༄༅། སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་ཐེངས་ ༡༡ པ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༦ ཉིན་གྱི་ལས་རིམ་ཐོག་བཀའ་བསྡུར།

སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་དྲུག་པ་འགྲོ་བཞིན་པ།

སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་དྲུག་པ་འགྲོ་བཞིན་པ།

སྔ་དྲོ་ཆུ་ཚོད་ ༩་༣༠ ཐོག་གྲོས་ཚོགས་དབུ་འཛུགས་གནང་སྟེ་ཐོག་མར་སྐར་རྟགས་ཅན་གྱི་ཡིག་ཆ་ཨང་ ༡ པོ་སྤྱི་འཐུས་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་སྙན་སྒྲོན་དང་། དེར་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་བ་དང་། འཕྲོ་དོན་དྲི་བ་དྲིས་ལན་རྣམས་གནང་། དེ་རྗེས་དཔལ་འབྱོར་གྱི་ལས་དོན་ཐོག་ཕེབས་ཏེ་ཆོས་རིག་ལས་ཁུངས་དང་འབྲེལ་བའི་ལས་དོན་བཀའ་བསྡུར་རྒྱས་གནང་། དེ་ནས་ཉིན་རྒྱབ་ཆུ་ཚོད་ ༡་༣༠ ཐོག་གྲོས་ཚོགས་ཚུགས་སྐབས་ཆོས་རིག་གི་ལས་དོན་ཐོག་བཀའ་བསྡུར་མུ་མཐུད་ཀྱིས་བགྲོ་གླེང་རྒྱས་པར་གནང་སྟེ་སྔོན་རྩིས་གཏན་འབེབས་གནང་།

འཕྲོད་བསྟེན་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་བཞིན་པ།

འཕྲོད་བསྟེན་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་བཞིན་པ།

དེ་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་ཐོག་དང་ལས་དོན་གནང་ཕྱོགས་བགྲོ་གླེང་དང་། དྲི་བ་ཁག་ལ་འཕྲོད་བསྟེན་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པའི་ལོ་རྒྱུས་སྙིང་བསྡུས་སུ།།

Menu