༤།༩།༢༠༡༢ ཉིན་རྒྱ་གར་བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་སུ་སྐོར་བསྐྱོད་གནང་བ།༤།༩།༢༠༡༢ ཉིན་རྒྱ་གར་བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་སུ་སྐོར་བསྐྱོད་གནང་བ།༣།༩།༢༠༡༢ ཉིན་རྒྱ་གར་བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་སུ་སྐོར་བསྐྱོད་གནང་བ།༣།༩།༢༠༡༢ ཉིན་རྒྱ་གར་བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་སུ་སྐོར་བསྐྱོད་གནང་བ།༤།༩།༢༠༡༢ ཉིན་རྒྱ་གར་བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་སུ་སྐོར་བསྐྱོད་གནང་བ།༤།༩།༢༠༡༢ ཉིན་རྒྱ་གར་བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་སུ་སྐོར་བསྐྱོད་གནང་བ།
དེ་ཡང་ས་གཞིས་སྤུ་རུ་ཝ་ལའི་ས་གནས་འགོ་འཛིན་མཆོག་ནས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༣ ཉིན་ཅནྡི་སྒར་མཐོ་སློབ་སློབ་ཕྲུག་ལྔས་རྒྱ་གར་བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྤུ་རུ་ཝ་ལར་ཆེད་འཛུགས་ཞུས་པ་༼བྱོན་པར་ལེགས་༽ཞེས་པའི་རྒྱལ་སྒོའི་འགྲམ་དུ་ས་གནས་འགོ་འཛིན་ཚེ་རིང་དབང་འདུས་གཙོས། སྤུ་རུ་ཝ་ལར་བཅའ་བཞུགས་ཧི་མ་ཅཱལ་མངའ་སྡེའི་གཞུང་གི་གྲངས་ཉུང་མི་རིགས་ཀྱི་བདེ་དོན་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་ཨབ་དྷུལ་སི་ཏར་དང་།(Mr.Abdul Sittar,Ex-Member,H.P.State Minority Welfare Board,(Govt.&H.P.Deptt.of Social Justice & Empowerment) ས་འཐུས་ཚོགས་གཙོ་བསོད་ནམས་རྡོ་རྗེ་བཅས་ལ་བརྒྱུད་སྤྲོད་གནང་། ས་གནས་ཉིན་སློབ་ཀྱི་སློབ་ཕྲུག་རྣམས་ནས་རོལ་དབྱངས་དང་བཅས་ས་གནས་མི་མང་ནས་སྣེ་བསུ་གཟབ་རྒྱས་ཞུས། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༤ སྔ་དྲོ་ཆུ་ཚོད་ ༩་༠༠ པའི་ཐོག་སེར་སྐྱ་ཡོངས་རྫོགས་ཀུན་དགའ་རྭ་ཆུང་མི་མང་ཚོགས་ཁང་དུ་འདུ་འཛོམས་ཐོག་ས་གནས་འགོ་འཛིན་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་གྱི་དགོས་དམིགས་སོགས་ཀྱི་གཏམ་བཤད་གནང་། དེ་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་བཏུད་སྐར་མ་གཅིག་ཞུས།
དེའི་མཚམས་སྤུ་རུ་ཝ་ལ་ལམ་མདོའི་ཁྲོམ་གཞུང་དུ་སྐོར་བསྐྱོད་ཀྱིས་དེ་གར་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་གི་ཏ་རམ་ཋ་ཀུར་(Mr.Gita Ram Thakur) མཆོག་ནས་རྒྱབ་སྐྱོར་གཏམ་བཤད་གནང་། དེ་ནས་སྐུ་ཞབས་ཨབ་དྷུལ་སི་ཏར་མཆོག་ནས་གསུང་བཤད་གནང་། གསུང་བཤད་དེ་དག་གནང་བའི་སྐབས་རྒྱ་གར་བ་བརྒྱ་སྐོར་ནས་ཐུགས་སྣང་ཆེན་པོས་གསན་པར་གནང་འདུག དེ་ནས་རིམ་བཞིན་རྒྱ་གར་ཡུལ་མི་གནས་སྡོད་བྱ་ཡུལ་གོར་ཀུ་ཝ་ལ། ཁོ་རོང་ཝ་ལ། སིག་པུ་ར། བྷ་ག་ནི་(Gorkhuwala, Khorongwala, Sigpura, Bhagani) བཅས་སུ་སྐོར་བསྐྱོད་གནང་ཞིང། བདེན་པའི་མེ་ལྕེའི་ལས་འགུལ་དང་འབྲེལ་བའི་ཨིན་ཧིན་སྐད་ཡིག་ནང་འགྲེམ་ཡིག་སྤར་བསྐྲུན་གྱིས་བཀྲམས་པ་དང་གཏམ་བཤད་ཀྱང་གནང། ཉིན་དེའི་ལས་འགུལ་མཇུག་སྡོམ་གནང་སྐབས་ས་གནས་བྷ་ག་ནི་རུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་གི་ཏ་ཋ་ཀུར་དང། ས་གནས་དེའི་གཙོ་འཛིན་གཞོན་པ་སྐུ་ཞབས་ར་ཇིབ་ཀོ་ཧི་ལི་མཆོག་ནས་(Mr.Rajiv Kohili, Vice President)གཏམ་བཤད་གནང་བའི་རྗེས་ས་རྟགས་བསྡུ་རུབ་གནང། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༥ སྔ་དྲོ་ཆུ་ཚོད་ ༩་༠༠ ཐོག་སེར་སྐྱ་མང་ཚོགས་ཚོགས་ཁང་དུ་འདུ་འཛོམས་ཀྱིས་ཡུལ་མི་གནས་སྡོད་བྱ་ཡུལ་ས་གནས་བྷ་གར་དང་། ཌན་ཌ། ཨམ་བྷུ་ཝ། ཪཇ་པུ་ར་(Bhagar, Dhanda, Ambuwa, Rajpura) བཅས་སུ་སྐོར་བསྐྱོད་ཀྱིས་ས་གནས་དེ་དག་གི་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་བ་ལ་དེ་ཝི། སྤྱི་ཁྱབ་ཟུར་པ་མམ་ཅནྡ། རཇ་པུ་ར་གྲོང་སྡེ་ལྷན་ཚོགས་ཀྱི་ཡར་རྒྱས་ཚན་པའི་དྲུང་ཆེ་མོ་ཧན་སིངྒ་དང་ལས་བྱེད་ཆེ་ཆུང་དྲུག་བཅས་ནས་ལས་འགུལ་ནང་མཉམ་ཞུགས་དང་གཏམ་བཤད་ཀྱང་གནང་། (Pradhan Bala Devi, Mam Chand Ex-Pradhan, Mohan Singh Secretary, Rajpura Panchayat.Block Development Council. དེའི་སྐབས་ས་འཐུས་ཚོགས་གཙོས་ཧིན་དཱིའི་ཐོག་གཏམ་བཤད་ཟབ་རྒྱས་དང་འགོ་འཛིན་ནས་ཨིན་སྐད་ཐོག་གསར་འགོད་གསལ་བསྒྲགས་སྒྲོག་སྦྱང་གནང་། དེ་ནས་ཐུགས་རྗེས་ཆེ་ཞུའི་རྗེས་ཕྱེད་ཡོ་ཆུ་ཚོད་ ༤ ཐོག་སྤུ་རུ་ཝ་ལ་ལམ་མདོའི་ཁྲོམ་གཞུང་དུ་ལས་འགུལ་མཇུག་སྡོམ་སྐབས་སྤོན་ཊར་གནས་བཞུགས་བྱེད་མཁན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཌོག་ཊར་ཁུ་ར་ན་(Dr.Khurana)མཆོག་ནས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་ཟབ་རྒྱས་གནང་བ་དང་། ས་འཐུས་ཚོགས་གཙོས་ཐུགས་རྗེ་ཆེ་ཞུ་ཞུས་པ་དང་འབྲེལ་ལས་འགུལ་མཇུག་བསྒྲིལ་གནང་། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༦ སྔ་དྲོ་ཆུ་ཚོད་ ༩་༠༠ ཐོག་ས་འཐུས་ཚོགས་གཙོ་དབུས་པས་ས་འཐུས་རྣམ་པ་དང་། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་གཞོན་ནུའི་ཚོགས་གཙོ། ས་གནས་བུད་མེད་ཚོགས་གཙོ་དང་། སེར་སྐྱ་མི་མང་བཅས་ནས་རྒྱལ་སྒོ་བར་ཕེབས་སྐྱེལ་དང་། ས་གནས་འགོ་འཛིན་དང་གོང་གསལ་ཚོགས་གཙོ་རྣམ་པ། སྦག་སྦག་གྲངས་བཞི་བཅས་ནས་ཆུ་ཚོད་ ༡༠་༠༠ ཐོག་ས་ཊོན་ཁམས་ཀ༔ཐོག་གཞིས་ཆགས་སུ་བརྒྱུད་གནང་བ་བཅས་ཀྱི་གནས་ཚུལ་དུ་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༧ ལ།།