ་དཔལ་རབ་གླིང་ས་འགོའི་ཁྱབ་ཁོངས་སུ་འབྱོར་བ།

Menu