༄༅། །རྒྱ་གར་ནང་ས་འགུལ་གྱི་གནོད་འཚེ་ཕོག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གདུང་སེམས་མཉམ་བསྐྱེད་ཞུས་པ།

༄༅། །༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་བལ་ཡུལ་རྒྱལ་སས་གཙོས་ས་ཁུལ་ཁག་ལ་ས་ཡོམ་གྱི་གོད་ཆག་ཅི་ཆེ་བྱུང་ཡོད་པ་དང་ཆབས་ཅིག་བལ་ཡུལ་དང་ཉེ་བའི་རྒྱ་གར་གྱི་མངའ་སྡེ་ཁག་གཅིག་ནང་དུའང་ས་ཡོམ་གྱི་གནོད་འཚེ་བྱུང་སྟེ་མི་གྲངས་གང་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང། དེ་བཞིན་རྨས་སྐྱོན་ཕོག་པ་དང། ཁང་ཁྱིམ་ཞིག་འཐོར་སོགས་དཀའ་ངལ་གོད་ཆག་བྱུང་ཡོད་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་འཚབ་དང་བཅས་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོ་ཞུ་རྒྱུ་མ་ཟད། འབྱུང་བའི་གོད་ཆག་དེའི་ཁྲོད་འདས་གྲོངས་སུ་གྱུར་པ་རྣམས་མཐར་ཐུག་བདེ་བའི་གོ་འཕང་མྱུར་དུ་འཐོབ་ཐུབ་པ་དང། རྨས་སྐྱོན་ཕོག་པ་རྣམས་འཕྲལ་ནས་མྱུར་དུ་དྲག་སྐྱེད་ཡོང་བ། དེ་མིན་ཁང་ཁྱིམ་སོགས་ཞིག་འཐོར་བྱུང་ཡོད་པ་རྣམས་མྱུར་དུ་སླར་གསོ་ཐུབ་པ་འབྱུང་བའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༧ ལ།།

Menu