༄༅། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་བཞི་པ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༤ ཉིན་གྱི་བཀའ་བསྡུར།

_DSC0839
སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་བཞི་པ་འགྲོ་བཞིན་པ།

སྔ་དྲོ་ཆུ་ཚོད་ ༩:༣༠ ཐོག་ལྷན་འཛོམས་ཀྱིས་ཐོག་མར་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༢ པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དམ་པ་དེ་ཉིད་བཙོན་ཁང་ནང་དགོངས་པ་རྫོགས་རྐྱེན་ཐོག་དྲི་བ་དྲིས་ལན་དང་། འཕྲོ་དོན་དྲི་བ་དྲིས་ལན་བཅས་རྒྱས་པར་གནང་ཞིང་། དེ་ནས་དཔལ་འབྱོར་གྱི་ལས་དོན་ཐོག་ཕེབས་ཏེ། ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གནང་བ་དང་། སྔ་དྲོ་ཆུ་ཚོད་ ༡༡:༡༥ ནས་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ལྷན་ཚོགས་ཀྱི་གཙོ་སྐྱོང་གནང་སྟེ། མུ་མཐུད་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་།

གྲོས་ཚོགས་སུ་སྐུ་མགྲོན་ལྷན་བཞུགས་གནང་བ།
གྲོས་ཚོགས་སུ་སྐུ་མགྲོན་ལྷན་བཞུགས་གནང་བ།

དེ་ནས་བར་དུ་ཨུ་རུ་སུའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་དང་ཨུ་རུ་སུའི་བོད་མིའི་དོན་གཅོད་ཊྲེ་ལོ་རིན་པོ་ཆེ་མཆོག གཞན་ཡང་ལས་བྱེད་གཅིག་བཅས་གྲོས་ཚོགས་སུ་ཕེབས་པ་ཚོགས་གཙོས་ངོ་སྤྲོད་གནང་། གསོལ་ཚིགས་བར་གསེང་རྗེས་ཉིན་རྒྱབ་ཆུ་ཚོད་ ༡:༣༠ ནས་་དཔལ་ལྡན་ཚོགས་གཙོ་སྤན་པ་ཚེ་རིང་མཆོག་གིས་གཙོ་སྐྱོང་གནང་སྟེ་མུ་མཐུད་་ཕྱི་དྲིལ་གྱི་སྔོན་རྩིས་ཐོག་བགྲོ་གླེང་བཅས་གནང་སྐབས་བོད་རྒྱ་འབྲེལ་མོལ་གྱི་སྐོར་ཡང་བགྲོ་གླེང་བྱུང་། དེ་ནས་རིམ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། ལྡི་ལི་སྐུ་ཚབ་དོན་ཁང་དང་། ཁྱབ་ཁོངས་འཕགས་བོད་འབྲེལ་མཐུད་ལས་ཁང་། ཨ་རི་སྐུ་ཚབ་དོན་ཁང་། ཨ་རི་དོན་ཁང་གི་བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩ། ས་གནས་རང་བདེན་ཚོགས་ཆུང་ཁག དབུས་འོས་བསྡུ་ལས་ཁང་། ལས་བྱེད་འདེམས་བསྐོ་ལྷན་ཁང་བཅས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་འབྲེལ་གཏན་འབེབས་གནང་སྟེ་དགོང་དྲོ་ཚོུད་ ༥ པར་ཚོགས་འདུ་ཚོགས་གསེང་གནང་བ་བཅས་ཀྱི་གནས་ཚུལ་དུ།།

Menu