གྲོས་ཚོགས་ཚོགས་དུས་དགུ་པ་ཉིན་གྲངས་གཅིག་རིང་འཚོགས་གཏན་འཁེལ་བ།

༄༅། ། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༧ ནས་ ༢༧ བར་ལས་དུས་ཉིན་གྲངས་བཅུའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པ་འཚོགས་གཏན་འཁེལ་ཡོད་ཀྱང་། ཉེ་ཆར་འཛམ་གླིང་ཡུལ་གྲུ་ཁག་མང་པོའི་ནང་ཏོག་དབྱིབས་ནད་ཡམས་ཤུགས་ཆེར་ཁྱབ་གདལ་གྱིས་གནས་སྟངས་ཛ་དྲག་ཇི་ཆེར་འགྲོ་བཞིན་པའི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། དེ་རིང་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཀྱིས་རྩིས་ལོ་ ༢༠༢༠་་༢༠༢༡ ལོའི་སྔོན་རྩིས་གྲོས་ཚོགས་འདི་བཞིན་ཉིན་གཅིག་རིང་འཚོགས་ཏེ། གྲོས་ཚོགས་ནས་རྩིས་ལོ་ ༢༠༢༠་་༢༠༢༡ ལོའི་སྔོན་རྩིས་བཀའ་འཁྲོལ་དང་གཏན་འབེབས་གནང་རྒྱུའི་ཐག་གཅོད་གནང་བ་བཅས། །