༄༅། ། ཛུ་རིག་གྲོང་ཁྱེར་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་སྣེ་ལེན་གནང་བ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་སྤྱི་འཐུས་བཞི་ཡུ་རོབ་ཁུལ་དུ་བོད་དོན་ཞུ་གཏུག་སོགས་ཀྱི་ཆེད་ཕེབས་བཞིན་པ་ལྟར་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༠ ཉིན་སུད་སིའི་ཛུ་རིག་གི་གྲོས་ཚོགས་ཚོགས་གཙོ་ལྕམ་སྐུ་ Dorothea Frei མཆོག་དང་། ཚོགས་གཞོན་སྐུ་ཞབས་ Roger Bartholdi མཆོག་རྣམ་གཉིས་ནས་སུད་སི་གྲོས་ཚོགས་ནང་ཕེབས་བསུ་སྣེ་ལེན་ཞུས་པ་དང་སྦྲགས་ཚོུད་ཕྱེད་ཀ་ཙམ་སུད་སི་དང་ཛུ་རིག་གྲོས་ཚོགས་ཀྱི་བྱུང་རིམ་ལོ་རྒྱུས་དང་ཚོགས་ཁང་ནང་གཟིགས་སྐོར་དུ་གདན་ཞུ་གནང་ཡོད་པ་རེད། སྐབས་དེར་སུད་སི་བུད་མེད་ཐོབ་ཐང་སྐོར་དང་ཛུ་རིག་ཁུལ་དུ་བོད་མི་གནས་སྡོད་རྣམས་ཀྱི་སྐོར་ཡང་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་རེད། སྤྱི་ལྷན་ཚོགས་གཞོན་མཆོག་ནས་བོད་ནང་གི་་ཛ་དྲག་གནས་སྟངས་སྐོར་ངག་ཐོག་ནས་ཞུས་པ་མ་ཟད་དེ་འབྲེལ་ཡིག་ཆ་འབུལ་ལམ་ཞུས་ཡོད་པ་རེད། སང་ཉིན་སྤྱི་འཐུས་རྣམ་པ་སུད་སིའི་རྒྱལ་ས་ Berne དུ་ཕེབས་གནང་རྒྱུ་ཡིན་པ་རེད།

swiss'dorothea'-1གཡོན་ནས་གཡས་སུ་བཞུགས་པ། སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྤྱི་འཐུས་དབང་པོ་བཀྲས་མཐོང་མཆོག་བཅས་ཛུ་རིག་གྲོང་ཁྱེར་གྲོས་ཚོགས་ཚོགས་ཁང་ནང།

 

 

 

 

 

Menu