༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་གཞུང་མང་ལ་ཞུ་སྐུལ་ཚོགས་ཆུང་ནས་རྒྱ་གར་བྱང་ཤར་ཁུལ་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པ།

 

བྱང་ཤར་ཁུལ་དུ་རྒྱ་གར་གཞུང་མང་གཉིས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམས་ཕྱི་ལོ་༢༠༡༣ ཟླ་༡ ཚེས་༦ ཉིན་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏ་རུ་འབྱོར་ནས། མངའ་སྡེའི་སྲིད་སྐྱོང་སོགས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ། བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡིག་ངག་གཉིིས་ཐོག་ནས་ཞུས་ཡོད་པ་དང། མངའ་སྡེའི་དཔོན་རིགས་ཁག་གིས་ཀྱང་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་དང། སླད་ཀྱང་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད། ད་དུང་མུ་མཐུད་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་སོགས་ཀྱི་ལས་རིམ་མང་དག་ཅིག་ཀྱང་བསྒྲིགས་ཡོད་པ་རེད།

ནུབ་བྷེང་གྷལ་མངའ་སྡེའི་འཆར་འགོད་བློན་ཆེན་སྐུ་ཞབས་རཅ་པཱལ་སིངྒ་(Shri.Rachhpal Singh)མཆོག་ སྤྱི་འཐུས་རྣམ་པ།ནུབ་བྷེང་གྷལ་མངའ་སྡེའི་འཆར་འགོད་བློན་ཆེན་སྐུ་ཞབས་རཅ་པཱལ་སིངྒ་(Shri.Rachhpal Singh)མཆོག་ སྤྱི་འཐུས་རྣམ་པ།ནུབ་བྷེང་གྷལ་མངའ་སྡེའི་སྲིད་སྐྱོང་ཨེམ་ཀེ་ནཱ་ར་ཡ་ནན། (Shri M.K  Narayanan)མཆོག་དངྲསྤྱིྲའཐུསྲརྣམ་པ།ནུབ་བྷེང་གྷལ་མངའ་སྡེའི་སྲིད་སྐྱོང་ཨེམ་ཀེ་ནཱ་ར་ཡ་ནན། (Shri M.K Narayanan)མཆོག་དངྲསྤྱིྲའཐུསྲརྣམ་པ།

དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམས་ཚོགས་ཆུང་གསུམ་དུ་ཁག་བགོས་བྱས་ནས་རྒྱ་གར་ལྷོ་ཕྱོགས་དང། བྱང་ཤར། བྱང་ཕྱོགས་བཅས་སུ་སྤྱི་འཐུས་ཀྱི་ཚོགས་ཆུང་གསུམ་གྱིས་སྣེ་ཁྲིད་ནས་བོད་དོན་ཞུ་གཏུག་གིས་རྒྱབ་སྐྱོར་འཚོལ་བའི་ལས་འགུལ་ཞིག་རྒྱ་གར་ཡོངས་སུ་ཕྱི་ཟླ་དང་པོ་ནས་འགོ་འཛུགས་བྱས་ཡོད་པ་དང། བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་གྱི་སྣེ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང། དེ་བཞིན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་ཟླ་སྒྲོན་ཤར་གླིང་ལགས། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་བཅས་ཕྱི་ལོ་༢༠༡༣ ཟླ་༡ ཚེས་༦ ཉིན་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏ་རུ་འབྱོར་ནས་ཞུ་གཏུག་གི་ལས་འགུལ་འགོ་འཛུགས་བྱས་ཡོད་པ་དང། དེ་རིང་ཕྱི་ཚེས་༩ བར་ནུབ་བྷེང་གྷལ་མངའ་སྡེའི་སྲིད་སྐྱོང་ཨེམ་ཀེ་ནཱ་ར་ཡ་ནན། (Shri M.K Narayanan)མཆོག་དང་ཁོང་གི་ཡིག་ཚང་གི་སྐུ་མགྲོན་ཐུག་འཕྲད་ཁང་དུ་མཇལ་འཕྲད་གནང་བ་དང། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡིག་ངག་གཉིས་ཐོག་ནས་ཞུས་པར། ཁོང་གིས་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་དེ་རྒྱལ་ཁབ་གཞན་གྱི་རྒྱབ་སྐྱོར་དང་མི་འདྲ་བར་ཧ་ཅང་བརྟན་པོ་ཡིན་པ་དང། ཁོང་སྐུ་སྒེར་ལ་མཚོན་ནའང་བོད་པ་ཐོག་མ་བཙན་བྱོལ་དུ་འབྱོར་བའི་སྐབས་ནས་འབྲེལ་བ་ཆགས་བསྡད་པ་ཞིག་ཡིན། བོད་དོན་གྱི་གནས་ཚུལ་ཆ་ཚང་ཤེས་རྟོགས་ཡོད་པ་མ་ཟད། རྒྱབ་སྐྱོར་ཆེན་པོ་ཡོད། བོད་པའི་ངོས་ནས་ཀྱང་བོད་དོན་ཐག་གཅོོད་ཀྱི་ཐབས་ལམ་དེ་གོམ་པ་མདུན་སྤོས་ཐུབ་པ་ཞིག་དགོས་ཚུལ་སོགས་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་སྐོར་སོགས་གསུངས་སོང།

རྒྱ་གར་དབུས་གཞུང་གི་གྲོང་ཁྱེར་ཡར་རྒྱས་བློན་ཆེན་ལྕམ་སྐུ་དྷི་པ་དྷ་སི་ མོན་ཤི་(Smt Deepa Das Munshi)མཆོག་དང་སྤྱི་འཐུས་རྣམ་པ།རྒྱ་གར་དབུས་གཞུང་གི་གྲོང་ཁྱེར་ཡར་རྒྱས་བློན་ཆེན་ལྕམ་སྐུ་དྷི་པ་དྷ་སི་ མོན་ཤི་(Smt Deepa Das Munshi)མཆོག་དང་སྤྱི་འཐུས་རྣམ་པ།རྒྱ་གར་དབུས་གཞུང་གི་གྲོས་ཚོགས་གོང་མའི་འཐུས་མི་དང།  མངའ་སྡེའི་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་གཅིག་ལྕོགས་སྐུ་ཞབས་པར་དིབ་བྷར་ཊ་ཅ་ རི་ཡ་(Pradip Bhattachariya)མཆོག་དང་སྤྱི་འཐུས་རྣམ་པ།རྒྱ་གར་དབུས་གཞུང་གི་གྲོས་ཚོགས་གོང་མའི་འཐུས་མི་དང། མངའ་སྡེའི་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་གཅིག་ལྕོགས་སྐུ་ཞབས་པར་དིབ་བྷར་ཊ་ཅ་ རི་ཡ་(Pradip Bhattachariya)མཆོག་དང་སྤྱི་འཐུས་རྣམ་པ།

རྒྱ་གར་དབུས་གཞུང་གི་གྲོང་ཁྱེར་ཡར་རྒྱས་བློན་ཆེན་ལྕམ་སྐུ་དྷི་པ་དྷ་སི་མོན་ཤི་(Smt Deepa Das Munshi)མཆོག་དང་མཇལ་འཕྲད་ཞུས་ནས་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པར། ཁོང་གིས་ང་རང་ལ་མཚོན་ན་ནུབ་བྷེང་གྷལ་གྱི་བྱང་ཕྱོགས་སུ་བཞུགས་མཁན་ཞིག་ཡིན་པས། བོད་དོན་སྐོར་ཤེས་རྟོགས་ཡོད་པ་དང། བོད་པའི་རིག་གཞུང་ལ་དགའ་ཞེན་ཆེན་པོ་ཡོད་པ། བོད་དོན་ལ་རྒྱབ་སྐྱོར་ཡོད་པ་སོགས་གསུངས་ཡོད་པ་རེད།

རྒྱ་གར་དབུས་གཞུང་གི་གྲོས་ཚོགས་གོང་མའི་འཐུས་མི་དང། མངའ་སྡེའི་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་གཅིག་ལྕོགས་སྐུ་ཞབས་པར་དིབ་བྷར་ཊ་ཅ་རི་ཡ་(Pradip Bhattachariya)མཆོག་དང་མཇལ་འཕྲད་སྐབས། བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡིག་ངག་གཉིས་ཐོག་ནས་ཞུས་པར། ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་སོགས་གསུངས་ཡོད།

ནུབ་བྷེང་གྷལ་མངའ་སྡེའི་འཆར་འགོད་བློན་ཆེན་སྐུ་ཞབས་རཅ་པཱལ་སིངྒ་(Shri.Rachhpal Singh)མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡིག་ངག་གཉིས་ཐོག་ནས་ཞུས་པར། ཁོང་གིས་ཀྱང་གོང་བཞིན་བོད་དོན་རྒྱབ་སྐྱོར་ཡོད་ཅེས་སོགས་གསུངས་ཡོད།

སྐུ་ཞབས་ཨ་བྷོ་ནི་ཇོར་རྡར་(shri.Aboni Joardar)  ལགས་དང་སྤྱི་འཐུས་རྣམ་པ། སྐུ་ཞབས་ཨ་བྷོ་ནི་ཇོར་རྡར་(shri.Aboni Joardar) ལགས་དང་སྤྱི་འཐུས་རྣམ་པ། མངའ་སྡེ་དེའི་གྲོས་ཚོགས་འཐུས་མི་འབུམ་རམས་པ་ར་མེན་དྷ་ར་ནཱ་ཐཱ་བི་ཤི་ཝ་ ཤ་(Dr.Ramendranath Biswas)ལགས་དང་མཇལ་འཕྲད་སྐབསམངའ་སྡེ་དེའི་གྲོས་ཚོགས་འཐུས་མི་འབུམ་རམས་པ་ར་མེན་དྷ་ར་ནཱ་ཐཱ་བི་ཤི་ཝ་ ཤ་(Dr.Ramendranath Biswas)ལགས་དང་མཇལ་འཕྲད་སྐབས

དེ་བཞིན་མངའ་སྡེ་དེའི་གྲོས་ཚོགས་འཐུས་མི་འབུམ་རམས་པ་ར་མེན་དྷ་ར་ནཱ་ཐཱ་བི་ཤི་ཝ་ཤ་(Dr.Ramendranath Biswas)ལགས་དང་མཇལ་འཕྲད་སྐབས། ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ལ་ཞི་བདེ་སྤེལ་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པ་དང། བོད་པའི་འཐབ་རྩོད་ཀྱང་འཚེ་མེད་ཞི་བའི་ལམ་ནས་རྩོད་བཞིན་ཡོད་པ། རྒྱ་གར་ཡང་བདག་ཉིད་ཆེན་པོ་གཱནྡི་མཆོག་གིས་དབུ་ཁྲིད་ནས་འཚེ་མེད་ཞི་བའི་ཐབས་ལམ་ལག་བསྟར་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང། བོད་དོན་ལ་རྒྱབ་སྐྱོར་ཡོད་སྐོར་སོགས་གསུངས་པ་དང།  གཞན་ཡང་ནུབ་བྷེང་གྷལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ས་མ་རིཤ་དཱས་(Samares Das) དང། སྐུ་ཞབས་ཨ་བྷོ་ནི་ཇོར་རྡར་(shri.Aboni Joardar) ལགས། སྐུ་ཞབས་སུག་བི་ལན་བར་མ་(shri.Sukhbilan Barma ལགས་བཅས་དང་མཇལ་འཕྲད་གནང་བའི་སྐབས་ཚང་མས་མགྲིན་དབྱངས་གཅིག་གྱུར་གྱིས་བོད་དོན་རྒྱབ་སྐྱོར་ཡོད་པའི་སྐོར་དང། མ་འོངས་པར་ཡང་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད།

སྐུ་ཞབས་བྷ་ནི་སིངྒ་རོ་ཝེ་(shri.Bani Singh  Roy)ལགས་དང་སྤྱི་འཐུས་རྣམ་པ།སྐུ་ཞབས་བྷ་ནི་སིངྒ་རོ་ཝེ་(shri.Bani Singh Roy)ལགས་དང་སྤྱི་འཐུས་རྣམ་པ།སྐུ་ཞབས་སུག་བི་ལན་བར་མ་(shri.Sukhbilan Barma ལགས་  དང་སྤྱི་འཐུས་རྣམ་པ།སྐུ་ཞབས་སུག་བི་ལན་བར་མ་(shri.Sukhbilan Barma ལགས་ དང་སྤྱི་འཐུས་རྣམ་པ།

མངའ་སྡེའི་གཞུང་འཛིན་རྒྱ་གར་རྒྱལ་ཡོངས་ཏྲི་མུལ་ཀོང་རེ་སི་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་དུ་ཆེད་བཅར་གྱིས་ཚོགས་པ་དེའི་སྤྱི་ཁྱབ་ཚོགས་གཞོན་སྐུ་ཞབས་བྷ་ནི་སིངྒ་རོ་ཝེ་(shri.Bani Singh Roy)ལགས་ཀྱིས་གཙོས་ཚོགས་པའི་དབུ་ཁྲིད་ཁག་དང་མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པ་བཞིན་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་དང། མངའ་སྡེ་དེའི་ནང་གི་གོང་རེ་སི་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་དུ་བཅར་ནས་ཚོགས་པ་དེའི་ཚོགས་གཙོ་པར་དིབ་བྷར་ཊ་ཅ་རི་ཡ་སོགས་འབྲེལ་ཡོད་དབུ་ཁྲིད་རྣམས་དང་ཐུག་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་ནས་བོད་དོན་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་སོགས་ཞུས་ཡོད་པ་དང། འབྲེལ་ཡོད་སོ་སོས་དེ་ལུགས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པ་རེད།

ད་དུང་མུ་མཐུད་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཙོ་བོར་གྱུར་པའི་མངའ་སྡེའི་བློན་ཆེན་དང་གྲོས་ཚོགས་ཀྱི་འཐུས་མི་གང་མང་དང་མཇལ་འཕྲད་གནང་འཆར་སོགས། ལས་རིམ་དང་ལས་འགུལ་གང་མང་ཞིག་བསྒྲིགས་ཡོད་པ་རེད་འདུག