༄༅། །སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་དང་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་རྣམ་གཉིས་ས་བགོས་ལྟར་རྡ་ས་ས་གནས་འགོ་འཛིན་ཁྱབ་ཁོངས་ས་གནས་ཁག་གཅིག་ཏུ་ ༢༠༡༤ ཟླ་ ༩ ཚེས་ ༨ ནས་ ༡༠ བར་ཉིན་གསུམ་རིང་གཞུང་འབྲེལ་གཟིགས་ཞིབ་ཏུ་ཕེབས་པ།

ཕྱི་ཟླ་ཚེས་ཉིན་རྒྱུད་སྟོད་དུ་ཕེབས་ཏེ་བླ་མ་དབུ་མཛད་ཀྱིས་དབུས་དགེ་འདུན་པ་ཞལ་གྲངས་བརྒྱ་བརྒལ་བ་ཞལ་འཛོམས་པའི་ཐོག་༸གོང་ས་མཆོག་གི་མཛད་འཕྲིན་དང་སྐུ་དྲིན་ཆེ་སྐོར་དང་།དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ་སྐོར།བོད་ནང་གི་ཛ་དྲག་གནས་སྟངས།རྒྱ་མི་རིགས་དང་།རྒྱ་གར་གྱིས་མཚོན་རྒྱལ་སྤྱིའི་རྒྱབ་སྐྱོར་དང་དོན་དངོས་གནས་ལུགས།དོལ་རྒྱལ་སྐོར་བཅས་ཀྱི་གསུང་བཤད་དང་འབྲེལ་བསླབ་པ་སློབ་གཉེར་ཡག་པོ་གནང་རྒྱུའི་འབོད་བསྐུལ་དང་དྲི་བར་ལན་འདེབས་གནང་།

ཚེས་ཉིན་གྱི་སྔ་དྲོར་དབུས་སྨན་རྩིས་ཁང་གྱི་ཚོགས་ཁང་དུ་སྨན་རྩིས་ཁང་དང་དཔེ་མཛོད་གཉིས་ཀྱི་ལས་སློབ་གྲངས་༢༠༠འདུ་འཛོགས་ཐོགགོང་བཞིན་ལས་རིམ་བསྐྱངས་གནང་བ་མ་ཟད།རང་རེའི་གསོ་རིག་སྨན་དཔྱད་ཀྱི་ཕན་ཡོན་དང་།དེང་རབས་གཉན་འཇོམ་སྨན་བེད་སྤྱོད་ཆེ་དྲགས་ན་གཟུགས་པོའི་ཆ་ཤས་གཞན་ལ་ཞོར་སྐྱོན་སྤྲོད་ཀྱི་ཡོད་པ།བོད་ལུགས་གསོ་བ་རིག་པའི་སྨན་དར་ཁྱབ་འགྲོ་ངེས་སྐོར་སོགས་གཏམ་བཤད་དང་དྲི་བར་ལན་འདེབས་གནང་།

ཉིན་རྒྱབ་རྡ་ཤོད་སློབ་གྲྭར་གོང་བཞིན་སྤྱི་མཚུངས་ཐོག་ཤེས་ཡོན་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་དང་།གཙོ་བོ་བོད་ཀྱི་སྐད་ཡིག་རིག་གཞུང་།ཡ་རབས་བཟང་སྤྱོད་ཐོག་དམིགས་བསལ་དོ་སྣང་དགོས་པའི་སློབ་གསོ་གནང་།

ཕྱི་ཚེས་༡༠ཉིན་གྱི་སྔ་དྲོར་བཙུན་དགོན་འཇམ་དབྱངས་ཆོས་གླིང་དང་ཤུག་གསེབ་ཀྱི་བཙུན་མ་ཚོར་གོང་བཞིན་སྤྱི་མཚུངས་ཐོག་བསླབ་པ་སློབ་གཉེར་ལ་ཤུགས་རྒྱག་དགོས་སྐོར་གྱི་གསུང་བཤད་དང་དྲི་བར་ལན་འདེབས་གནང་།བཙུན་དགོན་དེ་གཉིས་སུ་བོད་པ་ལས་ཧི་མ་ལ་ཡའི་རི་བརྒྱུད་དང་།འབྲས་འབྲུག་ནས་ཡིན་པ་མང་བ་ཡོད་ཀྱང་བོད་པ་དང་གཉིས་སུ་མེད་པ་བོད་མིའི་ལས་འགུལ་ཁག་གི་ནང་མཉམ་ཞུགས་བྱེད་བཞིན་ཡོད་ལ།ཕྱི་རྒྱལ་ནས་ཡིན་པའི་སློབ་མའང་ཡོད་པ་ཁོང་ཚོས་བོད་དོན་ཐོག་དོ་སྣང་བྱས་པར་བདེན་རྒྱབ་གནང་རོགས་ཞེས་འབོད་བསྐུལ་ཡང་གནང་།

thuplob

ཉིན་རྒྱབ་མེཀ་ལོཊ་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་མི་མང་འདུས་ཀྱང་དེར་མི་མང་༣༠ཙམ་ལས་ཕེབས་མེད།སྤྱི་མཚུངས་དོན་ཚན་སོ་སོའི་ཐོག་གསུང་བཤད་གནང་།

ཕྱི་དྲོའི་རྡ་སྟེང་བོད་ཁྱིམ་དུ་གོང་བཞིན་སྤྱི་མཚུངས་ཐོག་གསུང་བཤད་དང་།དཔེ་དང་བཅས་དམིགས་བསལ་ཤེས་ཡོན་གལ་ཆེ་བའི་སྐོར་དང་།ལྷག་པར་༸གོང་ས་མཆོག་ནས་བོད་ཕྲུག་ན་གཞོན་ཚོའི་དོན་དུ་བོད་པའི་སློབ་གྲྭ་ཟུར་བཙུགས་གནང་བའི་དགོས་དམིགས་སོགས་ཀྱི་ཐོག་ནན་བརྗོད་གནང་།

སྤྱི་འཐུས་རྣམ་གཉིས་ཀྱི་ས་བགོས་ས་གནས་ཁྱབ་ཁོངས་ནས་ཏིར་ལོཀ་པུར་དང་།པ་ཐན་ཀོཊ།ཅམ་བྷ།ཌལ་ཧོར་བཅས་ལ་རྗེས་སུ་ཕེབས་འཆར་བཅས་ཀྱི་གནས་བསྡུས་སུ།

 

Menu