༄༅། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་ལྔ་པ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༥ ཉིན་གྱི་བཀའ་བསྡུར་བགྲོ་གླེང་ཇི་བྱུང་གི་གནས་ཚུལ།

_DSC0833
སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་དྲི་བ་གནང་བཞིན་པ།

སྔ་དྲོ་ཆུ་ཚོད་ ༩:༣༠ ཐོག་ལྷན་འཛོམས་ཀྱིས་ཐོག་མར་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༣ པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་གནང་བའི་འགོ་འཁྲིད་རྣམས་ལ་བསྩལ་ཏེ་ལོ་ངོ་ལྔ་ལས་འགྲོ་ཡི་མེད་པ་དང་། སྐུ་ཚབ་དོན་གཅོད་ཁག་གི་མཚན་གནས་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མུ་མཐུད་གནང་ཀྱང་ལས་དོན་གནང་ཕྱོགས་ཐོག་ཐད་ཀར་འཛིན་སྐྱོང་བཀའ་ཤག་དང་འབྲེལ་བ་ཆགས་ཡོད་པས་སྐུ་ཚབ་དོན་གཅོད་ཁག་ཅིག་གི་ལས་དོན་གནང་ཕྱོགས་དང་འབྲེལ་བའི་ཐོག་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་དྲི་བ་གནང་བར། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དྲིས་ལན་གནང་ཞིང་། དེ་རྗེས་འཕྲོ་དོན་དྲི་བ་དྲིས་ལན་ཁག་གནང་། དེ་རྗེས་སུད་སི་སྐུ་ཚབ་དོན་ཁང་དང་། ཨིན་ལེན་སྐུ་ཚབ་དོན་ཁང་དང་ཐེབས་རྩ། ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་གཅོད་ཁང་། ཨོ་སི་ཀྲོ་ལི་ཡ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་། ཉི་ཧོང་སྐུ་ཚབ་དོན་ཁང་དང་ཐེབས་རྩ། བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་སོགས་ཀྱི་སྔོན་རྩིས་བགྲོ་གླེང་དང་གཏན་འབེབས་གནང་། དེ་ནས་སྦར་སིལ་དོན་གཅོད་ཁང་གི་སྔོན་རྩིས་ཐོག་བགྲོ་གླེང་གནང་སྐབས། བོད་མིའི་སྐྱབས་བཅོལ་དཀའ་ངལ་སེལ་ཐབས་གནང་བའི་སྐོར་ཡང་བགྲོ་གླེང་བྱུང་། ཉིན་རྒྱབ་ཆུ་ཚོད་ ༡:༣༠ ནས་ཚོགས་འདུ་མུ་མཐུད་དེ་དཔལ་འབྱོར་བཀའ་བློན་གྱི་དཔལ་འབྱོར་ལས་དོན་ཐོག་བགྲོ་གླེང་དང་། དེ་རྗེས་ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གནང་སྟེ་དགོང་དྲོ་ཚོུད་ ༥ པར་ཚོགས་འདུ་ཚོགས་གསེང་གནང་བ་བཅས་ཀྱི་གནས་ཚུལ་དུ།།