སྐུ་མགྲོན་གཙོ་བོ་སྤོན་ཊ་གྲོང་འཁྱེར་གྱི་ཚོགས་གཙོ་ Mr. Sanjay Singhal མཆོགསྐུ་མགྲོན་གཙོ་བོ་སྤོན་ཊ་གྲོང་འཁྱེར་གྱི་ཚོགས་གཙོ་ Mr. Sanjay Singhal མཆོག
དེ་ཡང་སྤོན་ཊ་ཆོལ་གསུམ་གཞིས་ལས་ཁང་ནས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༡ ཉིན་ཀུམ་རའོ་གཞིས་ལས་ཁང་ནས་སྤོན་ཊ་ཆོལ་གསུམ་གཞིས་ཆགས་ཀྱི་མཛད་གཙོ་རྣམ་པར་ཞོགས་པ་ཆུ་ཚོད་ ༡༠་༣༠ ཐོག་བྷ་ཌིར་སྤུར་གསུམ་མདོར་བརྒྱུད་སྤྲོད་གནང་བར། ས་གནས་གཞོན་ནུའི་ཚོགས་མིས་སྦག་སྦག་སྔོན་བསྐྱོད་ཀྱིས་གཞིས་ལས་ཁང་གི་ཚོགས་ཁང་དུ་གདན་ཞུ་གནང་བར་མང་ཚོགས་ནས་སྣེ་བསུ་གཟབ་རྒྱས་ཞུས། དེ་ནས་སྤོན་ཊ་ཆོལ་གསུམ་གཏན་སློབ་ཀྱི་སློབ་ཕྲུག་རྣམ་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བདེན་ཚིག་སྨོན་ལམ་འུར་འདོན་གནང། དེ་མཚམས་བོད་ནང་གི་ད་ལྟའི་ཛ་དྲག་གནས་བབ་སྤྱི་དང་། བྱེ་བྲག་ཏུ་རང་ལུས་མེར་སྲེག་གི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་དང་། སྐྱིད་སྡུག་མཉམ་མྱོང་གིས་ངག་བཅད་སྐར་མ་གཅིག་གནང།
ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༡ ཉིན་སྤོན་ཊ་ས་གནས་སུ་བདེན་པའི་མི་ལྕེ་དཔལ་འབར་རྩིས་ལེན་གནང་བ།ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༡ ཉིན་སྤོན་ཊ་ས་གནས་སུ་བདེན་པའི་མི་ལྕེ་དཔལ་འབར་རྩིས་ལེན་གནང་བ།ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༡ ཉིན་སྤོན་ཊ་ས་གནས་སུ་བདེན་པའི་མི་ལྕེ་དཔལ་འབར་རྩིས་ལེན་གནང་བ།ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༡ ཉིན་སྤོན་ཊ་ས་གནས་སུ་བདེན་པའི་མི་ལྕེ་དཔལ་འབར་རྩིས་ལེན་གནང་བ།
དེ་ནས་ས་གནས་འགོ་འཛིན་དང། ས་འཐུས་ཚོགས་གཙོ་བཅས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་སྐོར་ངོ་སྤྲོད་གཏམ་བཤད་གནང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་མཆོག་ནས་ཐུགས་རྗེ་ཆེ་ཞུས་གནང་བའི་རྗེས་མང་ཚོགས་ནས་ས་རྟགས་བསྡུ་རུབ་གནང་བ་དང་། ཞ་ལུ་དགོན་པ་དང། ཡན་ལག་སྨན་རྩིས་ཁང་། ས་གནས་མི་མང་སློབ་གྲྭ་བཅས་སུ་སྐོར་བསྐྱོད་གནང་། ཕྱི་ལོ་ ༢༠༡༢ ཟླ་ ༩ ཟླ་ ༡༢ ཞོགས་པ་ཆུ་ཚོད་ ༨་༣༠ ཐོག་སྤོན་ཊ་ས་གནས་གཞིས་མི་དང། ཞ་ལུ་དགོན་པའི་དགེ་འདུན། སམ་བྷོ་ཊ་གཏན་སློབ་ཕྲུག་བཅས་སྦི་ཀྲུ་ཚོང་ཁང་གི་ཉེ་འགྲམ་དུ་འཛོམས་ཏེ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱིས་གུ་རུ་དྷུ་ཝར་མདུན་ཐང་དུ་འབྱོར་མཚམས་སྐུ་མགྲོན་རྣམ་པ་དང་། མི་མང་བཅས་འཛོམས་པའི་ཐོག་མཛད་སྒོ་དབུ་འཛུགས་གནང། ཐོག་མར་སློབ་ཕྲུག་རྣམ་པས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་བའི་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་ངག་བཅད་གུས་བཏུད་སྐར་མ་གཅིག་ཞུས། དེའི་རྗེས་ས་གནས་འགོ་འཛིན་དང་ལས་དྲུང་སོ་སོས་ཨིན་ཧིན་ཐོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གསར་འགོད་གསལ་བསྒྲགས་སྒྲོག་སྦྱང་གནང་། སྐུ་མགྲོན་གཙོ་བོ་སྤོན་ཊ་གྲོང་ཁྱེར་གྱི་ཚོགས་གཙོ་སྐུ་ཞབས་སན་ཇེ་སིན་གྷལ་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་གི་ཏ་རམ་ཋཱ་ཀུར་(Shri. Geeta Ram Thakur) ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཌོག་ཊར་མ་དཱན་ལལ་ཁུ་ར་ན་(Dr. Madan Lal Khurana)ཚོགས་བཅས་ནས་རིམ་བཞིན་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་རྒྱས་པར་གནང་དང་མཐར་སམ་བྷོ་ཊའི་གཏན་སློབ་ཀྱི་སློབ་སྤྱིས་ཐུགས་རྗེ་ཆེ་ཞུས་པར་གནང། དེའི་རྗེས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་འབྲེལ་བའི་ཡིག་ཆ་འགྲེམས་སྤེལ་དང་ས་གནས་ཡུལ་མི་ཁག་ལས་ས་རྟགས་བསྡུ་རུབ་ཞུས་པ་དང་། གསར་འགོད་གསལ་བསྒྲགས་བཅས་གནང་བར་གསར་ཤོག་ཁག་བཞི་ཙམ་གྱི་ནང་ཐོན་ཡོད་འདུག་པ་བཅས་ཀྱི་གསར་གནས་སུ། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༣ ལ།།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།