༄༅།།སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་རྒྱ་གར་དཔོན་རིགས་ཁག་ལ་མཇལ་འཕྲད་གནང་བཞིན་པ།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ལྷན་འཛོམས་སྟེང་ཇི་ལྟར་ཐག་གཅོད་བྱུང་དོན་བཞིན། རྒྱུན་ལས་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་དབུས་གཞུང་གི་ཆེས་མཐོའི་དཔོན་རིགས་ཁག་ལ་ཟླ་འདིའི་ཕྱི་ཚེས ༢༥ ནས་མགོ་བཙུགས་ཏེ་མཇལ་འཕྲད་ཞུ་བཞིན་པ་རེད།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུ་ཁྲིད་པའི་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་བཅས་ཀྱིས་གྲུབ་པའི་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག ཟླ་འདིའི་ཚེས ༢༥ ནས་བཞུགས་སྒར་ནས་ལྡི་ལིར་ཕེབས་འབྱོར་གྱིས། ཕྱི་ཚེས ༢༦ ནས་མགོ་བཙུགས་ཏེ་རྒྱ་གར་དབུས་གཞུང་གི་ཆེས་མཐོའི་དཔོན་རིགས་བློན་ཆེན་ཁག་ཅིག་དང་། གྲོས་ཚོགས་འཐུས་མི་བཅས་ལ་མཇལ་འཕྲད་ཞུ་བཞིན་པ་དང་། དེ་རིང་ཕྱི་ཚེས ༢༨ བར་ཏེ་ཉིན་གསུམ་རིང་། སྲིད་དོན་ཚོགས་ ༨ ཀྱི་དབུས་གྲོས་ཚོགས་གོང་འོག་གི་སྤྱི་འཐུས ༢༩ དང་བློན་ཆེན ༥། གཞན་ཡང་ལྡི་ལི་ཉེན་རྟོག་པའི་སྤྱི་ཁྱབ་པ་དང་མཁས་དབང་སོགས་གནད་ཡོད་མི་སྣ་མང་པོར་མཇལ་འཕྲད་ཞུས་འདུག

སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་གི་ངོས་ནས། བོད་ཀྱི་སྤྱི་བྱེའི་གནས་སྟངས་གོང་གསལ་དཔོན་རིགས་རྣམས་ལ་ཡིག་ངག་གཉིས་ནས་ཞིབ་ཞུ་བགྱིས་འབྲས། རྒྱ་གར་དབུས་གཞུང་དང་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་ལམ་སྟོན་དང་མཛད་འཕྲིན་གང་ལ་གཞིགས་ཀྱང་། ཁོང་ཉིད་ལྟ་བུའི་དབུ་ཁྲིད་དང་སྐྱབས་ཡུལ་ཞིག་གཞན་དུ་དཀོན་པ་ངོས་འཛིན་གཅིག་གྱུར་ཐོག བོད་མི་ཚོས་དེ་ངོས་ཟིན་དགོས་པ་ནན་བཤད་དང་། གཞན་ཡང་རྒྱ་གར་གཞུང་གི་ད་ལྟའི་ཕྱི་འབྲེལ་སྲིད་བྱུས་ཀྱིས་མཚོན་བོད་དང་འབྲེལ་ཡོད་སྲིད་བྱུས་མང་པོ་དེང་གི་ཁྲོམ་རྭའི་དཔལ་འབྱོར་གྱི་དངོས་ཡོད་འཁོར་རྒྱུགས་དང་མ་བསྟུན་ཐབས་མེད་ཡིན་པ་གསལ་བོ་ཡིན་ནའང་། རྒྱ་ནག་གིས་བོད་ཐོག་དུས་རབས་ཕྱེད་ལྷག་བཙན་འཛུལ་ལམ་ལག་བསྟར་བྱས་པའི་སྲིད་བྱུས་ཀྱི་འབྲས་བུས། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་རང་ལ་གསལ་བརྡ་ག་རེ་བཏང་ཡོད་མེད་མཁྱེན་དགོས་པ་རེད། དེ་བཞིན་བོད་མི་ཚོས་ཀྱང་རང་གི་མི་རིགས་དང་འབྲེལ་བའི་འཐབ་རྩོད་རྣམས་གྲངས་ཅི་ཞིག་ཡིན་ཡང་། དངོས་ཡོད་གནས་ཚུལ་མཁྱེན་རྒྱུའི་རྗེས་མ་ལུས་པ་རྨང་གཞི་བྱས་ཏེ། དངོས་ཡོད་གནས་ཚུལ་དང་བསྟུན་ཤེས་པ། དངོས་ཡོད་གནས་ཚུལ་ལས་རྣམ་པར་རྒྱལ་ཐུབ་པ་གནང་དགོས་པ་སོགས་གསུངས་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་དོན་དང་འབྲེལ་བའི་ཡིག་ཆ་རྣམས་དུས་ལྟར་མཁོ་སྤྲོད་ཞུ་གལ་དང་། བོད་མི་གང་དུ་གནས་ཡུལ་སོ་སོའི་ཡུལ་མིར་རྟག་ཏུ་འབྲེལ་གཏུག་ཐུབ་གལ་སོགས་གསུངས་འདུག

སྐབས ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་འདི་ནི་ད་བར་རྒྱ་གར་དབུས་གཞུང་གི་བློན་ཆེན་ཁག་ལ་མཇལ་མཁན་མང་ཤོས་དེ་ཆགས་ཡོད་པ་དང་། མུ་མཐུད་དཔོན་རིགས་ཁག་མཇལ་འཕྲད་ལས་རིམ་ཞོགས་ཀ་ཆུ་ཚོད ༦ ནས་དགོང་མོའི་ཆུ་ཚོད ༡༠ བར་གནང་བཞིན་པ་རེད་འདུག

IMG_2617
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཤི་རི་ཧེ་མནཊ་ཊུཀ་རམ་གྷོཌ་སེ་ (Shri Hemant Tukaram Godse)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_2692
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཤི་རི་གྷནེ་ཤི་སིང་(Shri Ganesh Singh )མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_2719
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་རས་གོས་བློན་ཆེན་ཤི་རི་ཨཇེ་ཊམཊའ་(Shri Ajay Tamta )མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_2730
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་རས་གོས་བློན་ཆེན་ཤི་རི་ཨཇེ་ཊམཊའ་(Shri Ajay Tamta )མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_2740
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཤི་རི་ཨ་ལོག་སན་ཇར་(Shri Alok Sanjar )མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_2764
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཤི་རི་རམ་སཝརུབ་ཤར་མ་(Shri Ram Swaroop Sharma)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_2798
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་བྷི་ཇྷེ་པི་སྤྱི་ཁྱབ་འགན་འཛིན་ཤི་རི་མཧེན་ཌརའ་པའན་ཌེ་ (Shri Mahendra Pandey)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_2812
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཤི་རི་གྷོ་རའཧྥ་གྷོ་གྷོའེ་(Shri Gaurav Gogoi)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_2816
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྱི་སོ་ནམ་བདེ་དོན་བློན་ཆེན་ཤི་རི་པུར་ཤོ་ཊའམ་རུ་པ་ལིཡ་(Shri Purshotam Rupalla)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_2825
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྱི་སོ་ནམ་བདེ་དོན་བློན་ཆེན་ཤི་རི་པུར་ཤོ་ཊའམ་རུ་པ་ལིཡ་(Shri Purshotam Rupalla)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_2828
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྱི་སོ་ནམ་བདེ་དོན་བློན་ཆེན་ཤི་རི་པུར་ཤོ་ཊའམ་རུ་པ་ལིཡ་(Shri Purshotam Rupalla)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_2865
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཤི་རི་སཊཝརའཊ་ཅཏུར་ཝེ་ཌི་(Shri Satyavrat Chaturvedi)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_2872
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་ནང་སྲིད་བློན་ཆེན་ཤི་རི་ཀིརེན་རི་ཇི་ཇུ་(Shri Kiren Rijiju)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_2910
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཤི་རི་རཇྷེན་དྷར་ཨ་གྷརའ་ཝལ་(Shri Rajendra Agrawal)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_2977
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་ཚོང་འབྲེལ་བློན་ཆེན་གཞོན་པ་ཤི་རི་ཨ་རུན་རམ་མེག་ཝལ་(Shri Arjun Ram Meghwal)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_2991
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཤི་རི་ཨནྰ་རའོ་ཨ་སུལ་(Shri Anand Rao Adsul)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_3003
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཤི་རི་མུ་ཀུ་མི་ཐིལ་(Shri Mukut Mithil)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_3012
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཤི་རི་མ་ཏི་ཝན་སུག་སིཝེན་ (Smt. Wansuk Syien)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_3040
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཤི་རི་རམ་ཇེཌ་མ་ལ་ནི་(Shri Ram Jethmalani )མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_3060
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཤི་རི་ཀིར་ཏི་ཨཛའཌ་ (Shri Kirti Azad)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_3072
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཤི་རི་ཊསི་ལིམ་ཨུ་ཌིན་(Shri Taslim Uddin)མཆོག་དང་མཇལ་འཕྲད་གནང་བཞིན་པ།

 

Menu