༄༅། །སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ ༨ པའི་ཐོག་བོད་མི་མང་སྤྱི་ལྷན་དཔལ་ལྡན་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད།

༄༅། །སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ ༨ པ་ང་ཚོས་ལས་ཉིན་ ༡༡ འཚོགས་པ་རེད། ལས་ཉིན་ ༡༡ ནང་ནས་ཉིན་མ་ཁ་ཤས་ཤིག་དགོང་དྲོ་ཆུ་ཚོད་ ༨ པ་ཡོལ་ནས་འཚོག་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད། ལས་རིམ་ཆ་ཚང་ནང་དཔལ་ལྡན་སྲིད་སྐྱོང་མཆོག་ཛ་དྲག་ཐོག་ལྡི་ལིར་ཕེབས་དགོས་པའི་གནས་སྟངས་ཤིག་ཆགས་པ་ལས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་ཚོ་དང་དཔལ་ལྡན་ཚོགས་གཙོ་གཞོན་པས་དབུས་སྤྱི་འཐུས་རྣམ་པ་ཚང་མས་ཉིན་ ༡༡ གི་ལས་རིམ་ཆ་ཚང་ནང་ཐུགས་ཁུར་ཆེན་པོས་མཉམ་ཞུགས་གནང་སོང། དོན་དང་ལྡན་པའི་བགྲོ་གླེང་ཞུས་སོང། DSC03416འཛིན་སྐྱོང་བཀའ་ཤག་ངོས་ནས་ཡིན་ནའང་། དྲི་བ་ཕལ་ཆེར་བརྒྱ་ཕྲག་ཁ་ཤས་ཤིག་ཕེབས་ཡོད་རེད། ལྷན་ཁང་རེ་རེ་རེ་རེ་ལ། དཔེར་ན། ནང་སྲིད་གཅིག་པུ་ལ་ཆ་མཚོན་ན། ཁ་སྔོན་ངས་རྡོག་རྡོག་འདྲ་པོ་ཞུས་ན་དྲི་བ་ ༡༣༠ ནས་ ༡༤༠ དེ་འདྲ་ཞིག་ཕེབས་པ་ཡོད་ཅེས་ཞུས་པ་རེད། ནང་སྲིད་གཅིག་པུ་ལ་དྲི་བ་ཕལ་ཆེར་ནང་གསེས་ཀྱི་དབྱེ་བ་འདྲ་པོ་ཕྱེས་ན། ༢༥༠ ཡས་མས་ཀྱི་དྲི་བ་དེ་འདྲ་ཞིག་བྱུང་འདུག དེ་དེ་བཞིན་གྱིས་ལྷན་ཁང་ཚང་མར་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་སྤྱི་པའི་བདེ་རྩ་དང་མི་མང་གི་ཁེ་ཕན་ཆེད་དུ། དྲི་བ་གནང་པ། དགོངས་ཚུལ་གསུངས་པ། དེའི་ཐོག་ལ་འཛིན་སྐྱོང་བཀའ་ཤག་ངོས་ནས་ལན་འདེབས་གསལ་བཤད་ཞིབ་ཚགས་པོ་ཞེ་དྲག་བྱུང་སོང། དེའི་ཐོག་ནས་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་ཐུགས་དོགས་ཡོད་པ་དང་གནས་ཚུལ་གསལ་པོ་མ་ཆགས་པ་དེ་ཚོ་གསལ་པོ་བཟོས་པ་མ་ཟད་གྲོས་ཚོགས་ཀྱི་བརྒྱུད་ལམ་འདིའི་ཐོག་ནས། བོད་རྒྱ་ཆེའི་མང་ཚོགས་ལ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མར་གནས་ཚུལ་མང་པོ་ཞིག་གསལ་པོ་བཟོ་ཐུབ་སོང། དེ་བཞིན་ལས་རིམ་གཞན་དྲི་བ་དྲིས་ལན་གྱི་དུས་ཚོད་དང་། ཐུགས་སྣང་གཞེན་སྐུལ། གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ་སོགས་གང་ཅིའི་ཐོག་ལ་ཚང་མས་ཐུགས་ཁུར་ཆེན་པོས་ཆ་ཤས་བླངས་པ་དེ་ལ་ཚོགས་གཙོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།   

དེ་མཚུངས། བཀུར་འོས་སྤྱི་འཐུས་རྣམ་པ་ཚོའི་ངོས་ནས་གྲོས་ཚོགས་ནང་མཉམ་ཞུགས་གནང་སྟངས་རེད། འཛིན་སྐྱོང་ནས་གྲོས་ཚོགས་ལ་འགན་འཁུར་རྩིས་རྒྱག་གནང་སྟངས། དེ་ཚོའི་ཐོག་ལ་མཐོང་ཚུལ་འགའ་ཤས་ཤིག་ད་རེས་མཇུག་བསྡོམས་འདིའི་སྐབས་ལ་ཞུས་ན་དྲན་སོང། 

         ད་གིན་གོང་དུ་ཞུས་པ་བཞིན། ད་རེས་གྲོས་སུ་ཚོགས་བཅར་ཐད་སྤྱི་འཐུས་རྣམ་པ་གསུམ་ད་རེས་གྲོས་ཚོགས་ཆ་ཚང་དགོང་ཞུ་གནང་བ་ལས། དེ་མིན་ཐོག་མར་གྲོས་ཚོགས་འགོ་བཙུགས་པའི་སྐབས། སྤྱི་འཐུས་རེ་གཉིས་ཉིན་མ་ཁ་ཤས་དགོངས་པ་ཞུ་དགོས་པའི་གནས་སྟངས་དེ་འདྲ་ཆགས་ཡོད་པ་མ་གཏོགས། དེ་མིན་ཕྱག་ཚོད་པ་ཡོལ་གྱི་བར་དུ་འཚོགས་པའི་སྐབས་སུ་ཡང། སྤྱི་འཐུས་ཚང་འཛོམས་སུ་བཞུགས་ཏེ་དེ་དག་གྲོས་ཚོགས་ཀྱི་ལས་རིམ་ལ་གཟིགས་མཁན་ཚོ་ཡིན་ནའང་།ཚ་ཚ་འུར་འུར་དང་སྤྱི་འཐུས་ཚང་མས་་འགན་འཁུར་ཡག་པོ་བཞེས་གནང་སོང་། འཛིན་སྐྱོང་ངོས་ནས་ཀྱང་ཐུགས་འགན་ཡག་པོ་བཞེས་སོང་བསམ་པའི་མང་ཚོགས་ལ་ཚོར་བ་ཞིག་ཏན་ཏན་འགྲོ་ཐུབ་ཡོད་བསམ་གྱི་འདུག།དེའི་ཐོག་ནས་ཚོགས་གཙོ་སྦྲེལ་པོ་གཉིས་ཀྱི་ངོས་ནས་ཡིན་ནའང་། དགའ་སྤོབས་བྱེད་འོས་པ་ཞིག་ལ། ང་ཚོ་མང་གཙོའི་ལམ་ལ་འགྲོ་ཡི་ཡོད་པ་རེད། མང་གཙོའི་ལམ་ལུགས་དང་མཐུན་པའི་ཀ་བ་གསུམ་གྱི་འགན་དབང་ལྗིད་མཉམ་སྟངས་འཛིན་རེད། གྲོས་ཚོགས་ཀྱིས་འཛིན་སྐྱོང་ལ་སྟངས་འཛིན་གནང་སྟངས། དེ་བཞིན་འཛིན་སྐྱོང་ངོས་ནས་ཡིན་ནའང། གྲོས་ཚོགས་ལ་འགན་འཁུར་་རྩིས་རྒྱག་གི་ལན་འདེབས་གནང་སྟངས་དེ་ཚོ་ཡག་ཐག་ཆོད་བྱུང་སོང། 

ཁ་ས་ཁ་ཉིན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་ནས་ཡར་ཆིབས་སྒྱུར་བསྐྱངས་པའི་སྐབས་ལའང།  བཀའ་བརྩད་གནང་གི་འདུག གྲོས་ཚོགས་ཡག་པོ་འགྲོ་ཡིི་འདུག་གམ། སྤྱི་འཐུས་རྣམ་པ་ཚོས་འཛིན་སྐྱོང་ལ་བཀར་གྱི་འདུག་གམ། དྲི་བ་ཡག་པོ་གཏོང་གི་འདུག་གམ་ཞེས་བཀའ་ཕེབས་སོང་བ། དེའི་སྐབས་སུའང་སྙན་སེང་ཞུ་རྒྱུ་བྱུང། གྲོས་ཚོགས་ཀྱི་ལས་རིམ་ཡག་ཐག་ཆོད་འགྲོ་ཡི་འདུག ཡག་པོ་བྱུང་སོང་ཞེས་ཞུ་རྒྱུ་བྱུང། 

གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས། སྤྱི་འཐུས་རྣམ་པ་ཚོ་ས་བགོས་ལྟར་ཕྱོགས་ཕེབས་སྐབས་སོ་སོ་སོ་སོའི་གཟིགས་ཚུལ་དང་འབྲེལ་བའི་ཐོག་ནས། གྲོས་ཚོགས་ནང་ལ་མང་པོ་ཞིག་ཕེབས་ཀྱི་ཡོད་རེད། བརྒྱུད་ལམ་འདི་བརྒྱུད་ནས་ཚང་མ་གསལ་པོ་ཞིག་ཆགས་ན་བསམ་སྟེ། འཛིན་སྐྱོང་གིས་སྔོན་ནས་ཡིག་ཐོག་ལན་འབྱོར་ཡོད་ནའང། ད་དུང་གྲོས་ཚོགས་འདིིའི་ནང་ལ་གླེང་སྟེ་ངག་ཐོག་ནས་ལན་རག་རྒྱུའི་འབད་བརྩོན་གནང་པ་རེད། ས་གནས་ཚང་མ་སོ་སོ་སོ་སོའི་བདེ་བ་སྡུག་བསྔལ། སྤྱི་འཐུས་ཚོས་འཛིན་སྐྱོང་དང་མི་མང་དབར་ཟམ་པ་བྱ་རྒྱུའི་ལས་འགན་དེ་ཚོ་འགྲུབ་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་ཅེས་གཅིག་དེ་ཞུ་རྒྱུ་ཡིན།

         གནད་དོན་གཞན་པ་གཅིག་ལ། ད་རེས་གྲོས་ཚོགས་འདིའི་ནང་ལ་ལས་བྱེད་ཚོ་དང་འབྲེལ་བའི་ཐོག་རེད། དགེ་རྒན་ཚོ་དང་འབྲེལ་བའི་ཐོག་རེད། གནས་ཚུལ་མང་པོ་ཞིག་འདིའི་ནང་ལ་གླེང་སློང་བྱུང་བ་རེད། ལྷག་པར་དུ་འཛིན་སྐྱོང་གི་ལས་དོན་དང་འབྲེལ་བའི་ཐོག་ནས། བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་ད་རེས་འཛིན་སྐྱོང་གི་ཕྱག་ལས་གནང་སྟངས་ཐོག་ལ་སྔར་དང་མ་འདྲ་བའི་བསྟོད་བསྔགས་མང་པོ་གནང་སོང། འཛིན་སྐྱོང་ངོས་ནས་འགན་ཆེན་པོ་བཞེས་ཡོད་པ་རེད། ཡང་སྐབས་རེ་སྐབས་རེ། ང་ཚོའི་སེམས་ནང་ལ་བཀའ་བློན་རྣམ་པ་ཚོས་ཕྱོགས་ཕེབས་ཞེད་པོ་ཅིག་གནང་གི་འདུག་བསམས་པ་ཡོང་གི་ཡོད་པ་རེེད། ཡིན་ན་ཡང་ཕྱོགས་ཕེབས་གནང་དགོས་པ་དེ་ཚོ་མི་མང་གི་བདེ་རྩ་དང་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་ཆེད་དུ་ཕྱོགས་ཕེབས་གནང་གི་ཡོད་རེད། དེར་བརྟེན་དེའི་ཐོག་ལ་གང་གནང་བཞག་པ་དེ་གྲོས་ཚོགས་བརྒྱུད་ནས་གསལ་པོ་ཆགས་རྒྱུ། ལྷག་པར་དུ་འཛིན་སྐྱོང་ལ་གྲོས་ཚོགས་འཐུས་མི་རྣམ་པ་ཚོས་བསྟོད་བསྔགས་ཕུལ་བའི་སྐབས། འཛིན་སྐྱོང་ནས་གསུངས་པ་བཞིན་ལས་བྱེད་ཚོ་སེམས་ཤུགས་འཕར་རྒྱུའི་རྒྱུ་ཞིག་ཆགས་ཀྱི་ཡོད་པ་རེད། ང་ཚོས་ལས་དོན་བྱེད་སྐབས་ཚང་མ་གང་ཟག་གཅིག་གིས་སྒྲུབ་ཐུབ་རྒྱུ་མེད་པ་དེ་གསལ་པོ་རེད། བཀའ་ཤག་སྤྱི་ཡོངས་ངོས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བཀའ་ཤག་ཁྱོན་ཡོངས་ཀྱི་རྒྱབ་སྐྱོར་དང་མཉམ་རུབ་ཀྱིས་འགན་ཞིག་འཁྱེར་དགོས་ཀྱི་ཡོད་རེད། དེ་བཞིན་ལྷན་ཁང་སོ་སོ་སོ་སོས་ལས་དོན་བྱེད་པའི་སྐབས། བཀའ་བློན་ལ་འཛིན་སྐྱོང་གི་ལས་ཀྱི་སྣེ་མོ་བ་དྲུང་ཆེ་ནས་ལས་བྱེད་བར་དུ། ཚང་མས། དབུས་དང་ཡན་ལག་ཚང་མས་འགན་བཞེས་ནས། ནུས་པ་དེ་འདྲ་ཞིག་འཐོན་གྱི་ཡོད་རེད། ཡང་སྐབས་རེ་ང་ཚོས་ལྷན་ཁང་གཅིག་ལ་བསྟོད་ར་མང་བ་བཏང། ལྷན་ཁང་གཞན་ལ་བསྟོད་ར་ཉུང་བའི་རྒྱུ་མཚན་ལ་བརྟེན་ནས། སེམས་ཤུགས་ཆག་པའི་རྒྱུ་མ་ཆགས་པ་གནང་རོགས། འབྲེལ་ཡོད་སོ་སོ་སོ་སོས་དཀའ་ལས་མང་པོ་ཞིག་རྒྱག་གི་ཡོད་རེད། གྲོས་ཚོགས་ནང་ཞུ་སྟངས་ཀྱི་ཐོག་ནས་ཞུ་ཐུབ་དང་མ་ཐུབ་ཀྱི་གནས་སྟངས་ཤིག་རེད་མ་གཏོགས། ལས་བྱེད་རྣམ་པ་ཚོས་ཁུར་དང་ལེན། སོ་སོ་སོ་སོའི་ལས་འགན་སྒང་ལ་ནུས་པ་མཉམ་སྤུངས་བྱེད་ཀྱི་ཡོད་པ་དེ་ང་ཚོ་གྲོས་ཚོགས་འདིའི་ཐོག་ནས་ངོས་ལེན་བྱེད་ཐུབ་པ་ཞིག་རེད། ཡིན་ནའང་དེའི་ཐོག་ལ་ད་ལྟ་ཡག་པོ་ཡོད་པ་དེ་ཚོ་ད་དུང་ཡག་ཏུ་གཏོང་རྒྱུར་འབད་བརྩོན་བྱ་དགོས། ལྷག་པར་དུ་གྲོས་ཚོགས་འདིའི་ནང་ལ་ཁ་སྔོན་བཀུར་འོས་སྤྱི་འཐུས་གཉིས་གསུམ་གྱིས་ལས་བྱེད་ཚོའི་རྣམ་འགྱུར་སྟོན་སྟངས་རེད། དེ་འདྲའི་ཐོག་ལའང་བཀའ་མོལ་ཏོག་ཙམ་བྱུང་བ་རེད། དེ་ཡང་ལས་བྱེད་ཚང་མ་མ་རེད། རེ་ཟུང་རེ་ཟུང་གི་ཐོག་ནས་ཡོང་གི་ཡོད་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལས་བྱེད་ཚོར་བཀའ་སློབ་གནང་པའི་སྐབས། གང་ལྟར་མཛད་གཙོ་རྣམ་པ་ནས་བཟུང་ལས་བྱེད་རྣམ་པ་ཚང་མ་མི་མང་གི་ཞབས་ཕྱི་ཞུ་མཁན་ཡིན་བསམས་ནས་ལས་ཀ་བྱ་དགོས་ཀྱི་རེད་ཅེས་བཀའ་གནང་གི་ཡོད་པ་བཞིན། ལས་བྱེད་ཚོ་ཡིན་ནའང་ང་ཚོ་མི་མང་གི་ཞབས་ཕྱི་ཞུ་མཁན་ཞིག་ཡིན། མི་མང་ནང་ལོགས་ལ་གནས་སྟངས་འདྲ་མི་འདྲ་ཧ་ཅང་མང་པོ་ཞིག་ཡོད་པ་རེད། དེ་ཚོའི་གནས་སྟངས་དེ་ཚོ་ལ་དབྱེ་བ་མ་ཕྱེ་པ་བྱས་ནས། གནས་སྟངས་ཡག་ག་ཡིན་ནའང་རེད། གནས་སྟངས་སྐྱོ་བ་ཡིན་ནའང་རེད།ཞུ་ཤེས་མཁན་དང་ཞུ་མ་ཤེས་མཁན་དེ་འདྲའི་གནས་སྟངས་མང་པོ་ཞིག་ཡོང་གི་ཡོད་པར་བརྟེན། ལས་བྱེད་ཚོར་བཅར་བའི་སྐབས། མི་མང་གིས་བདེ་སྡུག་གཅིག་ཁྱེར་ནས་བཅར་ཡོང་དུས། རེ་བ་ཆེན་པོ་ཞིག་བརྒྱབས་ནས་ཡོང་གི་ཡོད་རེད། དཀའ་ངལ་ཞིག་འཕྲད་དུས་དཀའ་ངལ་དེ་ལས་ཆེ་བ་མི་འདུག་བསམས་པའི་སོ་སོ་སོ་སོ་ལ་ཚོར་བ་ཞིག་ཡོད་རེད། དེ་འདྲའི་དཀའ་ངལ་ཞིག་ཁྱེར་ནས་ཡོང་དུས། འཛིན་སྐྱོང་ལས་བྱེད་ངོས་ནས་རྣམ་འགྱུར་སྟོན་སྟངས་རེད། བཀའ་མོལ་གནང་སྟངས་རེད། ཚིག་བེད་སྤྱོད་གཏོང་སྟངས་རེད། དེ་ཚོའི་ཐོག་ནས་ཡག་པོ་ཞིག་མ་མཐོང་པ་ཡིན་ན། ལས་བྱེད་གཅིག་དེ་ལ་བསམ་ཚུལ་ཆགས་རྒྱུ་བཤད་མི་དགོས་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཀ་བ་གསུམ་སྤྱི་ཡོངས་ལ་མཐོང་སྣང་དེ་ཞན་པོ་ཞིག་ཆགས་འགྲོ་ཡི་ཡོད་པ་རེད། ང་ཚོ་བོད་པ་གཅིག ང་རང་ཚོའི་མི་མང་གཅིག་གི་སེམས་ལ་ཕོག་ཐུག་ཕྱིན་ནའང་། དེ་ང་རང་ཚོ་ལ་གྱོང་གུན་རེད་མ་གཏོགས་ཁེ་ཕན་ཆགས་ཀྱི་ཡོད་པ་མ་རེད། འདིར་ང་ཚོ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དབུས་པའི་སྤྱི་འཐུས་རྣམ་པ་ཡིན་ནའང། ཆེ་ཆུང་ལ་མ་ལྟོས་པའི་མི་གང་འདྲ་ཞིག་བཅར་བར་ཡོང་ནའང། ག་དུས་ཡིན་ནའང་དུས་ཚོད་འབུལ་རྐྱང་བྱེད་ཀྱི་ཡོད། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་ཡིན་ནའང་དེ་ག་རང་ཡིན། སྤྱི་འཐུས་རྒྱུན་ལས་རྣམ་པ་ཚོ་ཡིན་ནའང་དེ་ག་རང་གནང་གི་ཡོད་པ་དེ་དུས་རྒྱུན་དུ་ནས་མཐོང་གི་ཡོད། ལས་བྱེད་ཚོ་ལའང།   ག་དུས་ཡིན་ནའང་དེ་ག་རང་སྐུལ་མངགས་ཞུ་ཡི་ཡོད། ལས་བྱེད་བྱིངས་ལ་ཡིན་ནའང་དེ་ཚོའི་ཐོག་ལ་ཏོག་ཙམ་ཐུགས་གཟབ་གནང་དགོས་ཀྱི་འདུག་ཅེས། རྩ་བའི་འཛིན་སྐྱོང་ངོས་ནས་གསལ་བཤད་བྱུང་པ་རེད། འོན་ཀྱང་ད་རེས་གྲོས་ཚོགས་འདི་བརྒྱུད་ནས་དེ་གཅིག་ཞུ་རྒྱུའི་འདོད་པ་བྱུང་། དེའི་ཐོག་ལ་རེས་གཟའ་སྤེན་པ་དང་པོ་དེར་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་དང་། འཛིན་སྐྱོང་ངོས་ནས་གསུང་བཤད་གནང་མཁན་གོ་སྒྲིག་མེད་པའི་སྐབས། ལྷན་ཁང་ནང་ཁུལ་སོ་སོར་བཀའ་སྡུར་བྱ་རྒྱུ་དང་དེ་འདྲའི་གནས་སྟངས་མང་པོ་ཞིག་ཡོད་པ་རེད། དེར་བརྟེན་སོ་སོའི་ལས་དོན་དེ་གཅིག་པུའི་ཐོག་ལ་མགོ་མ་འཁོར་བ་བྱས་ནས། རྒྱ་ཆེ་སའི་གནས་སྟངས་ལ་བལྟ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད་བསམ་གྱི་ཡོད། དེ་བཞིན་སོ་སོས་ད་ལྟ་ལས་དོན་བྱས་བཞག་པ་གཅིག་པུ་མ་ཡིན་པར། ལོ་ནས་ལོ་བསྟུད་ལས་ཀ་བྱ་དགོས་དུས་ན་ནིང་དང་ད་ལོ་བར་བསྡུར་བ་ཡིན་ན། ལས་ཀའི་ནུས་པ་རེད། ལས་ཀའི་འཇོན་ཐང་ཤུགས་ཆེ་རུ་གཏོང་བའི་ཆེད་དུ། ཡང་སློབ་སྦྱོང་གསར་པ་དེ་འདྲ་བྱ་དགོས་ཀྱི་འདུག་གམ། ཤེས་མཁན་དེ་ཚོའི་ས་ནས་སྐད་ཆ་དྲིས་ཏེ་སོ་སོ་སོ་སོའི་མཐོང་རྒྱ་ཐོས་རྒྱ་ཆེ་རུ་གཏང་དགོས་ཀྱི་འདུག་གམ། དེ་ཚོའི་ཐོག་ལ་ཐུགས་སྣང་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་རེད་བསམ་གྱི་ཡོད། 

                                                                                                                                                                                                                                                                                                                                                                                                            དེ་ནང་བཞིན་གྲོས་ཚོགས་འདིའི་ནང་ལ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་གླེང་སློང་བྱུང་པ་རེད། ཡང་བཀུར་འོས་སྤྱི་འཐུས་འགའ་ཤས་ཤིག་གི་བཀའ་མོལ་གནང་སྟངས་ལ་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་དེ་ཚོ་ཕར་བཞག་ནས། གནད་དོན་གཞན་པ་ལ་གཅིག་ལ་འགྲོ་ཡི་ཡོད་པའི་ཚོགས་གཙོ་གཉིས་ལ་ཚོར་བ་དེ་འདྲ་ཞིག་བྱུང། ལྐོག་ཟ་རུལ་སུངས་བཀུར་འོས་སྤྱི་འཐུས་གཅིག་གིས་གསུངས་པ་ནང་བཞིན་རེད། གྲོས་ཚོགས་འདིའི་ནང་ལ། ང་རང་ཚོའི་སྤྱི་ཚོགས་ནང་ལོོགས་ལ་སྤྱི་ཚོགས་གཞན་པ་དང་བསྡུར་བ་ཡིན་ན། ཧ་ཅང་གི་ཉུང་ཉུང་རེད། གཅིག གཉིས་ཀྱི་གནས་ཚུལ་བྱུང་པའི་སྐབས་ལའང་། ང་ཚོས་ཧང་སང་སང་དང་དོ་ནན་པོའི་ཐོག་ནས་གྲོས་ཚོགས་འདིའི་ནང་བཀའ་མོལ་གནང་གི་ཡོད་རེད། དེར་བརྟེན་ལྐོག་ཟ་རུལ་སུངས་སྒང་ལ་ང་ཚོས་བཟོད་སྲན་མེད་པའི་གནས་སྟངས་དེ་གྲོས་ཚོགས་འདིའི་ཐོག་ནས། རྣམ་འགྱུར་གསལ་པོ་ཞིག་སྟོན་ཐུབ་ཡོད་རེད་ལ་བོད་ནང་ལ་ཡོད་མཁན་བོད་མི་ཚོ་ཡིན་ནའང། དེང་སང་རྒྱ་ནག་ནང་ལོགས་ལ་ལྐོག་ཟ་རུལ་སུངས་ལ་མགོ་གནོན་གྱི་ལས་གཞི་མང་པོ་ཞིག་འགྲོ་ཡི་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། ང་ཚོའི་གྲོས་ཚོགས་ནང་ལོགས་ལ་དེའི་གནད་དོན་མང་པོ་གླེང་པ་ཆགས་ཀྱི་ཡོད་པ་མ་རེད། ང་ཚོས་གནད་དོན་གཅིག་བྱུང་པ་ཡིན་ནའང་ཧང་སང་སྟེ་དེ་འདྲ་ཞིག་མ་བྱུང་རོགས་བྱུང་ན་བསམས་ནས། དེའི་ཐོག་ལ་ནན་ཏན་གྱིས་ཞུ་ཡི་ཡོད་རེད་མ་གཏོགས། བོད་མིའི་སྒྲིག་འཛུགས་ནང་ལ་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཤུགས་ཆེན་པོ་ཡོད་པའི་གནས་སྟངས་རྩ་བ་ཉིད་ནས་ཆགས་ཀྱི་ཡོད་པ་མ་རེད་ཅེས་ཞུ་འདོད་བྱུང། 

                                                                                                                                                                                                                                                                                                                                                                                                            དེ་ནས་གྲོས་ཚོགས་འདིའི་ནང་ལ་བཀུར་འོས་སྤྱི་འཐུས་གཅིག་གིས་གསུངས་པ་བཞིན། ལས་བྱེད་ཚོའི་སར་མི་མང་དཀྱུས་མ་གཅིག་བཅར་བའི་སྐབས། སོ་སོས་གང་ཐུབ་ཅི་ཐུབ་ནུས་པ་ཡོད་ཚད་ཅིག་བཏོན་ནས་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ནས་མིང་དང་གོ་གནས་ཡོད་མཁན་མི་གཅིག་བརྒྱུད་ནས་འགྲོ་ཡོང་དུས། རང་བཞིན་གྱིས་མི་མང་གི་བསམ་བློའི་ནང་དེ་སླེབས་ཡོང་གི་ཡོད་རེད། ང་ཚོས་ཁ་ཐུག་ཞུས་པའི་སྐབས་ལ་དོན་དག་འགྲུབ་ཀྱི་མི་འདུག ངོ་ཤེས་པ་གཅིག་དང་མཐོ་བ་གཅིག་བརྒྱུད་ནས་བྱས་ན། དོན་དག་འགྲུབ་ཀྱི་འདུག་ཟེར་བའི་གནས་སྟངས་དེ་སླེབས་ཡོང་དུས། འགྲོ་སྟངས་དེ་ཏག་ཏག་ཅིག་མ་བསྡད་པའི་རྣམ་པ་དེ་རང་བཞིན་གྱིས་འཐོན་ཡོང་གི་ཡོད་རེད། དེར་བརྟེན་གཞན་པ་མཐོ་ས་དང་དེ་འདྲ་ནས་བརྒྱུད་དེ་ཡོང་མི་དགོས་པ། ཐད་ཀར་སུ་ལ་བཅར་བ་ཡིན་ནའང། དེས་དཀའ་ངལ་སེལ་ཐུབ་པ་བྱ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད་བསམ་གྱི་ཡོད།

དེ་བཞིན། ད་རེས་གྲོས་ཚོགས་འདིའི་ནང་ལ་བོད་ནས་ཕེབས་མཁན་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་གཟིགས་སྟངས་ཀྱི་ཐོག་ལ། གོ་སྡུར་མང་པོ་ཞིག་བྱུང་བ་རེད། ད་རེས་ཙམ་མ་རེད། གྲོས་ཚོགས་མ་འཚོགས་ན་མ་གཏོགས་དེའི་སྐོར་ལ་གླེང་སློང་བྱེད་ཀྱི་ཡོད་རེེད། ཡིན་ནའང་ད་རེས་གླེང་སློང་གནང་པའི་སྐབས། འཛིན་སྐྱོང་བཀའ་ཤག་ངོས་ནས་ཡིན་ན། གཟིགས་རྟོག་ཡག་པོ་བྱུང་ཡོད་པའི་གནས་སྟངས་ཤིག་གི་འོག་ནས་ཡོང་གི་ཡོད་རེད། ཡིན་ནའང་གྲོས་ཚོགས་ནང་བཀུར་འོས་སྤྱི་འཐུས་རྣམ་པས་བཀའ་མོལ་གསུངས་པའི་སྐབས། སོ་སོས་བཀའ་མོལ་གསུངས་པ་དེ་ཏན་ཏན་ལྷག་བསམ་དང་དངོས་ཡོད་གནས་སྟངས་ཤིག་ལ་གཞི་ལ་བཞག་ནས་གནང་གི་ཡོད་པ་ལ་ངོས་འཛིན་ཞུ་ཡི་ཡོད། ཡིན་ནའང་ད་རེས་ང་ཚོ་ཆབ་སྲིད་པ་ཟེར་དགོས་རེད་དམ། གྲོས་ཚོགས་ཀྱི་འཐུས་མི་བྱས་ནས་འདིར་སླེབས་ཡོང་དུས། ངས་སྐད་ཆ་དེ་བཤད་ན། དེ་བེད་སྤྱོད་ལོག་པ་གཅིག་ལ་འགྲོ་ས་རེད་འགྲོ་ས་མ་རེད། དེ་དངོས་ཡོད་གནས་སྟངས་ཤིག་ཆགས་ཀྱི་འདུག་དང་མི་འདུག དེ་ཆ་ཚང་གི་རྒྱབ་ལྗོངས་དང་། དེ་གསུངས་པའི་ཉེར་ལེན་ལ་བརྟེན་ནས་མཇུག་འབྲས་གང་འདྲ་ཞིག་ཡོང་གི་ཡོད་མེད་དེ་ཚོའི་ཐོག་ལ་དགོངས་པ་བཞེས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ད་རེས་གྲོས་ཚོགས་འདིའི་ནང་ལ་བཀའ་མོལ་དེ་འདྲ་ཁ་ཤས་ཤིག་བྱུང་སོང། དེའི་སྐབས་ལ་ཐད་ཀར་ཚོགས་གཙོས་གང་ཡང་ཞུས་མེད། འཛིན་སྐྱོང་རང་ནས་གསལ་བཤད་གནང་ཐུབ་ན། ཡག་པོ་ཡོང་གི་རེད་བསམས་ནས་བསྡད་པ་ཡིན། གང་ཟག་རེ་ཟུང་གི་གནས་སྟངས་ཏན་ཏན་ཡོང་སྲིད་པ་རེད། དཀའ་ངལ། བོད་ནས་གསར་དུ་ཕེབས་པ་ད་ལྟའང་དཀའ་ངལ་འཕྲད་པ་ཏན་ཏན་ཡོང་སྲིད་པ་རེད། དེ་ཚོའི་ཐོག་ལ་གཟིགས་སྐྱོང་གང་འདྲ་གནང་དགོས་ཡོད་མེད་རིམ་པས་འཛིན་སྐྱོང་ནས་གཟིགས་རྒྱུ་ཞིག་རེད། 

དེ་བཞིན་བོད་ནས་རྒྱ་གར་ལ་ཤེས་ཡོན་སློབ་སྦྱོང་གི་ཆེད་དུ་ཕེབས་པ་ཚང་མ་བརྒྱ་ཆའི་བརྒྱ་ཐམ་པ་ཡག་པོ་ཆགས་ཀྱི་རེད་ཅེས་ཞུ་ཐུབ་ཀྱི་མ་རེད། ཡིན་ནའང་གནས་ཚུལ་གཅིག་གཉིས་ཀྱི་རྒྱུ་མཚན་ལ་བརྟེན་ནས། ཕལ་ཆེར་ཕལ་ཆེར་དེ་སྤྱི་ཡོངས་ལ་ཁྱབ་པའི་གནས་ཚུལ་ཞིག་བཟོས་ན། བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་ལ་གནས་སྟངས་གང་འདྲ་ཞིག་ཆགས་ཀྱི་རེད་དམ། དེ་ཚོའི་ཐོག་ལ་བསམ་ཞིབ་ནན་པོ་ཞིག་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་སྙམ། ལྷག་པར་དུ་ད་ལྟ་འདིར་ལངས་སྡོད་མཁན་གང་ཟག་གིས་ཉམས་མྱོང་ལ། སློབ་ཕྲུག་མང་པོ་ཞིག་ལ་ཟབ་སྦྱོང་སྤྲད་རྒྱུའི་གོ་སྒྲིག་ཞུ་མྱོང་བ་རེད། དེའི་སྐབས་སུ་བལྟ་དུས། བཙན་བྱོལ་ནང་ལ་སྐྱེས་པའི་བོད་པའི་སློབ་ཕྲུག་དང་བོད་ནས་ཡོང་པའི་བོད་པའི་སློབ་ཕྲུག་གི་བར་ལ་སྤྱིར་བཏང་གིས་སློབ་སྦྱོང་ཐོག་ལ་དོ་སྣང་བྱ་རྒྱུ་དང་ཆབ་སྲིད་ཀྱི་ཚོར་བ་དེ་ཚོར་ཁྱད་པར་ཧ་ཅང་ཤུགས་ཆེན་པོ་ཞིག་འདུག བོད་ནས་ཡོང་མཁན་དེ་ཚོར་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་མ་རག་པར་སོ་སོའི་སྲོག་ཡན་ཆད་བློས་བཏང་སྟེ་ཉེན་ཁའི་གནས་སྟངས་དེ་འདྲ་ཞིག་གི་འོག་ནས་ཉིན་མ་མང་པོའི་རིང་གོམ་པ་བརྒྱབས་ནས་ཡོང་དགོས་པ། མི་ཚེ་གང་ཚང་ཕ་མ་ལའང་ཡང་བསྐྱར་ཐུག་གི་ཡོད་དམ་མེད་བསམས་པའི་གནས་སྟངས་དེ་འདྲ་ཞིག་འོག་ནས། བཙན་བྱོལ་ལ་སླེབས་ཀྱི་ཡོད་པ་རེད།  བསམ་བློ་དེ་གཞི་ལ་བཞག་པའི་ཐོག་ནས། སློབ་སྦྱོང་ལ་ཧུར་བརྩོན་གནང་རྒྱུ་དེ་ཚོ་ཡང་ཧང་སངས་པའི། བོད་ནས་ཡོང་མཁན་དེ་ཚོས་དོ་སྣང་ཆེ་བ་དང་ཐུགས་ཁུར་ཆེ་བ་གནང་གི་ཡོད་པ་ནམ་རྒྱུན་དེ་འདྲ་ཞིག་མཐོང་གི་ཡོད། དེ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་བོད་ནས་ཡོང་མཁན་གྱི་སློབ་ཕྲུག་དེ་ཚོ་ད་ལྟ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་གཟེངས་སུ་ཐོན་པ་མང་པོ་ཞིག་ཡོང་བའི་རེ་བ་ཞུ་ཡི་ཡོད་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་གི་འགན་འཁུར་མཁན་གྱི་མ་རྩ་ལྟ་བུ་ཆགས་ཀྱི་རེད་བསམ་པའི་ཡིད་ཆེས་ཡོད།ད་ལྟའི་འཛིན་སྐྱོང་གི་ངོས་ནས་བོད་ནས་ཕེབས་མཁན་ཆབ་སྲིད་བཙོན་པ་ཡིན་ནའང་འདྲ། ཆབ་སྲིད་བཙོན་ཟུར་མ་ཡིན་པའི་བོད་ནས་ཕེབས་མཁན་དཀའ་ངལ་ཡོད་པ་དག་ལ་གཟིགས་རྟོག་ཅིག་གནང་མུས་རེད།ཚང་མ་ང་རང་ཚོའི་འདོད་པ་གཞིར་བཟུང་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད།ཕྱི་ལ་སྐད་ཆ་མང་པོ་གོ་གི་ཡོད་པ་རེད།ཁག་ཅིག་གིས་དེང་སང་ང་ཚོར་དཔལ་འབྱོར་མེད་གསུངས་པ་དང་།ཡང་ཁག་ཅིག་གིས་དཔལ་འབྱོར་དཀའ་ངལ་ཡོད་གསུངས་པ་སོགས་ཀྱི་གནས་སྟངས་མང་པོ་ཡོང་གི་ཡོད་པ་རེད།ཡིན་ནའང་ང་རང་ཚོས་ཁོ་ཚོའི་དགོས་མཁོ་དང་བསྟུན་པའི་དཔལ་འབྱོར་ཆ་ཚང་བ་ཞིག་ང་རང་ཚོས་ཐབས་ཤེས་བྱེད་ཐུབ་ཀྱི་ཡོད་པ་མ་རེད།མེད་པའི་རྒྱུ་མཚན་ལ་བརྟེན་ནས་ཁང་པ་རྒྱག་མི་ཐུབ་པར་ས་ཆ་གཅིག་པོ་སྤྲད་དགོས་པའི་གནས་སྟངས་དེ་འདྲ་ཡོང་གི་ཡོད་པ་རེད།དེ་ཚོའི་གྲས་དེ་ང་རང་ཚོའི་གནས་སྟངས་ཀྱི་ཆ་ནས་ལོ་རྒྱུས་ཀྱི་ཐོག་ནས་བལྟས་པ་ཡིན་ནའང་འདྲ། སྔོན་མ་བོད་ནས་གསར་དུ་ཕེབས་མཁན་དང་དེང་སང་བོད་ནས་གསར་དུ་ཕེབས་མཁན་ལ་ལྟ་རྟོག་བྱེད་སྟངས་ལ་ཧ་ཅང་གི་ཁྱད་པར་ཕྱིན་ཡོད་པ་རེད།དུས་ཚོད་ཀྱི་ཁྱད་པར་ཕྱིན་ཡོད་པ་རེད།སྤྱི་ཚོགས་འགྱུར་བའི་ཁྱད་པར་ཕྱིན་ཡོད་པ་རེད།འཛིན་སྐྱོང་གི་ལས་ཀ་བྱེད་ཕྱོགས་ཀྱི་ཐོག་ནས་ཁྱད་པར་ཕྱིན་ཡོད་པ་རེད།དེ་ཚོའི་གྲས་དུས་ནས་དུས་སུ་འགྱུར་བ་འགྲོ་བཞིན་པ་རེད་ལ་མ་འོངས་པར་ཡང་བཟང་ཕྱོགས་སུ་འགྱུར་བ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་པ་བཞིན་ངན་ཕྱོགས་སུ་འགྲོ་གི་རེད་བསམ་གྱི་མེད།

དེ་ནས་གྲོས་ཚོགས་འདིའི་ནང་རྒྱ་རིགས་དང་འབྲེལ་བ་བྱེད་སྟངས་ཀྱི་ཐད་ལ་སྐད་ཆ་མང་པོ་བྱུང་བ་རེད།ང་ཚོའི་གྲོས་ཚོགས་ནང་དུ་རྒྱ་ནག་གིས་ཡིག་ཆ་འགྲེམས་སྤེལ་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ལ་དགག་ལན་རྒྱག་རྒྱུ་དང་དེ་ཚོར་ལན་འདེབས་བྱེད་རྒྱུ་དེ་ཚོ་གནད་འགག་ཆེན་པོ་རེད།བོད་རྒྱ་འབྲེལ་མོལ་གྱི་ཐོག་ནས་གཙོ་བོ་དེ་རྒྱ་ནག་སྲིད་གཞུང་དང་འབྲེལ་བ་བྱེད་རྒྱུ་དེ་གལ་ཆེ་ཤོས་རེད།དེ་བཞིན་རྒྱ་ནང་སྐམ་ས་ཆེན་པོའི་ནང་དུ་ཡོད་པའི་རྒྱ་རིགས་ལ་འབྲེལ་བ་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་མོད་ཕྱི་སྡོད་རྒྱ་རིགས་དེ་ཚོ་དང་ང་ཚོ་སྐབས་རེ་ཚོགས་འདུ་རེ་མ་ཚོགས་པ་ཡིན་ན་དེ་ཡང་ཏག་ཏག་བསྡད་ཀྱི་ཡོད་པ་མ་རེད།ཚོགས་འདུ་ཚོགས་པ་ཡིན་ན་ཅིའི་ཕྱིར་ཚོགས་པ་རེད་དམ།ཕན་ཐོགས་ཡོང་གི་ཡོད་མེད་ཀྱི་བཀའ་མོལ་དེ་འདྲ་ཡོང་གི་ཡོད་ཀྱང་རིམ་པ་མང་པོར་དཔག་པའི་འབྲེལ་བ་བྱེད་དགོས་དུས་རིམ་པ་སོ་སོར་དཔག་པའི་ལས་དོན་བསྒྲུབ་དགོས་པ་དེ་ཡང་གལ་ཆེན་པོ་ཞིག་རེད་བསམ་གྱི་ཡོད།ལོ་ནས་ལོ་བསྟུད་རྒྱ་ཡིག་སྡེ་ཚན་དེ་ཚོ་ཡར་རྒྱས་གཏོང་དགོས་པ་དང་ཚགས་ཚུད་དུ་གཏོང་དགོས་པའི་ཐད་ལ་བསམ་ཚུལ་མང་པོ་ཞིག་སླེབས་ཀྱི་ཡོད་པ་རེད།དེ་ཚོའི་ཐོག་ལ་ཏན་ཏན་འཛིན་སྐྱོང་གིས་དགོངས་པ་བཞེས་མདོག་ཁ་པོ་རེད་བསམ་གྱི་འདུགམ་འོངས་པར་ཏན་ཏན་དེ་ཚོའི་ཐོག་ལ་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག

དེ་ནས་གྲོས་ཚོགས་འདིའི་ནང་གི་བཀའ་མོལ་གཅིག་ནི་དབུ་མའི་ལམ་རྒྱ་མི་རིགས་ཀྱི་ནང་དུ་གོ་རྟོགས་སྤེལ་དགོས་ཞེས་བཀའ་མོལ་བྱུང་བསྡད་ཀྱི་ཡོད་པ་རེད།རྒྱ་ནག་སྲིད་གཞུང་ལྟ་བུ་ཡིན་ན་ཕྱི་ལོ་༢༠༠༢ནས་ཕྱི་ལོ་༢༠༡༠བར་ང་ཚོས་འབྲེལ་བ་བྱས་པ་རེད།འབྲེལ་བ་བྱེད་ས་དེ་རྒྱ་ནག་སྲིད་གཞུང་གི་སྐུ་ཚབ་ལྷན་དུ་སུ་བཞག་ཡོད་ཀྱང་དེ་ལ་ལོ་བརྒྱད་ལྷག་ཙམ་འབྲེལ་བ་བྱས་ནས་དབུ་མའི་ལམ་གྱི་གོ་དོན་དང་ལྷག་པར་དུ་ཁོ་རང་ཚོས་དགོས་འདུན་བཏོན་པ་བཞིན་ང་ཚོས་ཡིག་ཆ་སྤྲད་བཞག་པ།དེ་དག་གཞི་རྩའི་ཐོག་ནས་ང་རང་གི་བསམ་པ་ལྟར་བྱས་ན་རྒྱ་ནག་གཞུང་གི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གི་དབུ་མའི་ལམ་གྱི་དགོངས་གཞི་དང་འཛིན་སྐྱོང་གི་ངོས་ནས་དབུ་མའི་ལམ་གྱི་ལས་དོན་སྒྲུབ་ཕྱོགས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱེད་སྟངས།དེ་ཚོའི་ཐོག་ལ་རྒྱ་ནག་གཞུང་གིས་མ་ཤེས་པའི་གནས་སྟངས་རྩ་བ་ནས་ཡོད་པ་མ་རེད་བསམ་གྱི་འདུགའོན་ཀྱང་།རྒྱ་མི་རིགས་ལ་གོ་རྟོགས་སྤེལ་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་བསྡད་ཀྱི་ཡོད་པ་རེད།ང་རང་ཚོའི་སྤྱི་ཚོགས་ནང་དུའང་ངས་སྔོན་མ་ཞུས་མྱོང་།ང་ཚོ་གཞན་དང་གཅིག་པ་མ་རེད།ལུང་པ་གཞན་ལ་གྱར་ནས་བསྡད་ཡོད་པ་རེད།བཙན་བྱོལ་གྱི་གནས་བབ་ཅིག་གི་འོག་ལ་བསྡད་ཡོད་དུས།རང་དབང་རང་བཙན་ཡོད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་ཡང་སོ་སོའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་དཔོན་རིགས་ཚོའི་བྱེད་སྟངས་ལ་ཐུགས་སྣང་ག་ཚོད་གནང་གི་ཡོད་པ་རེད།ཡིན་ན་ཡང་།ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་དུ་ཆབ་སྲིད་ལ་ཐུགས་སྣང་ག་ཚོད་ཅིག་གནང་ཐུབ་ཀྱི་ཡོད་པ་རེད་དམ།དེ་ཚོའི་ཐོག་ནས་ཏན་ཏན་མང་ཚོགས་ཀྱི་ངོས་ནས་དགོངས་པ་བཞེས་དགོས་པའི་གནས་སྟངས་ཤིག་རེད་མོད་སྔོན་མའི་གནས་སྟངས་དང་བསྡུར་ན་དེང་སང་ཡར་རྒྱས་འགྲོ་གི་ཡོད་ཅེས་སྙན་སེང་ཞུ་གི་ཡོད།

དེ་ནས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྐོར་ལ་ད་གིན་རྒྱས་ཤིང་རྒྱས་པ་ཞུས་ཟིིན་པ་རེད།ལས་བྱེད་ཕྱིན་ཟིན་པ་ཞིག་ལ་ཉེན་བརྡ་བཅུ།བཅོ་ལྔ་བཏང་ནས་དོན་ཕན་ཡོང་རྒྱུ་མེད་པ་རེད།ད་ལྟའི་སྐབས་སུ་བབས་པའི་རྩིས་ཞིབ་སྙན་ཐོའི་ནང་ལ་སྙན་ཐོ་གང་ཐོན་གྱི་ཡོད་པ་དེ་ཉིད་ལ་ཏག་ཏག་གི་ལན་བཏབས་ནས་གསལ་པོ་བཟོ་རྒྱུའི་ཐབས་ཤེས་བྱས་པ་ཡིན་ན།དཔེར་ན།ཚོགས་དྲུང་ལས་ཁུངས་ལ་ཆ་བཞག་ན་ཚོགས་ཁང་ཚོགས་འདུ་ཚོགས་ས་འདིའི་ཁང་པ་འདི་དང་འབྲེལ་བའི་རྩིས་ཞིབ་སྙན་ཐོའི་ནང་དོན་ཚན་མང་པོ་ཞིག་ཕེབས་སོང་།རྩིས་ཞིབ་ལས་ཁུངས་འཁྲིས་དེ་རང་ལ་ཡོད་དུས་རྩིས་ཞིབ་ཚུར་བོས།ཁང་པ་བཟོ་མཁན་ཚུར་བོས།དེའི་སྐབས་ཀྱི་འགན་འཁུར་མཁན་བོས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་གོ་བསྡུར་བྱས་ཏེ།རྩིས་ཞིབ་ལས་ཁུངས་ལ་གང་དགོས་ཀྱི་འདུགང་ཚོས་གང་ཕུལ་དགོས་ཀྱི་རེད།དེ་དག་རེ་རེ་བྱས་ནས་གཙང་མ་བཟོ་དགོས་རྒྱུའི་འབད་བརྩོན་དེ་འདྲ་ང་ཚོ་ཡིན་ཡང་ཞུ་གི་ཡོད་ལ་ལྷན་ཁང་གཞན་ཁག  ལྷག་པར་དུ་རྡ་ས་རང་ལ་སྡོད་མཁན་དེ་འདྲ་ཡིན་ན་རྩིས་ཞིབ་ཀྱིས་གང་གསུང་གི་འདུགདེ་ལ་གང་བསྒྲུབ་དགོས་ཀྱི་འདུགདེ་གནང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག

དེ་ནས་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པའི་གནས་སྟངས་སྐོར་ལ་ང་ཚོས་སྙན་ཐོ་ཕེབས་པ་རེད།  ཁ་སང་ཞུས་ཟིན་པ་བཞིན་ང་ཚོའི་སྤྱི་ཚོགས་ཀྱི་ཐོག་ནས་མ་འོངས་པར་གདོང་ལེན་བྱེད་དགོས་པ་གཙོ་བོ་དེ་བོད་མིའི་སྒྲིག་འཛུགས་དང་མི་མང་དབར་གྱི་འབྲེལ་བ་འཇོག་སྟངས་དེ་རེད།དེ་ཡང་འབྲེལ་བ་ཡོད་པ་ཙམ་མིན་པར་འབྲེལ་བ་དམ་ཟབ་འཇོག་རྒྱུ་དེ་རེད།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ད་བར་སྤྱི་ཚོགས་གཞན་དང་མི་འདྲ་བ་ཞིག་ནི་བོད་མི་ཚོ་གང་དུ་ཕྱིན་ཡང་མི་མང་ཉུང་ལ་མི་ལྟོས་པར་བོད་རིགས་ཚོགས་པ་གཅིག་བཙུགས་ནས་དེས་ས་གནས་དོན་གཅོད་ལ་འབྲེལ་བ་བཞགརྡ་སར་འབྲེལ་བ་བཞགའདིར་དམིགས་བསལ་ཚོགས་ཆེན་སོགས་ཀྱི་ནང་དུ་བཅར་བ་སོགས་གང་ལེགས་ཤིག་ཡོང་བསྡད་ཀྱི་ཡོད་པ་རེད།མ་འོངས་པར་ཡིན་ཡང་ཆབ་སྲིད་ཀྱི་འགན་མང་ཙམ་བཞེས་རྒྱུ།དོན་གཅོད་སོ་སོའི་གནས་བབ་མ་ཤེས་རྒྱུ་མེད་དུས་དོན་གཅོད་གཅིག་ལ་མང་ན་ལས་བྱེད་ལྔ་དང་ཉུང་ན་གཉིས་རེད།འཛམ་གླིང་ཁྱོན་དུ་དོན་གཅོད་བཅུ།བཅུ་གཅིག་གི་ནང་དུ་བགོ་བཤའ་བརྒྱབས་ནས་ཡོད་དུས་ཆ་ཚང་སྙོབས་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད།བོད་རིགས་ཚོགས་པ་སོ་སོའི་ལས་དོན་བྱེད་ཕྱོགས་ཚགས་ཚུད་བྱུང་བ་ཡིན་ན།དོན་གཅོད་ཚོས་ང་ཚོ་བོད་པ་ནང་ཁུལ་གྱི་དཀའ་རྙོག་གི་དོན་དུ་དུས་ཚོད་ཉུང་ཙམ་གཏོང་བ་དང་། སོ་སོའི་ཁྱབ་ཁོངས་ཀྱི་ལུང་པ་དེ་དག་ལ་ཆབ་སྲིད་ཀྱི་ཐོག་ནས་སྙོབས་ཐུབ་རྒྱུར་འབད་བརྩོན་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་བསམ་གྱི་ཡོད།དེར་བརྟེན།བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་རིགས་ཚོགས་པ་ཚོའི་ལས་འགན་དེ་དག་མ་འོངས་པར་གལ་ཆེ་རུ་འགྲོ་གི་རེད།དེའི་ལས་འགན་ཁུར་རྒྱུའི་ཆེད་དུ་གནད་དོན་མང་པོ་ཞིག་ཤེས་དགོས་ཀྱི་རེད།ཉམས་མྱོང་གསོག་དགོས་ཀྱི་ཡོད་པ་རེད།ཉམས་མྱོང་གསོག་རྒྱུའི་ཆེད་དུ་སོ་སོས་དུས་རྒྱུན་དུ་ཕྱག་ལས་གནང་སྐབས་གོ་བསྡུར་མང་ཙམ་གནང་།ལས་འགུལ་མང་ཙམ་སྤེལ་རྒྱུ་དེ་རེད།ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དང་། དེ་མིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ངོས་ནས་བོད་རིགས་ཚོགས་པ་ཚོ་ལ་ཞུ་གཏུགས་ཀྱི་ལས་འགུལ་དེ་ཚོ་ཇི་ལྟར་སྤེལ་དགོས་ཀྱི་རེད།ཞུ་གཏུགས་བྱེད་སྐབས་ཇི་ལྟར་བྱེད་དགོས་ཀྱི་རེད།ད་ལྟའི་བོད་ནང་གི་གནས་སྟངས་གང་འདྲ་ཆགས་ཀྱི་འདུགརྒྱ་ནག་གཞུང་གི་ངོས་ནས་ལྟ་སྟངས་གང་འདྲ་བལྟ་གི་འདུགདེ་ཚོ་དུས་ནས་དུས་སུ་ཁོང་ཚོ་ལ་སློབ་གསོ་ལམ་སྟོན་དང་ཁོང་ཚོས་ཞུས་པའི་སྐབས་སུ་དེ་དང་དེ་ཞུ་དགོས་ཀྱི་རེད་གདའ་ཞེས་ལམ་སྟོན་གནང་དགོས་ཀྱི་རེད།ལས་ཀ་བྱེད་རྒྱུའི་འདུན་པ་ཡོད་ཀྱང་གནས་སྟངས་འདི་ཚོ་ཆ་ཚང་རྒྱུས་མེད་པའི་གནས་བབ་ཀྱིས་འཐུས་ཤོར་ཕྲན་བུ་དེ་འདྲ་ཡོང་མི་སྲིད་པ་མ་རེད།དེ་ཚོའི་ཐོག་ལ་སྒྲིག་འཛུགས་ཀྱི་ཐོག་དང་ང་ཚོ་སྤྱི་འཐུས་རྣམ་པ་ཚོ་ཡིན་ཡང་ཁ་སང་གསུངས་པ་བཞིན་ས་གནས་བཅར་ས་རེ་རེར་ལམ་སྟོན་གང་ཞུ་དགོས་པ་དང་ཞུ་ཐུབ་པ་དེ་དག་ཞུ་གི་ཡོད་ཅེས་ཞུ་འདོད་བྱུང་།

དེ་རིང་གི་ལས་རིམ་དང་འབྲེལ་བའི་ཐོག་ནས་འཛིན་སྐྱོང་བཀའ་ཤག་ལ་ཚོགས་དྲུང་ལས་ཁུངས་ནས་ག་དུས་ཡིན་ཡང་ཟླ་བ་གཅིག་དང་ཕྱེད་ཀའི་སྔོན་ནས་ཕྱག་བྲིས་ཤིག་ཕུལ་ཡོད་པ་རེད།གྲོས་ཚོགས་ཀྱི་ཚོགས་དུས་དེ་ཟླ་བ་གཉིས་གསུམ་སྔོན་ནས་འཛིན་སྐྱོང་བཀའ་ཤག་གིས་མཁྱེན་གྱི་ཡོད་པ་རེད།འཛིན་སྐྱོང་གིས་གྲོས་ཚོགས་ལ་འཁྱེར་དགོས་པའི་ལས་དོན་གང་དང་གང་ཆགས་ཀྱི་ཡོད་མིན།བཀའ་ཤག་ལྷན་ཚོགས་གནང་བའི་སྐབས་སུ་ལས་དོན་དེ་ང་ཚོས་གྲོས་ཚོགས་སུ་འཁྱེར་དགོས་ཀྱི་འདུག་ཅེས་རིམ་པར་བང་བསྒྲིག་ནས་དུས་ཚུད་རྒྱས་བཅད་ཅིག་གི་ནང་དུ་ཚུར་གནང་རོགས་ཞེས་ཞུ་གི་ཡོད་པ་རེད།ཞུ་དགོས་པའི་ཁྱད་པར་དེ་གང་རེད་དམ་ཟེར་ན་ང་ཚོ་འདིར་ལས་རིམ་བང་བསྒྲིག་རྒྱུའི་ཁྱད་པར་ཞིག་ཡོད་པ་རེད།དཔེར་ན།དེ་རིང་གི་ཚོགས་དུས་ལྟ་བུ་ཞིག་ཡིན་ན་ཡར་འབྲེལ་བ་ཞུས་ཀྱང་འཛིན་སྐྱོང་བཀའ་ཤག་ནས་ལན་གང་ཕེབས་པ་རེད་དམ་ཞེ་ན་གྲོས་ཚོགས་ནང་དུ་ལས་རིམ་གང་ཡང་མེད་གསུངས་པ་རེད།འོན་ཀྱང་གྲོས་ཚོགས་འཚོག་པའི་སྐབས་སུ་ལས་རིམ་གནང་གིན་གནང་གིན་གནང་གི་ཡོད་པ་རེད།དེར་བརྟེན།དེ་ཚོའི་ཐོག་ལ་སྐབས་རེ་ཚོར་བ་དེ་འདྲ་ཡོང་གི་འདུགའཛིན་སྐྱོང་གི་ཐོག་ལ་ཐུགས་ཁག་མི་འདུགསྐབས་རེ་ལས་དོན་མང་པོ་ཞིག་གི་དོན་དུ་ཕེབས་དགོས་ཀྱི་ཡོད་པ་རེད།གྲོས་ཚོགས་ཀྱི་ལས་རིམ་ཐད་ལ་ཐུགས་འཁུར་ག་ཚོད་གནང་གི་ཡོད་དམ་བསམ་པ་ཞིག་འདུགལྷན་ཁང་སོ་སོ་ནས་བཀའ་ལན་གནང་རྒྱུར་གྲ་སྒྲིག་ཧ་ཅང་གནང་གི་འདུག་ལ་དེ་ཚོ་མཐོང་བསྡད་ཀྱི་འདུགའོན་ཀྱང་།སྤྱི་ཡོངས་ཀྱི་འཛིན་སྐྱོང་གི་ཐོག་ནས་གྲོས་ཚོགས་ལས་རིམ་ནང་མཉམ་ཞུགས་གནང་རྒྱུའི་ཐོག་ལ་བསམ་ཚུལ་དེ་འདྲ་ཞིག་བྱུང་བ་དེ་རིང་འདིར་ཞུས་བཞག་ན།ལྷག་པར་དུ་དེ་རིང་གི་གྲོས་ཚོགས་འདིའི་ནང་ཡིག་ཆ་མང་པོ་ཞིག་གློ་བུར་གློ་བུར་དུ་ཕེབས་ཀྱི་འདུག་ཅེས་པའི་བཀའ་མོལ་བྱུང་བ་རེད།སྐབས་༡༥གྲོས་ཚོགས་ཀྱི་སྔོན་ལ་ཡིག་ཆ་ཚང་མ་སྔོན་ལ་ཕུལ་མཁན་ཡོད་པ་མ་རེད།སྐབས་༡༥ཕུལ་ཐུབ་རྒྱུའི་ཐབས་ཤེས་ཤིག་བྱེད་ཀྱི་ཡོད་པ་རེད།སྐབས་རེ་ལས་རིམ་འདི་མཇུག་སྒྲིལ་མ་ཐུབ་དུས་སང་ཉིན་ལས་རིམ་གང་བསྒྲིིག་དགོས་མིན་མ་ངེས་པའི་གནས་སྟངས་འོག་ནས་ཡིག་ཆ་འབུལ་མ་ཐུབ་པ་དེ་འདྲ་ཡོང་གི་འདུག  དེ་ཚོར་དགོངས་སེལ་ཞུ་རྒྱུ་ཡིན།མ་འོངས་པར་གྲོས་ཆོད་གྲོས་འཆར་དེ་ཚོ་ཉིན་གཅིག་སྔོན་ལ་ཕུལ་ཐུབ་རྒྱུར་འབད་བརྩོན་ཞུ་གི་ཡིན།འོན་ཀྱང་།སྔོན་མ་ནས་མེད་པ་ཞིག་ད་ལྟ་ང་ཚོས་ཡོང་རྒྱུའི་ཐབས་ཤེས་ཞུས་པའི་སྐབས་སུ་གྲོས་ཚོགས་ནང་དུ་དེ་འདྲ་གསུངས་བསྡད་དུས།གྲོས་ཚོགས་ངོས་ནས་འཛིན་སྐྱོང་ལ་དེ་བྱེད་ཀྱི་ཡོད་ས་མ་རེད་བསམ་པའི་བསམ་ཚུལ་ཞིག་ཡོང་བ་མི་སྲིད་པ་མིན་པས་དེའི་སྐོར་ལ་གཅིག་ཞུས་ན་བསམ་བྱུང་།

ལས་བསྡོམས་དང་འབྲེལ་བའི་ཐོག་ནས་བསམ་ཚུལ་མང་པོ་བྱུང་བ་རེད།རྒྱུན་ལས་ཀྱི་སྙན་ཐོའི་ནང་དུ་ཡང་གསལ་པོ་བྱས་ནས་བཀོད་བཞག་ཡོད་པ་རེད།དེ་ཡིན་དུས་ལྷན་ཁང་ཚང་མའི་ཐོག་ལ་འཛིན་སྐྱོང་གིས་རིམ་པ་དེ་དག་ཇི་ལྟར་འགྲོ་དགོས་མིན་ཐད་གཏན་འབེབས་ཤིག་གནང་ནས་ཆ་ཚང་གཅིག་མཚུངས་སུ་ཕེབས་ཐུབ་ན་དེ་དགེ་མཚན་ཞིག་ཡོང་ས་རེད་བསམས་བྱུང་།དེ་བཞིན་ལས་བསྡོམས་ནང་དུ་དག་ཆ་མང་པོ་ནོར་བའི་གནས་སྟངས་ཀྱི་ཐོག་ནས་བཀུར་འོས་སྤྱི་འཐུས་མང་པོ་ཞིག་གིས་གསུང་དགོས་ཐུག་གི་ཡོད་པ་རེད།དེ་ཚོའི་རིགས་དེ་ཚོ་ཡང་ལས་བསྡོམས་ཆ་ཚང་བཟོས་ཟིན་པའི་རྗེས་སུ་ལས་ཁུངས་དེའི་ནང་གི་ལས་བྱེད་བོད་ཡིག་ལེགས་པ་ཞིག་ལ་སྤྲད་ནས་དག་བཅོས་གནང་བཅུག་པ་ཡིན་ན་དེ་རང་གིས་ཐུགས་ཕན་གང་ལེགས་སོས་ཀྱི་རེད་བསམས་སོང་།གྲོས་ཚོགས་ནང་དུ་གཅིག་ནོར་འདུག  གཉིས་ནོར་འདུག་ཅེས་པའི་གནས་སྟངས་དེ་ཡོང་གི་མ་རེད་བསམ་གྱི་འདུག་ཅེས་ཞུ་འདོད་བྱུང་།

སྐུ་པར་སྒྲིག་གཤོམ་གྱི་ཐད་ནས་དེ་རིང་ཞོགས་པ་ཞུ་རྒྱུ་བྱུང་།དེ་ཚོའི་རིགས་འཛིན་སྐྱོང་རང་ནས་ཐག་གཅོད་དགོས་རྒྱུ་ཞིག་རེད།དྲི་བ་མང་པོ་ཞིག་ཡོང་བསྡད་ཀྱི་ཡོད་པ་རེད།དོན་གཅོད་ཁག་ནས་ཐག་བཅད་པ་རེད་གསུང་གི་འདུགགྲོས་ཆོད་བཞག་ཡོད་པ་རེད་ཅེས་གསུང་གི་འདུགདེ་གྲོས་ཆོད་བཞག་ནས་ཐག་ཆོད་ཡོད་ན་དོན་གཅོད་ཚང་མ་གཅིག་གྱུར་ལག་བསྟར་མི་བྱེད་དོན་གང་རེད།དེ་འདྲའི་དྲི་བ་ཞིག་ཡོང་བསྡད་ཀྱི་ཡོད།ཁ་ཤས་ལ་སྲིད་སྐྱོང་གི་པར་ཡོད་པ་ཞིག་དང་ཁ་ཤས་ལ་མེད་པ་དེ་འདྲའི་གནས་སྟངས་མང་པོ་ཡོང་གི་འདུགསྤྱི་སྲོལ་འགྲོ་སྟངས་ལ་གཟིགས་ནས་དེ་འདྲ་ཞིག་ཡོངས་ཁྱབ་གནང་དགོས་ཀྱི་ཡོད་ན་གནང་སྟངས་གནང་ལུགས་གང་འདྲ་གནང་དགོས་ཀྱི་ཡོད་མིན་དེ་ཕྱི་གསལ་ནང་གསལ་བྱས་ནས་འཛིན་སྐྱོང་གིས་བཀོད་ཁྱབ་ཅིག་གནང་བཞག་ན་འཐུས་པ་རེད།མང་ཚོགས་ཀྱིས་བེད་སྤྱོད་ཇི་ལྟར་གནང་མིན་གནས་ཚུལ་ཁག་ཁག་རེད།བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ལས་ཁུངས་དེ་དག་ལ་གཅིག་མཚུངས་ཤིག་བཟོས་ན།ལྷག་པར་དུ་ད་ལྟ་༸རྒྱལ་དབང་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་དུས་མི་མང་གི་སེམས་ཚོར་ནང་དུ་གནས་སྟངས་གང་འདྲ་ཞིག་ཆགས་ཀྱི་ཡོད་མིན་དེ་གཞིར་བཞག་པའི་ཐོག་ནས་རྒྱལ་ཁབ་གཞན་གྱི་འགྲོ་སྟངས་དང་མཐུན་པ་ཇི་ལྟར་གནང་དགོས་ཀྱི་ཡོད་མིན་གཅིག་མཚུངས་ཤིག་གནང་ཐུབ་ན་ཡག་པོ་ཡོད་པ་རེད་བསམས་སོང་།

ཆབ་སྲིད་ཀྱི་ཐོག་ནས་ང་ཚོ་འདིར་གྲོས་ཚོགས་འཚོག་པའི་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་འདིར་སླེབས་པ་རེད།དེའི་སྐབས་སུ་བོད་དོན་གྱི་ཐོག་ལ་གླེང་སློང་གང་འདྲ་བྱུང་ཡོད་མིན་གྲོས་ཚོགས་ཀྱི་ངོས་ནས་ད་ལྟ་གསལ་པོ་ཤེས་ཀྱི་མེད།འཛིན་སྐྱོང་གི་ངོས་ནས་འབྲེལ་ཡོད་ཚོར་འབྲེལ་བ་ཞུས་ནས་གནས་སྟངས་གང་ཆགས་མིན་ཐད་ཞུས་ཡོད་པ་རེད།གང་ལྟར་གྲོས་ཚོགས་འདི་བརྒྱུད་ནས་རེ་བ་ཞུ་རྒྱུར་ང་ཚོའི་ངོས་ནས་ཐབས་ཤེས་གནང་དགོས་པ་དེ་དག་གནང་མུས་རེད།རྒྱ་ནག་གི་ངོས་ནས་དེ་ལ་དགོངས་བཞེས་ཤིག་གནང་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་རེད།དེ་ཐེངས་ང་ཚོའི་གྲོས་ཚོགས་འགོ་བཙུགས་པ་ནས་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ནས་འགོ་བཙུགས་པ་རེད།དེའི་བར་དུ་ལྷ་མོ་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་མྱ་ངན་གུས་འདུད་ཀྱི་གྲོས་འཆར་གཅིག་བཏང་དགོས་བྱུང་ཡོད་པ་རེད།གྲོས་ཚོགས་སྔ་རྗེས་ཀྱི་ལས་རིམ་ནང་གནས་སྟངས་དེ་འདྲ་ཞིག་ཡོང་བསྡད་དུས་བོད་ནང་གི་གནས་སྟངས་ཛ་དྲག་ཇི་འདྲ་ཡིན་མིན་ང་ཚོ་ཚང་མས་མཁྱེན་བསྡད་ཀྱི་ཡོད་པས་དེ་རིང་གི་ལས་རིམ་དེ་མཇུག་བསྒྲིལ་བའི་རྗེས་སུ་སྤྱི་འཐུས་རྣམ་པ་ཚོ་སོ་སོའི་ས་གནས་ལ་ཕེབས་ཀྱི་རེད།ང་རང་ཚོའི་གྲོས་ཚོགས་ནང་དུ་འགན་བཞེས་ནས་བཀའ་མོལ་གསུངས་ཀྱི་ཡོད་པ་རེད།དེ་བཞིན་འོས་བླུགས་པའི་སྐབས་སུ་ཡིན་ཡང་ཐུགས་ཐག་ཆོད་པོའི་སྒོ་ནས་སོ་སོའི་དགོངས་པའི་ནང་གང་ཡོད་ཀྱིས་འོས་བླུགས་ཀྱི་ཡོད་པ་རེད།ད་ཐེངས་ཀྱི་གྲོས་ཚོགས་འདིའི་ནང་དུ་ཡང་ཚོགས་ཆུང་བཙུགས་དགོས་པའི་ཐག་ཆོད་དེ་འདྲ་བྱུང་ཡོད་པ་རེད།  ས་བགོས་སྤྱི་འཐུས་ཀྱིས་སོ་སོའི་ས་བགོས་གཞིར་བཟུང་ཕེབས་དགོས་པའི་ལས་དོན་ཡོད་པ་རེད།དེ་བཞིན་ཆབ་སྲིད་ཀྱི་ལས་འགུལ་དེ་འདྲ་ཡོང་སྲིད་ཀྱི་རེད།དེ་ཚོ་ཚང་མའི་ཐོག་ལ་ཚོགས་གཙོ་གཉིས་ལ་དཀའ་ངལ་མི་འཕྲད་པ་ཞིག  ཚོགས་ཆུང་ནང་དུ་བཞུགས་རོགས་ཞེས་ལབ་པ་ཡིན་ན་ཞུས་པའི་སྐབས་སུ་བཞུགས་ཐུབ་རྒྱུའི་གནས་སྟངས་ཤིག་བཟོ་རོགས་གནང་།ག་དུས་ཡིན་ཡང་ཁོང་བཞུགས་ཐུབ་ཀྱི་མ་རེད།ཁོང་ཞུགས་ཐུབ་ཀྱི་མ་རེད་ཟེར་དུས་ཚོགས་ཆུང་བསྐོ་བཞག་བྱེད་པའི་སྐབས་སུ་དཀའ་ངལ་རེད།ཚོགས་ཆུང་འཛུགས་དགོས་ཀྱི་འདུག་ཟེར་མཁན་གྲོས་ཚོགས་རེད།ཚོགས་ཆུང་ཚང་མའི་ནང་ཚོགས་གཙོ་ཚོགས་གཞོན་བསྡད་ཐུབ་རྒྱུ་ཡོད་པ་མ་རེད།དེར་བརྟེན་འགན་འཁུར་ནས་སྤྱི་འཐུས་རྣམ་པ་ཚོ་བཞུགས་དགོས་དུས་དེའི་སྐབས་ལས་འགན་བཞེས་རོགས་གནང་ཞེས་ཞུ་གི་ཡོད།ང་ཚོའི་ངོས་ནས་ལས་འགན་བསྐུལ་དགོས་པ་དེ་དག་བསྐུལ་གྱི་ཡིན།ནམ་རྒྱུན་ཞུ་སྲོལ་ཡོད་པ་བཞིན་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་གྲོས་ཚོགས་ཚགས་ཚུད་ཡོང་རྒྱུ་དེ་དག་ཀུན་ཚོགས་གཙོ་ཚོགས་གཞོན་གཉིས་ལ་མཐུན་འགྱུར་ཞུ་མཁན་ཚོགས་དྲུང་གཙོས་པའི་ལས་བྱེད་རྣམ་པ་ཚང་མ་དགོང་དྲོ་ཕྱག་ཚོད་༡༠དང་༡༡བར་དུ་སྡོད་དགོས་ཐུག་ཀྱང་བསྡད་པ་དང་།ང་ཚོ་ག་ཚོད་འཕྱིས་པ་བསྡད་ཀྱང་དེ་ཙམ་གྱིས་ཁོང་ཚོ་ལས་རིམ་བང་བསྒྲིག་རྒྱུ་དང་དེ་ཚོའི་ཐོག་ལ་འཕྱི་བ་བཞུགས་དགོས་ཀྱི་ཡོད་པ་རེད།མཐུན་འགྱུར་གྱི་ཐད་ཚོགས་དྲུང་གི་ངོས་ནས་འགན་དཔེ་མང་པོ་བཞེས་གནང་གི་ཡོད།འགན་བཞེས་པའི་ཐོག་ནས་ལས་བྱེད་རྣམ་པར་ལས་བགོས་བྱེད་སྟངས་ཐོག་རེད།ལས་བྱེད་རྣམ་པས་སྔོན་མ་ཡག་པོ་གནང་གི་ཡོད་ལ་ད་ལྟ་ཡིན་ཡང་མུ་མཐུད་ནས་ཡག་པོ་གནང་གི་འདུགཁོང་རྣམ་པ་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་།ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་སྡེ་ཚན་ནས་ང་ཚོའི་ལས་རིམ་ཆ་ཚང་ཐད་གཏོང་བྱེད་ཀྱི་ཡོད་པ་དང་འཕྲུལ་ཆས་ཐད་དཀའ་ངལ་ཕྲན་བུ་འཕྲད་པ་དག་ལ་དགོངས་སེལ་ཞུ་རྒྱུ་ཡིན།བར་ལམ་ནས་ང་ཚོས་འཕྲུལ་ཆས་གསར་པ་ཉོས་ནས་Youtube, Tibetonline, Bhagsu Cable,རྡ་སའི་དྲ་ཐོག་སོགས་གང་དུ་གཏོང་དགོས་ཀྱི་ཡོད་ཀྱང་བཏང་ནས་སྔོན་མ་ལས་ལྷག་པའི་ལས་རིམ་རྒྱང་སྲིང་བྱེད་རྒྱུའི་ཐད་ལ་འཐུས་ཚང་དུ་གྱུར་ཡོད།སྒྲ་བརྙན་སྡེ་ཚན་གྱི་ལས་བྱེད་ཚང་མར་ཕྱི་དྲིལ་ལས་ཁུངས་བརྒྱུད་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།དེང་སང་གྲོས་ཚོགས་ཀྱི་ལས་རིམ་ལ་ཐུགས་སྣང་གནང་མཁན་ཧ་ཅང་མང་དུ་འགྲོ་གི་འདུགརྣམ་པ་ཚོས་ཏན་ཏན་མཁྱེན་གྱི་རེད།མེག་ལོ་གྷན་ཇི་ལ་སྤྱི་འཐུས་རྣམ་པ་ཚོར་གཟིགས་སྟངས་དང་གྲོས་ཚོགས་སྐབས་སུ་སུ་དང་སུས་བཀའ་མོལ་གང་གནང་ཡོད་མེད།དེ་ཚོའི་ཐོག་མང་ཚོགས་ཀྱིས་མཁྱེན་བསྡད་པ་ཞིག་རེད།ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ནས་གྲོས་ཚོགས་ཀྱི་ལས་རིམ་ཐད་ཀར་གཟིགས་མཁན་ཡོང་གི་འདུག་ལ་རྗེས་སུ་ཡང་དྲ་ཐོག་ལ་ཡོད་པ་དེ་དག་གཟིགས་མཁན་མང་པོ་ཡོང་གི་འདུག  གོ་ཐོས་ལ་བོད་ནང་དུ་ཡོད་མཁན་ཚོས་ཀྱང་ཁ་སང་གི་ལས་རིམ་ཡིན་ན་ཉིན་རྒྱབ་ཁ་པར་བཏང་ནས་དེ་གང་འདྲ་རེད་དང་། དེ་ཅི་འདྲ་རེད་ཅེས་པའི་དྲི་བ་གཏོང་མཁན་མང་པོ་ཡོང་བསྡད་དུས་དེས་ཅི་ཞིག་སྟོན་གྱི་ཡོད་པ་རེད་དམ་ཞེ་ན། མང་པོ་ཞིག་གིས་ལས་རིམ་འདིར་ཐུགས་སྣང་གནང་གི་ཡོད་པ་སྟོན་གྱི་ཡོད།ས་གནས་གཞན་ཁག་སོ་སོར་གྲོས་ཚོགས་མཇུག་བསྒྲིལ་བའི་རྗེས་སུ་ལས་རིམ་འོད་སྡེར་བསྐུར་གྱི་ཡོད་པར་བརྟེན་ཚང་མས་དོ་སྣང་བྱེད་ས་ཞིག་ཆགས་བསྡད་ཡོད།མང་ཚོགས་ཀྱིས་ཀྱང་ཐུགས་སྣང་གནང་དགོས་ཀྱི་རེད་བསམ་གྱི་ཡོད།གྲོས་ཚོགས་ཀྱི་སྡིངས་ཆ་དེ་མཐོ་ཤོས་ཆགས་ཀྱི་ཡོད་པ་རེད།གྲོས་ཚོགས་ཀྱི་སྡིངས་ཆ་ད་མཐོ་ཤོས་ཡིན་པ་དང་།གྲོས་ཚོགས་ཀྱི་སྡིངས་ཆ་འདི་བརྒྱུད་ནས་གནས་ཚུལ་མང་པོ་ཞིག་གསལ་པོ་བཟོ་ཐུབ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པར་བརྟེན། མང་ཚོགས་ཀྱིས་ཀྱང་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ།མུ་མཐུད་ཐུགས་སྣང་གནང་དགོས་ཀྱི་རེད་ཅེས་ཞུ་འདོད་བྱུང།མཐའ་མ་དེར་ད་ཐེངས་ཀྱི་ལས་རིམ་བསྒྲུབས་པ་དང་དེ་རིང་བཀའ་ཤག་གི་གོ་སྒྲིག་འོག་ནས་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་གནང་རྒྱུ་ཡིན་པ་རེད།སྤྱི་འཐུས་རྣམ་པ་ཚང་མ་དེ་རིང་ཕྱོགས་ཕེབས་མི་དགོས་མཁན་ཡིན་ན་དེ་རིང་ཡ་གིར་གཙུག་ལག་ཁང་དུ་ཕེབས་ཐུབ་རྒྱུའི་རེ་སྐུལ་ཞུ་གི་ཡོད།དེ་ནས་ཕེབས་རྗེས་ང་རང་ཚོ་ཚང་མའི་ལས་དོན་ཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་བསྒྲུབ་རྒྱུར་འབད་བརྩོན་དང་མང་ཚོགས་ནང་དུ་ཡིན་ཡང་ང་རང་སྣེ་འཁྲིད་མཁན་ནང་དུ་དུམ་བུ་མ་བྱུང་བ་ཡིན་ན་མང་ཚོགས་རང་བཞིན་གྱི་མཐུན་པོར་གནས་ཀྱི་རེད་བསམ་གྱི་འདུགདེར་བརྟེན་ང་རང་ཚོ་སྣེ་འཁྲིད་མཁན་རྣམས་འཆམ་མཐུན་གྱི་ངང་ནས་བསྡད་པ་ཡིན་ན་ཆིག་སྒྲིལ་གྱི་རྐྱེན་རྩ་གཙོ་བོ་དེ་འདིར་ཐུག་གི་ཡོད་པས་ཚང་མས་འདིར་གང་གཟབ་གནང་རོགས་གནང་།ཚང་མས་ཐུགས་འཁུར་བཞེས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིིན།།

Menu