༄༅། །སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཉིན་དང་པོའི་ལས་རིམ་སྙིང་བསྡུས།

ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༢ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་དབུ་བཞུགས། དཔལ་ལྡན་ཚོགས་གཞོན་མཆོག་གིས་དབུས་བོད་མི་མང་སྤྱི་འཐུས་རྣམ་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་དང་། དྲུང་ཆེ་རྣམ་པ། དེ་བཞིན་ཕྱི་ནང་གི་གསར་འགོད་པ་དང་ཟུར་ཉན་པ་རྣམ་པ་སོགས་ལྷན་འཛོམས་ཀྱིས་གྲོས་ཚོགས་ཚོགས་དུས་ ༨ པ་དབུ་འཛུགས་ཀྱི་གསལ་བསྒྲགས་ཞུ་རྒྱུ་དང་། དེ་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཐེངས་འདིའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་རྒྱུ་དང་། ཚོགས་གཙོའི་ལས་ཚབ་དང་། དེ་བཞིན་ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་རྒྱུ། དེ་རྗེས་རིམ་བཞིན་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག་དང་། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་འཇོག་གནང་བ་དང་འབྲེལ་བགྲོ་གླེང་ལྷུག་པོར་གནང་རྒྱུ། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༥ པའི་ལས་བསྡོམས་དང་སྙན་ཐོར་བཀའ་ཤག་གིས་ཕྱག་བསྟར་ཇི་གནང་གི་སྙན་ཐོའི་ཐོག་སྤྱི་འཐུས་རྒྱུན་ལས་ནས་མཇུག་སྐྱོང་གནང་བའི་སྙན་ཐོ་སྙན་སྒྲོན་ཞུ་རྒྱུ་བཅས་ཀྱི་ལས་རིམ་སྙིང་བསྡུས་སུ།

Menu