༄༅། །སིམ་ལར་ཉིན་གཉིས་པ་དང་གསུམ་པ་གཉིས་ཀྱི་བདེན་པའི་མེ་ལྕེའི་ལས་འགུལ།

༢༠༡༢།༨།༢༢ སིམ་ལར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་གནང་བ།༢༠༡༢།༨།༢༢ སིམ་ལར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་གནང་བ།
སྐུ་མགྲོན་གཙོ་བོ་ཧི་མ་ཅཱལ་བྷི་ཇེ་པི་སྲིད་དོན་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ག་ནེཤ་དཏྟ་(Ganesh Dutt)མཆོགསྐུ་མགྲོན་གཙོ་བོ་ཧི་མ་ཅཱལ་བྷི་ཇེ་པི་སྲིད་དོན་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ག་ནེཤ་དཏྟ་(Ganesh Dutt)མཆོགསིམ་ལར་བདེན་པའི་མེ་ལྕེ་ཐད་གསར་འགོད་གསལ་སྒྲགས་གནང་བཞིན་པ།སིམ་ལར་བདེན་པའི་མེ་ལྕེ་ཐད་གསར་འགོད་གསལ་སྒྲགས་གནང་བཞིན་པ།

ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༡ ཉིན་སིམ་ལ་བོད་མིའི་གཏན་སློབ་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མགོ་འཛུགས་ཀྱིས་ཆུ་ཚོད་ ༡༢་༠༠ ལ་གན་དྷི་ཐང་ཀར་འབྱོར། དེར་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་མགོ་འཛུགས་ཞུས། ཆུ་ཚོད་ ༢་༠༠ པའི་ཐོག་ས་གནས་འགོ་འཛིན་མཆོག་གིས་བདེན་པའི་མེ་ལྕེ་ལས་འགུལ་གྱི་ངོ་སྤྲོད་དང་འབྲེལ་མཛད་སྒོ་དབུ་འཛུགས་གནང་། དེ་ནས་ཧི་མ་ཅཱལ་གཙུག་ལག་སློབ་གྲྭའི་སྲིད་དོན་ཚན་རིག་མཁས་དབང་སྐུ་ཞབས་སུ་མིཏ་ཀུ་མར་(Sumit Kumar)མཆོག་ནས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་གནང་བ་དང་། དེའི་རྗེས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་ཧི་མ་ཅཱལ་གཙུག་ལག་སློབ་གྲྭའི་དཔལ་འབྱོར་ཚན་རིག་ཉམས་ཞིབ་པ་སྐུ་ཞབས་ཤྲ་ཝན་ཀུ་མར་(Shrawan Kumar)མཆོག་ནས་བོད་དོན་ཐོག་རྒྱབ་སྐྱོར་ཆ་ཚང་ཡོད་པའི་གཏམ་བཤད་གནང། དེ་ནས་སྐུ་མགྲོན་གཙོ་བོ་ཧི་མ་ཅཱལ་བྷི་ཇེ་པི་སྲིད་དོན་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ག་ནེཤ་དཏྟ་(Ganesh Dutt)མཆོག་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་དགོས་སྐོར་དང་།

སིམ་ལར་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།སིམ་ལར་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།སིམ་ལར་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།སིམ་ལར་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།
སིམ་ལར་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།སིམ་ལར་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།སིམ་ལར་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།སིམ་ལར་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།

རྒྱ་གར་གྱི་སྲུང་སྐྱོབ་ནི་བོད་ཀྱི་རང་དབང་ཁོ་ནར་རགས་ལས་ཡོད་པ་སོགས་ཀྱི་གཏམ་བཤད་གནང། དེ་ནས་ཕྱི་དྲོ་ཆུ་ཚོད་ ༥་༠༠ པ་བར་ས་རྟགས་བསྡུ་རུབ་གནང་བ་དང་། དེའི་མཚམས་མར་མེའི་ཁྲོམ་སྐོར་དང་སྨོན་ལམ་གསུང་འདོན་དང་འབྲེལ་བོད་དོན་སྐད་འབོད་གནང། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༢ ཉིན་དེ་ཁུལ་བོད་མི་ཚོས་བདེན་པའི་མེ་ལྕེ་བོད་མིའི་འདུ་གནས་ས་ཁག་འགའ་དང་སྔ་འགྱུར་རྙིང་མ་པའི་དབུ་འཁྲིད་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་དགོན་པ་བར་སྐོར་བསྐྱོད་གནང་། ཕྱི་ཚེས་ ༢༣ ལ་སིམ་ལ་ཁུལ་ཉིན་མཐའ་མར་སོང་སིམ་ལ་ཁྲོམ་གཞུང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་རྒྱུ་ཡིན་འདུག་པ་བཅས་ཕྱི་ལོ ༢༠༡༢ ཟླ་ ༨ ཚེས་ ༢༣ ལ།།

སིམ་ལར་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།སིམ་ལར་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།སིམ་ལར་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་གནང་བཞིན་པ།སིམ་ལར་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་གནང་བཞིན་པ།

Menu