ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༠ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གི་གྲོས་ཚོགས་དབུ་འཛུགས་དང་འབྲེལ། ཁྲིམས་བཟོའི་ལས་དོན་ཐོག ཡིག་ཆ་ཨང་ ༣༥དང་༣༦གི་དོན་ཚན་གཉིས་ངོ་ཡོད་གསུམ་གཉིས་དང་།ཡིག་ཨང་༣༡།༣༢།༣༣།༣༤།༣༨དེའི་ཟུར་འཛར་དང་བཅས་པ་མང་མོས་ཐོག་གཏན་འབེབས་གནང་།
ཉིན་འདིའི་ལས་རིམ་ ༢ པ། ཁྲིམས་སྒྲིག་བསྐྱར་བཅོས་བརྗོད་པ་དང་པོའི་ཡིག་ཆ་ཨང་ ༣༩ པ། བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པ་འི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་དེ་སྤྱི་མོས་སུ་མ་ཕྱིན་པར་བརྟེན་བརྗོད་པ་དང་པོ་ཟིན་འཕྲལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་དྲུག་ཅུ་པའི་ནང་གསེས་༣ཁཔ་ལྟར་ཆེད་བཙུགས་ཚོགས་ཆུང་ནང་གཏོང་རྒྱུའི་ཐག་གཅོད་གནང་།
ཚོགས་ཐུན་གསུམ་པའི་སྐབས། གྲོས་ཚོགས་ནང་ The Indo_tibetan Friendship Association,Bir (chauntra) ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ shri Pankaj Jamwal གཙོས་པའི་ལས་བྱེད་པ་ ༦ དང་། འབྲེལ་ཡོད་ས་གནས་བོད་མིའི་ལས་བྱེད་ཁག་ཅིག སྐུ་མགྲོན་མཁྱོན་བསྡོམས་ ༡༢ གྲོས་ཚོགས་སུ་ཕེབས་ཡོད་པ་དང། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཕེབས་བསུ་དང་སྦྲགས་ཁོང་རྣམ་པའི་ངོ་སྤྲོད་རེ་རེ་བཞིན་གནང་སྟེ་གྲོས་ཚོགས་ཚོགས་མི་ཡོངས་ནས་དགའ་བསུ་ཞུས་གནང་།
ཉིན་འདིའི་ལས་རིམ་ ༣ པ། དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནས་ཕྱི་ལོ་ ༢༠༡༣་་༡༤ ལོའི་ལས་བསྡོམས་སྙིང་བསྡུས་འགོད་འབུལ་གྱི་ཡིག་ཆ་ཨང་ ༤༥ སྙན་སྒྲོན་གནང་བ་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་གནང་། གོང་གི་ལས་བསྡོམས་དང་ཞིབ་འཇུག་སྙན་ཐོ་བཅས་ཀྱི་སྟེང་དོགས་འདྲི་དང་། བགྲོ་གླེང་གནང་བར་ཤེས་རིག་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་བ་དང་། ཕྱི་ཉིན་ལས་དོན་འདིའི་ཐད་མུ་མཐུད་བགྲོ་གླེང་དང་ལན་འདེབས་གསལ་བཤད་གནང་རྒྱུ།
ཉིན་འདིའི་ལས་རིམ་ ༤ པ། སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་སྟོབས་རྒྱལ་ལགས་ཀྱིས་སྤྱི་འཐུས་རྣམ་པས་དགོངས་ཤོག་ཕུལ་བ་ཁག་དང་། བདུན་རྗེས་མའི་ལས་རིམ་ཁག་སྙན་སྒྲོན་གནང་བ་དང་བཅས། ཉིན་བརྒྱད་པར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།