༄༅། །སྐབས་ ༡༥ པའི་གྲོས་ཚོགས་ཚོགས་འདུས་ ༨ པ་ཕྱི་ལོ་ ༢༠༡༤།༩།༡༢ ནས་ ༢༤ བར་འཚོགས་བཞིན་པའི་ལས་ཉིན་བདུན་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

ཕྱི་ལོ་༢༠༡༤ ཟླ་ ༩ ཚེས་ ༡༩ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གི་གྲོས་ཚོགས་དབུ་འཛུགས་དང་འབྲེལ།   སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར། ཡིག་ཆ་ཨང་ ༤༤ པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ནང་དོན་ལྟར། ལེའུ་བཅུ་གཉིས་པ། དོན་ཚན་ ༤༧ པའི་ཆ་རྐྱེན་འོག་བཏོན་གནང་བ་དང། གྲོས་འཆར་འདོན་མཁན་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་རྒྱབ་སྐྱོར་གནང་།  གྲོས་ཚོགས་སུ་ཚུད་པ་དང་སྐབས་དེར་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་གྲངས་ ༡༤ ཡིས་བགྲོ་གླེང་ལ་ཆ་ཤས་བླངས།  མཐར་གྲོས་ཆོད་དེར་འོས་བསྡུ་བྱས་སྐབས། སྤྱི་འཐུས་གྲངས་ ༧ གྱིས་རྒྱབ་སྐྱོར་དང་། སྤྱི་འཐུས་གྲངས་ ༡༣ གྱི་དགག་བྱ་གནང་ཡོད་པར་བརྟེན་གྲོས་ཆོད་དེ་ཟགས་འདུག

ཉིན་འདིའི་ལས་རིམ་ ༢ པ། སྔོན་མའི་འཕྲོ་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙིང་བསྡུས་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོའི་ཐད་སྤྱི་འཐུས་ ༡༦ གིས་བགྲོ་གླེང་གི་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།

diki

ཉིན་འདིའི་ལས་རིམ་ ༣ པ།  དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༣ ་་་ ༡༤ ལོའི་ལས་བསྡོམས་སྙིང་བསྡུས། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་ནས་སྙན་སྒྲོན་གནང་བ་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་སྙན་སྒྲོན་གནང་།

ts

སྙན་སྒྲོན་ཟིན་པའི་ལས་བསྡོམས་དང་སྙན་ཐོ་གཉིས་ཀྱི་ཐད་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་ཞིག་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ནས་བཏོན་གནང་བ་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་རྒྱབ་སྐྱོར་གནང་། སྤྱི་ཡོངས་ཀྱི་བགྲོ་གླེང་སྐབས་སྤྱི་འཐུས་ ༡༩ ཡིས་ཆ་ཤས་བཞེས་ཏེ་དགོངས་ཚུལ་གསུངས་པ་དང་སྦྲགས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་དགོས་ཁག་གནང་སྟེ་མཚན་མོ་ཆུ་ཚོད་ ༨ པའི་སྟེང་གྲོས་ཚོགས་གྲོལ་ཡོད་པ་བཅས་ཉིན་འདིར་གྲོས་ཚོགས་སུ་བསྐྱངས་པའི་ལས་རིམ་སྙིང་བསྡུས་སུ།