༄༅། །སྐབས་ ༡༥ པའི་གྲོས་ཚོགས་ཚོགས་འདུས་ ༨ པ་ཕྱི་ལོ་ ༢༠༡༤།༩།༡༢ ནས་ ༢༤ བར་འཚོགས་བཞིན་པའི་ལས་ཉིན་ལྔ་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

 ཕྱི་ལོ་༢༠༡༤ཟླ་ཚེས་༡༧ཉིན་སྔ་དྲོ་ཕྱག་ཚོད་༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ལ་དྭགས་སླེ་བྱང་གཉིས་ཀྱི་མི་མང་གི་དཀའ་ངལ་སྐོར་གྲོས་ཚོགས་ཚོགས་དུས་དྲུག་པ་དང་བདུན་པར་ས་གནས་སུ་བཅར་བའི་ལས་བསྡོམས་ཡིག་ངག་གཉིས་ཐོག་ནས་ཞུས་པའི་སྐོར་གྱི་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༤ པ་གནང་བར།  དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་ལན་འདེབས་གནང་བ་དང་། དེ་འབྲེལ་སྤྱི་འཐུས་གཉིས་ཀྱིས་འཕྲོས་དོན་དྲི་བར་གནང་བ་ཁག་སོ་སོར་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།

དེ་བཞིན་སྐར་རྟགས་ཅན་གྱི་དྲི་བ་ཨང་༧ པ། ད་ཆ་བོད་དོན་བདེན་མཐའ་གསལ་ཐབས་སླད་རྒྱལ་སྤྱིའི་སྒྲིག་འཛུགས་དང་མི་སྒེར་བཅས་ཀྱི་རྒྱབ་སྐྱོར་སྐོར་བཏོན་གནང་བར།  དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་གནང་བ་དང་། དེ་འབྲེལ་སྤྱི་འཐུས་བདུན་གྱིས་འཕྲོས་དོན་དྲི་བར་གནང་བ་ཁག་སོ་སོར་དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།

ཉིན་འདིའི་ལས་རིམ་ ༢ པར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་གཅིག་གི་དགོངས་དོན་ལྟར།  ལས་བྱེད་འདེམས་ལྷན་ཚོགས་མི་གཅིག་འོས་འདེམས་ཆེད་འོས་མི་གཉིས་ཀྱི་མཚན་དང་ལོ་རྒྱུས་འདེམས་སྒྲུག་ཚོགས་ཆུང་ནས་ཕུལ་བ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྙན་སྒྲོན་ཟིན་རྗེས། སྤྱི་འཐུས་ཚོགས་གཞོན་བརྩིས་པའི་ངོ་ཡོད་སྤྱི་འཐུས་ ༣༨ ཀྱིས་འོས་འཕེན་གནང་སྟེ།  ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་སུ་འོས་གྲངས་ ༡༢ དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་འགན་འཛིན་དངོས་གྲུབ་དབང་འདུས་ལགས་སུ་འོས་གྲངས་ ༢༣  འོས་གྲངས་ ༤ རྩིས་མེད་དུ་སོང་བ་བཅས། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་འགན་འཛིན་དངོས་གྲུབ་དབང་འདུས་ལགས་ལས་བྱེད་འདེམས་ལྷན་ཚོགས་མིར་བདམས་ཐོན་བྱུང་བ་དཔལ་ལྡན་ཚོགས་གཙོ་མཆོག་ནས་གསལ་བསྒྲགས་གནང་།

vot
ལས་བྱེད་འདེམས་ལྷན་གྱི་ཚོགས་མི་གཅིག་འོས་འདེམས་གནང་བཞིན་པ།

ཉིན་འདིའི་ལས་རིམ་ ༣ པར། ལས་ཉིན་འདིའི་སྔོན་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༣་་་ ༡༤ ལོའི་ལས་བསྡོམས་སྙིང་བསྡུས་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་གནང་བ་གཉིས་ཀྱི་ཐད་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་ཟིན་པར་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས། སྤྱི་འཐུས་རྒྱུན་ལས་ཀྱི་སྙན་ཐོ་ནང་གསལ་དྲི་བ་ཁག་ལ་ལན་འདེབས་གནང་བ་དང།ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་སྐབས་སྤྱི་འཐུས་ ཡིས་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་ཕྱི་ཉིན་ལས་དོན་འདིའི་ཐད་བགྲོ་གླེང་དང་ལན་འདེབས་གསལ་བཤད་མུ་མཐུད་གནང་རྒྱུབཅས། ལས་ཉིན་ལྔ་པར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པ་ཁག་དང་། ཉིན་རྒྱབ་ཕྱག་ཚོད་ ༡།༣༠ ནས་སྤྱི་འཐུས་རྣམ་པའི་བཞུགས་མོ་ཚོགས་འདུ་གནང་ཡོད་པའི་གནས་བསྡུས་སུ།