ཁམས་སེར་ཤུལ་རྫོང་དུ་བོད་མི་ལྔས་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་གནང་བ།

བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ ཉིན་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སེར་ཤུལ་རྫོང་ཐོག་ཏུ་དགེའདུན་པ་གསུམ་གྱིས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་ རིན་པོ་ཆེ་འཕྱར་སྟེ། བོད་དོན་སྐད་འབོད་དང་། རྒྱ་གཞུང་ལ་ངོ་རྒོལ་གནང་བར་བརྟེན། དགེ་འདུན་པ་གསུམ་དང་མི་སྐྱ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་སྟེ་བོད་མིའི་གསུམ་བཅུའི་དུས་དྲན་ཉིན། ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སེར་ཤུལ་རྫོང་ཐོག་ནས་གྲྭ་བློ་བཟང་བསམ་གཏན་ལགས་དང་། བསོད་ནམས་རྣམ་རྒྱལ་ལགས། ཐུབ་བསྟན་དགེ་ལེགས་ལགས་གསུམ་གྱིས་རང་དབང་དང་མང་གཙོ་སོགས་ཀྱི་སྐད་འབོད་གནང་ ཞིང་། འཕྲེད་དར་ཐོག་ཏུ་༸གོང་ས་མཆོག་གི་སྐུ་པར་གདན་ཞུས་ཀྱིས་རྔམ་སྟོན་ཁྲོམ་སྐོར་ གནང་འདུག སྐབས་དེར་མི་སྐྱ་བློ་བཟང་སྐལ་བཟང་ལགས་དང་། ངག་དབང་རྒྱ་མཚོ་ལགས་གཉིས་ཀྱིས་སྐད་འབོད་བྱས་ཏེ་དགེ་འདུན་པ་གསུམ་འཛིན་བཟུང་ བྱེད་པར་བཀག་འགོག་བྱས་སྟབས། རྒྱ་གཞུང་གིས་ཉེན་རྟོག་པའི་ཁོང་ལྔ་པོ་མཉམ་དུ་འཛིན་བཟུང་བྱས་འདུག

གྲྭ་བློ་བཟང་བསམ་གཏན་ལགས།གྲྭ་བློ་བཟང་བསམ་གཏན་ལགས།

བསོད་ནམས་རྣམ་རྒྱལ་ལགས། བསོད་ནམས་རྣམ་རྒྱལ་ལགས། 

ཐུབ་བསྟན་དགེ་ལེགས་ལགས།ཐུབ་བསྟན་དགེ་ལེགས་ལགས།

དགེ་འདུན་པ་བློ་བཟང་བསམ་གཏན་ལགས་དང་། བསོད་ནམས་རྣམ་རྒྱལ་ལགས། ཐུབ་བསྟན་དགེ་ལེགས་ལགས་གསུམ་ནི་རྫ་ཆུ་ཁའི་མང་དགེ་དགོན་པའི་དགེ་འདུན་པ་ཡིན་ པ་དང་། རང་ལོ་ ༡༧ ལ་སོན་པའི་མི་སྐྱ་བུ་བློ་བཟང་སྐལ་བཟང་ལགས་ནི་རྫ་ཆུ་ཁའི་འབུམ་རྙིང་སྡེ་བའི་ ཕ་འཇམ་དབྱངས་ཚེ་རིང་། མ་འཇམ་དབྱངས་སྒྲོལ་མ་ཞུ་བ་གཉིས་ཀྱི་བུ་ཡིན་འདུག རང་ལོ་ ༤༡ ལ་སོན་པའི་ མི་སྐྱ་ངག་དབང་རྒྱ་མཚོ་ནི་ལགས་རྫ་ཆུ་ཁའི་འབུམ་གསར་སྡེ་བ་ནས་ཡིན་པའི་ཕ་མིང་ བསོད་སྐྱབས་ལགས། མ་འདས་པོ་ཚེ་དབང་ལྷ་མོ་གཉིས་ཀྱི་བུ་ཡིན་འདུག མི་སྐྱ་འདི་གཉིས་དེ་སྔ་དགེ་འདུན་པ་བྱེད་མྱོང་ཡོད་འདུག

ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མགོ་ལོག་ལུང་དཀར་དགོན་པའི་དགེ་འདུན་པ་དང་། རྫ་ཆུ་ཁའི་དབོན་པོ་དགོན་པ་དང་། མང་དགེ་དགོན་པ། ཀ་བཞི་དགོན་པ་བཅས་ནས་ཡིན་པའི་ལྷ་ས་སེ་ར་དགོན་པའི་དགེ་འདུན་པ་བཅུ་བཞི་ཡིས་ ལྷ་སའི་བར་སྐོར་དུ་སྐད་འབོད་ཁྲོམ་སྐོར་གནང་བ་ནས་བཟུང་། རྫ་ཆུ་ཁ་ཁུལ་དུ་ངོ་རྒོལ་རིམ་པར་བྱུང་ཡོད་ལ། ད་ལྟའི་ཆར་ཡང་སེར་ཤུལ་རྫོང་གི་ཁྱབ་ཁོངས་སུ་འཕྲིན་ཕྲན་སོགས་ཕྱི་ཕྱོགས་ལ་ འབྲེལ་ལམ་བྱེད་བདེ་བའི་མཉེན་ཆས་ཁག་སྔ་ས་ནས་བཀག་ཡོད་པ་རེད། ད་ལྟ་རྫོང་ཡོངས་དམག་གིས་བསྐོར་འདུག་པ་བཅས། །

Menu