བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་མཆོག ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག་བཅས་ཡུ་རོབ་ཁུལ་རྒྱལ་ཁབ་ཁག་ལྔའི་ནང་གྲོས་ཚོགས་འཐུས་མི་སོགས་མི་སྣ་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སོགས་བོད་དོན་ཞུ་སྐུལ་དང་། རྒྱལ་ཁབ་དེ་དག་ནང་ཡོད་བོད་མི་གང་མང་ཐུག་ཏེ་ཆབ་སྲིད་སོགས་ཀྱི་སློབ་གསོ་དང་། བཞུགས་མོལ་གནང་རྒྱུ་བཅས་ཀྱི་མཛད་རིམ་སྙིང་བསྡུས།
༢༠༡༣།༡༡།༡ ཉིན་རྡ་ས་ནས་སྤྱི་ལྷན་ཚོགས་གཙོ་མཆོག་དང་སྤྱི་འཐུས་རྣམ་པ་གསུམ་ཕེབས་ཐོན་གནང་།
༢༠༡༣།༡༡།༢ ཉིན་དགོང་མོ་ལྡི་ལི་གནམ་ཐང་དུ་ཕེབས་ཐོན་གནང་རྒྱུ།
༢༠༡༣།༡༡།༣ ཉིན་ཐོ་རངས་ཚོུད་ ༣།༠༠ ཐོག་ལྡི་ལི་ནས་ཕེབས་ཐོན་གྱིས་སྔ་དྲོ་ཚོུད་ ༧།༥༠ ཐོག་སྦར་སིལ་(Brussels) དུ་ཕེབས་འབྱོར་གནང་རྒྱུ།
༢༠༡༣།༡༡།༤༌༌༌༦ སྦར་སིལ་དུ་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་འགའ་ཤས་དང་། སྦར་སིལ་ཕྱི་སྲིད་ལས་ཁུངས། བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་རིགས་མི་མང་བཅས་མཉམ་མཇལ་འཕྲད་དང་ཚོགས་འདུ་གནང་རྒྱུ།
༢༠༡༣།༡༡།༧༌༌༌༨ ཕྱི་ཚེས་ ༧ སྔ་དྲོ་སྦར་སིལ་ནས་ཕེབས་ཐོན་གྱིས་ཕྭ་རན་སིར་ (France)དེ་ཉིན་སྔ་དྲོར་ཕེབས་འབྱོར་གནང་སྟེ་གྲོས་ཚོགས་ཀྱི་ཚོགས་མི་དང། ཕྱི་སྲིད་ལས་ཁུངས། བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་རིགས་མི་མང་བཅས་མཉམ་མཇལ་འཕྲད་དང་ཚོགས་འདུ་གནང་རྒྱུ།
༢༠༡༣།༡༡།༨༌༌༌༡༢ བར་ནི་དར་ལེནཌ་ (Netherland) དུ་གོང་ལྟར་མཇལ་འཕྲད་དང་ཚོགས་འདུ་གནང་རྒྱུ།
༢༠༡༣།༡༡།༡༢༌༌༌༡༧ བར་ཇར་མ་ནི་ (Germany) རུ་གོང་ལྟར་མཇལ་འཕྲད་དང་ཚོགས་འདུ་གནང་རྒྱུ།
༢༠༡༣།༡༡།༡༧༌༌༌༢༤ བར་དབྱིན་ལནཌ་ (England) དུ་གོང་ལྟར་མཇལ་འཕྲད་དང་ཚོགས་འདུ་གནང་རྒྱུ།
༢༠༡༣།༡༡།༢༥ ཉིན་དབྱིན་ལནཌ་ནས་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༢༦ ཉིན་སྔ་དྲོ་ཚོུད་ ༡༡།༤༠ ཐོག་ལྡི་ལིར་ཕེབས་འབྱོར་གནང་རྒྱུ།
༢༠༡༣།༡༡།༢༦ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་བཅས།།