༄༅། །མདོ་སྨད་མཛོ་དགེ་རྫོང་སྟག་ཚ་དགོན་གྱི་རྗེའི་ལྷ་ཁང་ལ་མེ་སྐྱོན་ཤོར་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོ།

ཉེ་ལམ་ཕྱི་ཟླ་ ༦ པའི་ཚེས་ ༣༠ ཉིན་མདོ་སྨད་མཛོ་དགེ་རྗོང་སྟག་ཚ་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་གི་རྗེའི་ལྷ་ཁང་ལ་མེ་སྐྱོན་ཤུགས་ཆེ་བྱུང་བར་བློ་ཕམ་དང་བཅས་ཡུལ་མི་སྤྱི་དང་། ལྷག་དོན་དགོན་པའི་བླ་མ་ལས་སྣེ་དབུ་ཆོས་ཀྱིས་གཙོས་དགེ་འདུན་པ་རྣམས་ལ་ཐུགས་གསོ་ཞུ་རྒྱུ་དང་སྦྲགས། ལོ་ངོ་ ༣༤༩ ཙམ་གྱི་ལོ་རྒྱུས་ལྡན་པའི་སྟག་ཚ་དགོན་དགེ་ལྡན་བཀྲིས་ཆོས་བཟང་གླིང་འདི་བཞིན་སྟག་ཚ་སྐུ་ཕྲེང་དང་པོ་བྱ་བཏང་ཆོས་རྗེ་སྨོན་ལམ་ལྷུན་འགྲུབ་དཔལ་བཟང་པོས་ཕྱག་བཏབ་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན་ཞིང་། picརྒྱ་ནག་གུང་ཁྲན་དམར་གཞུང་གིས་བོད་ས་བཙན་འཕྲོག་བྱས་རྗེས་རིག་གསར་སྐབས་བོད་ཀྱི་དགོན་སྡེ་རྣམས་རྩ་གཏོར་དུ་བཏང་རྐྱེན་སྟག་ཚ་དགོན་པར་ཡང་གཏོར་སྐྱོན་ཤུགས་ཆེ་ཐེབས་ཡོད། རིག་གསར་རྗེས་སླར་ཡང་སྟག་ཚ་སྐུ་ཕྲེང་དྲུག་པ་མཆོག་གིས་དེ་སྔའི་ཐོས་བསམ་གླིང་དང་། གསང་སྔགས་སྟོད་རྒྱུད་གྲྭ་ཚང་གི་ལྕགས་མཁར་སོགས་བསྐྱར་གསོ་དང་། གསོ་རིག་གཞན་ཕན་གླིང་དང་། དུས་འཁོར་ཨེ་ཝཾ་ཆོས་འཁོར་གླིང་སོགས་རིམ་གྱིས་གསར་འཛུགས་མཛད་ནས་ད་ཆ་དགེ་འདུན་པ་ཞལ་གྲངས་ ༡༨༠ ལྷག་ཡོད། ད་རེས་མེ་སྐྱོན་བྱུང་བའི་རྗེའི་ལྷ་ཁང་འདི་བཞིན་སླད་མར་རྟེན་དང་བརྟེན་པ་བསྐྱར་གསོ་ཐུབ་རྒྱུ་དང་དགེ་འདུན་རྣམས་ཀྱི་ཐེག་མཆོག་འཁོར་ལོ་གསུམ་གྱི་བྱ་བ་མི་ཉམས་གོང་འཕེལ་ཡོང་བའི་སྨོན་འདུན་དང་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༠ ལ།།

 

Menu