༄༅། །སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༧ ཉིན་གྱི་ལས་རིམ་བསྐྱར་བཅོས་གཤམ་གསལ།
ཕྱི་ལོ་ཟླ་ཚེས་དང་རེས་གཟའ། | ཚོུད། | ཨང། | ལས་རིམ། |
༢༠༡༥།༣།༢༧ པ་སངས།
|
ཕྱི་དྲོ། ༢།༠༠
༣།༠༠ ༣།༡༥
༥།༠༠ |
༡
༢
༣
|
དྲི་བ་དྲིས་ལན་གྱི་དུས་ཚོད་མེད་པ་ཡིན། ཁྲིམས་བཟོའི་ལས་དོན་ཁག་གཅིག་གི་བརྗོད་པ་དང་པོ་དང། གཉིས་པ། ཀ བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང། བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར། ཡིག་ཆ་ཨང་ ༥༡ པ། (ཕྱི་ཚེས་ ༢༦ ཉིན་གྱི་ལས་རིམ་ཁོངས་ཡོད།) ཁ བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར། ཡིག་ཆ་ཨང་ ༥༢ པ། (ཕྱི་ཚེས་ ༢༦ ཉིན་གྱི་ལས་རིམ་ཁོངས་ཡོད།) ཁྲིམས་འཆར་འདོན་མཁན་དཔལ་ལྡན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག རྒྱབ་སྐྱོར་གནང་མཁན་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག ག ཁྲིམས་དྲུང་ལས་ཁུངས་དང་། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ཐད་བསྐོས་ལས་བྱེད་རྣམས་ལས་བྱེད་སྤྱིའི་སྒྲིག་གྲལ་དུ་ཟླ་སྒྲིལ་གཏོང་ཕྱོགས་སླད་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ། ཡིག་ཆ་ཨང་ ༤༡ པ། (ཕྱི་ཚེས་ ༢༤ ཉིན་གྱི་ལས་རིམ་ཁོངས་ཡོད།) ང བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར། ཡིག་ཆ་ཨང་ ༤༢ པ། (ཕྱི་ཚེས་ ༢༤ ཉིན་གྱི་ལས་རིམ་ཁོངས་ཡོད།) ཁྲིམས་འཆར་འདོན་མཁན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས། རྒྱབ་སྐྱོར་གནང་མཁན་ཚོགས་ཆུང་གི་ཚོགས་དྲུང་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས། གསོལ་ཇའི་བར་གསེང། ཅ ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར། ཡིག་ཆ་ཨང་ ༤༣ པ། (ཕྱི་ཚེས་ ༢༤ ཉིན་གྱི་ལས་རིམ་ཁོངས་ཡོད།) ཁྲིམས་འཆར་འདོན་མཁན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས། རྒྱབ་སྐྱོར་གནང་མཁན་ཚོགས་ཆུང་གི་ཚོགས་དྲུང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས། ཆ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར། ཡིག་ཆ་ཨང་ ༤༤ པ། (ཕྱི་ཚེས་ ༢༤ ཉིན་གྱི་ལས་རིམ་ཁོངས་ཡོད།) ཁྲིམས་འཆར་འདོན་མཁན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས། རྒྱབ་སྐྱོར་གནང་མཁན་ཚོགས་ཆུང་གི་ཚོགས་དྲུང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས། ཇ བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར། ཡིག་ཆ་ཨང་ ༥༦ པ། ཁྲིམས་འཆར་འདོན་མཁན་སྤྱི་འཐུས་རྒྱ་རིགས་མཐར་ལགས། རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་གངས་ལྷ་མོ་ལགས། གཞུང་འབྲེལ་གྲོས་འཆར། ཡིག་ཆ་ཨང་ ༥༣ པ། གྲོས་འཆར་འདོན་མཁན་སྤྱི་འཐུས་པདྨ་འབྱུང་གནས་ལགས། རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། གཞུང་འབྲེལ་གྲོས་ཆོད་གྲོས་འཆར། ཀ ཡིག་ཆ་ཨང་ ༣༦ པ། (ཕྱི་ཚེས་ ༢༣ ཉིན་གྱི་ལས་རིམ་ཁོངས་ཡོད།) ཁ ཡིག་ཆ་ཨང་ ༣༧ པ། (ཕྱི་ཚེས་ ༢༣ ཉིན་གྱི་ལས་རིམ་ཁོངས་ཡོད།) སང་སྔ་དྲོ་ཆུ་ཚོད་ ༩།༣༠ བར་ཚོགས་གསེང་ཡིན་པ་བཅས། |