༄༅། །ས་ཊོན་ཁམས་ཀ༔ཐོག་གཞིས་ཆགས་ནས་ཀུམ་རའོ་སྒ་པ་གཞིས་ཆགས་སུ་རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་བ།

ས་ཊོན་ཁམས་ཀ༔ཐོག་གཞིས་ཆགས་སུ་དངུལ་ཁང་འགན་འཛིན་དང་ལྷན་བདེན་པའི་མེ་ལྕེ།ས་ཊོན་ཁམས་ཀ༔ཐོག་གཞིས་ཆགས་སུ་དངུལ་ཁང་འགན་འཛིན་དང་ལྷན་བདེན་པའི་མེ་ལྕེ།ས་ཊོན་ཁམས་ཀ༔ཐོག་གཞིས་ཆགས་སུ་བདེན་པའི་མེ་ལྕེའི་ལས་འགུལ་གནང་བ།ས་ཊོན་ཁམས་ཀ༔ཐོག་གཞིས་ཆགས་སུ་བདེན་པའི་མེ་ལྕེའི་ལས་འགུལ་གནང་བ།
དེ་ཡང་དེ་གའི་ལས་དྲུང་བསམ་གཏན་ལགས་ནས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༩ ཞོགས་པ་ཆུ་ཚོད་ ༡༠་༠༠ པའི་ཐོག་ས་ཊོན་ཁམས་ཀ༔ཐོག་ས་གནས་འགོ་འཛིན་དང། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་གཙོས་པའི་འཐུས་མི་བརྒྱད་ནས་ཀུམ་རའོ་སྒ་པ་གཞིས་ཆགས་སུ་བརྒྱུད་སྤྲོད་གནང་། དེར་ཆུ་ཚོད་ ༢་༠༠ པའི་ཐོག་ས་གནས་འགོ་འཛིན་དབུ་བཞུགས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་བརྩམ་ཕྱོགས་སྐོར་གོ་བསྡུར་སྦྱང་བཤད་བགྱིས། མཐའ་མ་དེར་སྡེ་ཚན་གསུམ་དུ་ཆ་བགོས་ཀྱིས་ཡུལ་མི་གནས་སའི་ས་ཁུལ་ཁག་ཏུ་སྐྱོར་བསྐྱོད་གནང་རྒྱུའི་ཐག་གཅོད་གནང། མི་ལྔ་དང་། བཞི། བདུན་བཅས་ཡོད་པ་སྡེ་ཚན་གསུམ་དུ་ཆ་བགོས་གནང་རྒྱུ་དང་། མི་ལྔ་ཡོད་པའི་ཚོགས་ཆུང་དེས་ཀུམ་རའོ་དང་དེའི་ཉེ་ཁུལ་གྱི་གྲོང་གསེབ་ཁག་དང། མི་བཞི་ཡོད་པ་དེས་ཀ་ཕུ་ཏ་ཞེས་འགྲུལ་པ་འདུ་འཛོམས་ཆེ་ཤོས་ཡིན་ས་དེར་དང་། མི་བདུན་ཡོད་པ་དེས་ཤི་ལ་ཡེ་བཅས་སུ་སྐོར་བསྐྱོད་དང་ས་རྟགས་བསྡུ་རུབ་གནང་རྒྱུ་གནང་། དེའི་རྗེས་ས་གནས་བོད་མི་རྣམས་ནས་ས་རྟགས་བསྡུ་རུབ་ཞུས་པའི་རྗེས་སང་འདུ་འཛོམས་དགོས་པའི་བཀའ་ཁྱབ་གནང།
ས་ཊོན་ཁམས་ཀ༔ཐོག་གཞིས་ཆགས་ནས་ཀུམ་རའོ་སྒ་པ་གཞིས་ཆགས་སུ་རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་བ།ས་ཊོན་ཁམས་ཀ༔ཐོག་གཞིས་ཆགས་ནས་ཀུམ་རའོ་སྒ་པ་གཞིས་ཆགས་སུ་རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་བ།
ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༠ ཞོགས་པ་ཆུ་ཚོད་ ༧་༣༠ ཐོག་དང་བླངས་པ་ཁག་ལྷན་འཛོམས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཀ་ཕུ་ཏར་རས་གུར་ཞིག་ཕུབ་པ་དེར་ཆུ་ཚོད་ ༩་༣༠ ཐོག་འགོ་འཛུགས་ཞུས། དེར་གྲོང་གསེབ་འཛིན་སྐྱོང་བ་དང་། སྤྱི་ཁྱབ་པ། དངུལ་ཁང་གི་འགན་འཛིན། སོ་ནམ་སྡེ་ཚན་གྱི་འགན་འཛིན་སོགས་ཡུལ་མི་མང་དག་ནས་ལས་འགུལ་ལ་མཉམ་ཞུགས་གནང། དེ་ནས་ས་གནས་དེའི་སློབ་གྲྭའི་སློབ་སྤྱི་དང་ལས་བྱེད་ངོ་ཐུག་གིས་ས་རྟགས་ཞུས་པ་མ་ཟད་ཆོག་མཆན་དང་འབྲེལ་སློབ་ཕྲུག་རྒན་པ་ཚོའི་ས་ནས་ཀྱང་ས་རྟགས་ཞུས། ས་གནས་དེར་རྒྱ་གར་ཡུལ་མི་ཚོས་ཀྱང་ས་རྟགས་བསྡུ་རུབ་བྱ་རྒྱུར་མཉམ་རུབ་གནང། ས་གནས་དེ་ག་རང་དུ་ས་རྟགས་ ༩༠༠ ཙམ་བསྡུ་རུབ་ཞུས་ཐུབ་པ་བྱུང་འདུག ཤི་ལ་ཡེ་ས་གནས་སུ་མཐོ་སློབ་སློབ་ཕྲུག་ཚོས་རྒྱབ་སྐྱོར་གནང་བ་དང་བརྒྱུད་ལམ་པ་འགས་པར་བརྒྱབས་པ་ལ་སོགས་གནང་འདུག ཤི་ལ་ཡེ་ས་གནས་སུ་དེ་ཉིན་ས་རྟགས་ ༨༠༠ ཙམ་བསྡུ་ཐུབ་པ་བྱུང་འདུག ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོས་ཀུམ་རའོ་ཁུལ་དུ་སྒོ་དང་སྒོ་སོང་སྟེ་རྒྱབ་སྐྱོར་གྱི་ས་རྟགས་བསྡུ་རུབ་བྱས། དེ་ཁུལ་དུ་མི་འབོར་མང་པོ་མེད་ནའང་དེ་ཉིན་ས་རྟགས་ ༢༢༠ ཙམ་བསྡུ་ཐུབ་པ་བྱུང་འདུག མདོ་དོན་དེ་ཉིན་ཡུལ་མིའི་ས་ནས་ཁྱོན་ས་རྟགས་ ༡༩༢༠ ཙམ་བསྡུ་རུབ་ཐུབ་པ་བྱུང་བ་དང་ཆུ་ཚོད་ ༥་༣༠ ཐོག་ཀ་ཕུ་ཏར་འཛོམས་ནས་དེ་ཉིན་གྱི་ལས་འགུལ་མཚམས་འཇོག་ཞུས། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༡ ཆུ་ཚོད་ ༡༠་༠༠ ཙམ་ལ་ཀུམ་རའོ་སྒ་པ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དང། ས་འཐུས་ཚོགས་གཙོ། རང་བདེན་ཚོགས་ཆུང་གི་ཚོགས་མི་བཅས་ནས་བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་པོན་ཊ་ཆོལ་གསུམ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དང། ས་འཐུས་ཚོགས་གཙོ་དང་ལས་བྱེད་བཅས་པར་པོན་ཊ་ཁྲོམ་གཞུང་གི་བཞི་མདོར་བརྒྱུད་སྤྲོད་གནང་བ་བཅས་ཀྱི་གནས་ཚུལ་དུ་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༢ ལ།།
ས་ཊོན་ཁམས་ཀ༔ཐོག་གཞིས་ཆགས་ནས་ཀུམ་རའོ་སྒ་པ་གཞིས་ཆགས་སུ་རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་བ།ས་ཊོན་ཁམས་ཀ༔ཐོག་གཞིས་ཆགས་ནས་ཀུམ་རའོ་སྒ་པ་གཞིས་ཆགས་སུ་རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་བ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།

Menu