གྷོ་ར་པོར་གྲོང་ཁྱེར་ནང་ཞུ་གཏུགས་ལས་འགུལ།

 

གྷོ་ར་པོར་གྲོང་ཁྱེར་ནང་ཞུ་གཏུགས་ལས་འགུལ།གྷོ་ར་པོར་གྲོང་ཁྱེར་ནང་ཞུ་གཏུགས་ལས་འགུལ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀོད་ཁྱབ་གནང་བའི་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་ནང་ཞུ་གཏུགས་ལས་འགུལ་བ་རྣམས་ཕྱི་ཚེས་༡༣ ཉིན་གྷོ་ར་པོར་གྲོང་ཁྱེར་ནང་འབྱོར་ཏེ་དཔོན་རིགས་མཇལ་འཕྲད་དང་། གསར་འགོད་གསལ་བསྒྲགས། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་པར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་བཅས་སྤེལ་འདུག

བྱང་ཕྱོགས་ཞུ་གཏུགས་ལས་འགུལ་བ་རྣམས་གྷོ་ར་པོར་གྲོང་ཁྱེར་དུ་འབྱོར་ཏེ་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འཐུས་མི་དང་། གུ་རོང་ན་ཐི་དགོན་པའི་བླ་ཆེན་ཡོ་གེ་ཨ་ཏེ་ཏེ་ན་ཏི་མཆོག་དང་། རྫོང་ཁག་དྲུག་གི་སྤྱི་ཁྱབ་རྫོང་དཔོན་དེར་ར་བན་དར་ནེ་ཏི་སོགས་དང་མཇལ་ཏེ་བོད་དོན་ཞུ་གཏུགས་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་གསུམ་པའི་སྟེང་གསར་འགོད་པ་སུམ་ཅུ་ལྷག་ཅིག་འཛོམས་སར་བོད་དོན་སྐོར་གྱི་གསར་འགོད་གསལ་བསྒྲགས་དང་དྲི་བ་དྲིས་ལན་གནང་ཡོད་འདུག

གྷོ་ར་པོར་གྲོང་ཁྱེར་ནང་ཞུ་གཏུགས་ལས་འགུལ།གྷོ་ར་པོར་གྲོང་ཁྱེར་ནང་ཞུ་གཏུགས་ལས་འགུལ།

ཕྱི་དྲོ་ཆུ་ཚོད་ལྔ་བའི་སྟེང་ས་གནས་ཡོད་ཀྱི་སུལ་ཚོང་བ་བརྒྱ་ལྷག་དང་ལྷན་བོད་བསྟན་སྲིད་ཆེད་སྐུ་ལུས་མཆོད་འབུལ་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་སྣང་གསལ་མཆོད་འབུལ་དང་། མྱ་ངན་གུས་འདུད་ཀྱི་འདུ་འཛོམས་སོགས་གནང་ཡོད་འདུག ཕྱི་ཚེས་༡༤ ཉིན་གྱི་ཞོགས་པར་དུས་རྒྱུན་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་བཞིན་པ་དང་། མངའ་སྡེ་སྤྱི་ཁྱབ་བློན་ཆེན་ཟུར་བ་ལྕམ་སྐུ་མ་ཡ་བ་དེ་མཆོག་དང་ཉེ་འབྲེལ་ཆེ་བའི་རྩ་མཆོག་དྲུང་གི་འབར་མའི་བླ་མ་ཡོ་གེ་ཞི་བར་མཆོག་དང་། རྩྭ་མཆོག་དྲུང་ས་གནས་རྫོང་དཔོན་ལས་རོགས་D.M སྐུ་ཞབས་རིག་འཛིན་བསམ་འཕེལ་སོགས་དང་མཇལ་འཕྲད་གྱིས་བོད་དོན་ཞུ་གཏུགས་ལས་འགུལ་གྲུབ་རྗེས་བྷེ་ཧར་རྒྱལ་ས་པ་ཏི་ནལ་དུ་འབྱོར་ཡོད་པ་རེད།

གྷོ་ར་པོར་གྲོང་ཁྱེར་ནང་ཞུ་གཏུགས་ལས་འགུལ།གྷོ་ར་པོར་གྲོང་ཁྱེར་ནང་ཞུ་གཏུགས་ལས་འགུལ།

གྷོ་ར་པོར་གྲོང་ཁྱེར་ནང་ཞུ་གཏུགས་ལས་འགུལ།གྷོ་ར་པོར་གྲོང་ཁྱེར་ནང་ཞུ་གཏུགས་ལས་འགུལ།

Menu