༄། །དཔལ་ལྡན་སྤྱི་ལྷན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གཞུང་འབྲེལ་ཕྱོགས་ཕེབས།

༄། །རྒྱ་གར་མངའ་སྡེ་མཱཧ་རཤ་ཊའི་ནན་དྷིད་རྫོང་དུ་ (Kinwat, Nanded district) སྐབས་ལྔ་པའི་ནང་པའི་ཆོས་སྡེ་ལྷན་ཚོགས་ (fifth Bouddha Dhamma Parishad) ཀྱི་ཚོགས་ཆེན་དང་། རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ ༸ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་དགུ་པ་དང་། དེ་བཞིན་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ནས་རྒྱལ་གཅེས་དཔའ་བོའི་རྡོ་རིང་གསར་བཞེངས་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོ་བཅས་སུ་དཔལ་ལྡན་སྤྱི་ལྷན་ཚོགས་གཙོ་མཆོག་གདན་ཞུས་ལྟར་གཞུང་འབྲེལ་ཕེབས་གཏན་འཁེལ་ཡོད།

 

ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༧ དང་ ༨ བཅས་སུ་སྐབས་ལྔ་པའི་ནང་པའི་ཆོས་སྡེ་ལྷན་ཚོགས་ (fifth Bouddha Dhamma Parishad) ཀྱི་ཚོགས་ཆེན་མཛད་སྒོ་དེ་རྒྱ་གར་མངའ་སྡེ་མཱཧ་རཤ་ཌ་རའི་ནན་དྷིཏ་རྫོང་ (Kinwat, Nanded district) དུ་ཚོགས་གཏན་འཁེལ་བ་བཞིན། སྐབས་དེར་ཕྱི་ཚེས་ ༨ ཉིན་མཇུག་བསྡོམས་མཛད་སྒོ་དང་།   ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༩ ནས་ ༡༤ བར་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་དགུ་པ་དེ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་ཡོད་པའི་ ༸ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ཚོགས་གཏན་འཁེལ་བ་བཞིན། སྐབས་དེར་ཕྱི་ཚེས་ ༡༣ ཉིན་གྱི་མཛད་རིམ་དང་། དེ་བཞིན་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༥ ཉིན་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ནས་དཔལ་ལྡན་ཚོགས་གཙོ་མཆོག་རྒྱལ་གཅེས་དཔའ་བོའི་རྡོ་རིང་གསར་བཞེང་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོ་བཅས་སུ་གདན་ཞུས་ལྟར་གཞུང་འབྲེལ་ཕེབས་གཏན་འཁེལ་ཡོད་པར། དཔལ་ལྡན་ཚོགས་གཙོ་མཆོག་འདི་ཟླའི་ཚེས་ ༥ ཉིན་སྔ་དྲོ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཚེས་ ༦ ཉིན་ལྡི་ལི་ནས་ཀན་པུར་ (Kanpur) ལ་ཕེབས་ཐོན་གནང་སྟེ་རྒྱ་གར་ཇ་ན་ཏ་དྷལ་གཅིག་སྒྲིལ་ (Janata Dal united) ཚོགས་པའི་དྲུང་ཆེ་ཇཱ་ཝི་ཏ་ར་ཛ་ (Javed Raza) མཆོག་གི་གཉེན་ཚན་ཛོ་ཡཱ་ཨཱས་ཀ་རི་ (Zoya Askari) མཆོག་གི་གཉེན་སྒྲིག་མཛད་སྒོར་མགྲོན་འབོད་ལྟར་ཕེབས་ཐོན་གནང་རྒྱུ།  ཚེས་ ༧ ཉིན་ཀན་པུར་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ། ཚེས་ ༨ ཉིན་ལྡི་ལི་ནས་ནག་པུར་ (Nagpur) ལ་ཕེབས་ཐོན་གནང་ནས་དེ་རྗེས་ཐེངས་ལྔ་པའི་ནང་པའི་ཆོས་སྡེ་ལྷན་ཚོགས་ཀྱི་མཛད་སྒོར་སྐུ་མགྲོན་དུ་མཉམ་ཞུགས་གནང་རྒྱུ། ཚེས་ ༡༠ ཉིན་ནག་པུར་ནས་ལྡི་ལིར་ཕེབས་རྒྱུ་དང་། ཚེས་ ༡༢ ཉིན་ལྡི་ལི་ནས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་རུ་༸ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཕྲུག་རྣམས་མཇལ་འཕྲད་དང་། ཚེས་ ༡༣ ཉིན་ཐེངས་དགུ་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ལས་རིམ་དུ་ཕེབས་ཏེ་གསུང་བཤད་གནང་རྒྱུ་དང་། ཚེས་ ༡༣ ཉིན་ཕྱི་དྲོ་སྦེང་ལོར་ནས་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ། ཚེས་ ༡༥ ཉིན་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་རྒྱལ་གཅེས་དཔའ་བོའི་རྡོ་རིང་གསར་བཞེང་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོར་ཕེབས་ཐོན་གནང་རྒྱུ། ཚེས་ ༢༣ ཉིན་སྦེལ་ཀོབ་ནས་སྦེང་ལོར་རུ་ཕེབས་གནང་རྒྱུ། ཚེས་ ༢༤ ཉིན་སྦེང་ལོར་ནས་ལྡི་ལི་དང་ལྡི་ལི་ནས་རྡ་སར་ཕེབས་འབྱོར་གནང་རྒྱུ་བཅས་ཀྱི་མཛད་རིམ་དུ།     སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ ༢༠༡༥ ཟླ་ ༢ ཚེས་ ༤ ལ།།