ཟིལ་དཀར་གྲྭ་བསྟན་འཛིན་ཤེས་རབ།ཟིལ་དཀར་གྲྭ་བསྟན་འཛིན་ཤེས་རབ།ཕྱི་ལོ་ ༢༠༡༢ ཟླ་བ་ ༡༠ ཚེས་ ༡ ཉིན་ཁམས་སྐྱེ་རྒུ་འཁྲི་འདུ་རྫོང་རྫ་སྟོད་ཤང་དར་མདར་སྡེ་པ་ཉ་མཚོ་ཟིལ་དཀར་དགོན་གྱི་གྲྭ་བསྟན་འཛིན་ཤེས་རབ་ལགས། བོད་ནང་གི་ཆུ་ཚོད་ ༩ ཡས་མས་ཤིག་ལ་རྫ་སྟོད་ཡུལ་ཚོ་ནས་རྒྱ་མི་ཉེས་རྟོག་པས་འཇུས་གཟུང་གཙན་ཁྲིད་བྱས་འདུག་པ་དང་། དེའི་རྗེས་སུ་ནང་མི་སྤུན་མཆེད་རྣམས་ཀྱིས་ཉེས་རྟོག་ལས་ཁང་དུ་འབྲེལ་བར་བྱས་ནས་ཁོང་གང་ཡོད་རྩད་གཅོད་བྱས་ཀྱང་། ཁོང་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་བྱུང་མི་འདུག དེ་བཞིན་བཀག་ཉར་བྱས་དོན་གསལ་པོ་ཤེས་ཀྱི་མེད་ཀྱང་། ཚོད་དཔག་བྱས་ནས་བཤད་དོན་ལ་འདི་ལོ་ཕྱིར་ཟླ་ ༢ ཚེས་ ༨ ཉིན་ཉ་མཚོ་ཟིལ་དཀར་དགོན་གྱི་གྲྭ་མང་དང་དེར་ཡོད་མི་མང་གིས་ཞི་བའི་སྐད་འབོད་གནང་དུས། ཁོང་མཉམ་ཞུག་བྱས་པ་དང་དེའི་རྐྱེན་གྱིས་ཡིན་སྐོར་འབྲེལ་ཡོད་གཅིག་གིས་གསུངས་འདུག
དར་དམར་སྡེ་པ་ནས་ཡིན་པའི་ཉ་མཚོ་ཟིལ་དཀར་དགོན་གྱི་གྲྭ་བསྟན་འཛིན་ཤེས་རབ་ནི་ད་ལྟ་རང་ལོ་ ༢༨ དང་ཕ་ཡི་མིང་ལ་འཇམ་ཆོས་དང་། མ་ཡི་མིང་ལ་པདྨ་བདེ་སྐྱིད་ཞུ་བ་དང་སྤུན་མཆེད་བདུན་ཡོད་པ་ལས། ཁོང་ལྔ་པ་དེ་ཡིན་འདུག་པ་དང་རྒྱུན་ལྡན་ནས་ཀུན་སྤྱོད་བཟང་ཞིང་སློབ་སྦྱོང་ལ་ཧུར་བརྩོན་ལྡན་པ་མ་ཟད། མི་རིགས་ཀྱི་ལ་རྒྱ་འཛིན་མཁན་དང་ཐུགས་ཁུར་གནང་མཁན་ཞིག་ཡིན་འདུག