༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་ཐོག་སྤྱི་འཐུས་རྒྱུན་ལས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གཞུང་འབྲེལ་མཉམ་ཞུགས་གནང་བ།

༄༅། །བོད་མི་མང་སྤྱི་འཐུས་རྒྱུན་ལས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་འབྲས་སྤུངས་བློ་གསལ་གླིང་ཕྱག་མཛོད་ཁང་ནས་མགྲོན་འབོད་ཞུས་པ་ལྟར། དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༧ ཉིན་ལྡི་ལིར་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་བྱང་ཆུབ་ཆོས་གླིང་དུ་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་ཐོག་གཞུང་འབྲེལ་མཉམ་ཞུགས་གནང་ཡོད།

གཞན་ཡང་སྐབས་དེར་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ལས་དྲུང་བཅས་མཉམ་ཞུགས་གནང་འདུག་པ་བཅས།