
༄༅། །རྩོམ་པ་པོ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་དང་འབྲེལ་ཡོད་ཁག་ཅིག་ནས་བོད་བསྟན་སྲིད་དང་སློབ་གསོར་སྐུ་ཚེ་ཕུལ་བའི་ཁྲི་ཆེན་གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་དྲུག་པ་རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག་དཔལ་བཟང་པའི་མཛད་རྣམ་སྲིད་པ་མགུ་བའི་མཆོད་ཕྲེང་ཞེས་བྱ་བའི་དཔེ་དེབ་དབུ་འབྱེད་མཛད་སྒོར་སྦེལ་ཇམ་ Belgium གྲོང་ཁྱེར་ཧུའི་ huis ས་གནས་སུ་ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༢༥ ཕྱི་དྲོའི་ཆར་གོ་སྒྲིག་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་མཆོག ཕྱི་དྲིལ་བཀའ་བློན་མཆོག རྩོམ་པ་པོ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས། གཞན་ཡང་སྤྱི་འཐུས་ཁག་ཅིག་དང་། སྐུ་ཚབ་དོན་གཅོད་རྣམ་པ་འབྲེལ་ཡོད་མི་མང་གང་འཚམས་མཉམ་ཞུགས་དང་། རྩོམ་པ་པོ་ལྡོང་ཕྱིར་གུར་བ་རྒྱལ་ལོ་ལགས་ནས་དེབ་དང་འབྲེལ་བའི་གུང་ཐང་རིན་པོ་ཆེའི་མཛད་རྗེས་ངོ་སྤྲོད་གསུང་བཤད་དང་། དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་མཆོག་རྣམ་གཉིས་ནས་དཔེ་དེབ་དབུ་འབྱེད་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཏེ་ཁྲི་ཆེན་གུང་ཐང་རིན་པོ་ཆེའི་མཛད་རྣམ་དཔེ་དེབ་དབུ་འབྱེད་མཛད་སྒོ་ལེགས་གྲུབ་བྱུང་བ་བཅས།








