གྲོས་ཚོགས་ཉིན་ ༡༠ པའི་ལས་རིམ་སྙིང་བསྡུས།

དེ་རིང་ ༢༠༡༤ ཟླ་ ༣ ཚེས་ ༢༡ ཉིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་ ༡༠ པ་དེ་ཆགས་ཡོད་ཅིང་། སྔ་དྲོ་ཚོུད་ ༩:༣༠ ཐོག་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཀྱིས་འཕྲོད་བསྟེན་ཁྱབ་ཁོངས་ཁག་གི་རྒྱུན་གྲོན་དང་། སྣེ་ལེན་འབྲེལ་མཐུད་ཁང་། ཤེས་རིག་ལས་ཁུངས། ནང་སྲིད་ལས་ཁུངས་བཅས་ཀྱི་སྔོན་རྩིས་རྣམས་ལ་བགྲོ་གླེང་ཞིབ་རྒྱས་དང་འབྲེལ་གཏན་འབེབས་ཟིན་པ་ལྟར་སང་ཉིན་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་ཐོག་འདས་ཟིན་པའི་ལོ་དང་། རྩིས་ལོ་ ༢༠༡༤..༢༠༡༥ བཅས་ཀྱི་གཏོང་ལེན་ཁྲིམས་ཡིག་ཁག་གཏན་འབེབས་གནང་རྒྱུ་ཡིན་པ་རེད།

 

Menu