༄༅། །བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་དང་ཤར་གླིང་བསྟན་འཛིན་ཟླ་སྒྲོན་རྣམ་གཉིས་བསུ་ན་མདའ་དང་རྡོར་གླིང་ས་འགོའི་ཁྱབ་ཁོངས་བོད་མི་འདུས་སྡོད་ཀྱི་ ས་ཁུལ་ཁག་ཏུ་ཕྱོགས་བསྐྱོད་འཚམས་གཟིགས་སུ་ཕེབས་པ།

བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པ་ནས་བཟུང་སྤྱི་འཐུས་རྣམ་པ་རྒྱ་བལ་འབྲུག་གསུམ་ཁུལ་བོད་མི་འདུས་སྡོད་ས་གནས་ཁག་ཏུ་ས་བགོས་ལྟར་ཕྱོགས་བསྐྱོད་ཀྱིས། རང་ཁོངས་མང་ཚོགས་ལ་ཆབ་སྲིད་ཀྱི་གནད་དོན་གལ་གནད་ཁག་དྲིལ་བསྒྲགས་དང། darje2མང་ཚོགས་ཀྱི་བདེ་སྡུག་ཁག་གསན་ཞིབ་བྱས་ཏེ་འབྲེལ་ཡོད་འཛིན་སྐྱོང་ལ་དཀའ་ཁག་སེལ་ཐབས་སོགས་མང་ཚོགས་དང་གཞུང་དབར་ཟམ་པ་ལྟ་བུའི་འབྲེལ་ལམ་འཛུགས་རྒྱུའི་ལས་འགུལ་སྤེལ་བཞིན་པ་ལྟར། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་དང། སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་རྣམ་གཉིས་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༤ ནས་ ༡༦ བར་ས་བགོས་ས་ཁུལ་བསུ་ན་མདའ་དང། རྡོར་གླིང་ཁུལ་དུ་ཕྱོགས་བསྐྱོད་འཚམས་གཟིགས་གནང་ཡོད།

དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༤ ཉིན་སྤྱི་འཐུས་གཉིས་རྡ་ས་ནས་རྡོག་ཐོན་གྱིས། ཕྱི་ཚེས་ ༧ སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་ཤེ་རི་གྷོ་རི་ཨེན་ཇེ་པི་མེ་འཁོར་བབས་ཚུགས་སུ་འབྱོར་བ་དང། darje1དེ་ནས་བསུ་ན་མདའ་ས་འགོ་ལས་ཁང་གི་ལས་དྲུང་ཚེ་བརྟན་ལགས་དང། རྡོར་གླིང་ས་འགོ་ལས་ཁང་གི་ཁ་ལོ་བ་ཟླ་བ་ལགས་གཉིས་ཀྱིས་མཇལ་དར་དང་བཅས་ཕེབས་བསུའི་འོག་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བསུ་ན་མདའ་བོད་མིའི་གཞིས་སྒར་དུ་འབྲེལ་ཡོད་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་དང་མཉམ་དྲུང། གཞིས་སྒར་བརྒྱ་དཔོན་རྣམ་པ། ཚོགས་སྐྱིད་ཁག་གི་ཚོགས་གཙོ་སོགས་ཀྱིས་ཕེབས་བསུ་ཟབ་རྒྱས་གནང་ཡོད།

ཕྱི་ཟླ་ ༦ ཚེས་ ༧ ནས་ ༡༣ བར་ཉིན་གྲངས་བདུན་རིང་སྤྱི་འཐུས་གཉིས་ཀྱིས་བསུ་ན་མདའ་གཞིས་སྒར་དང། ཁར་ཤངས། ལྕགས་པོ་རི་དྲན་རྟེན་བོད་སྨན་མཐོསློབ་ཁང། བསུ་ན་མདའི་ཉིན་སློབ་ཀྱི་ཉལ་ཁང་དང་འཛིན་ཁང། དཔེ་མཛོད་ཁང། གསོལ་ཐབ་ཁང་། བསུ་ན་མདའ་བསམ་གྲུབ་དར་རྒྱས་ཆོས་གླིང་དགོན། རྡོར་གླིང་ཁྱབ་ཁོངས་མི་རིག་དང་འབོ་དཀར་དགོན། སྤོག་རི་སྤོངས་བོད་གཞུང་སློབ་གྲྭ་དང་མང་ཚོགས། མ་ཎི་སྦེལ་ཇམ་མང་ཚོགས། རྡོར་གླིང་གུམ་གུ་རུ་ས་སྐྱ་དགོན་དང་མང་ཚོགས། རྡོར་གླིང་རང་ཚོགས་བཟོ་གྲྭ། རྡོར་གླིང་མང་ཚོགས་སོགས་ཀྱི་སྡོད་ཁུལ་ཁག་ཏུ་འཚམས་གཟིགས་གནང་སྟེ། darjeསྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ནས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་དང། དབུ་མའི་ལམ་གྱི་དགོངས་དོན་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་དང་མ་འོངས་རེ་བ་ཇི་ཡོད། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་བདུན་པའི་ནང་གྲོས་ཆོད་དང་ཁྲིམས་སྒྲིག་བསྐྱར་བཅོས་ཇི་སོང། དམིགས་སུ་བཀར་ནས་དོལ་རྒྱལ་བསྟེན་ཕྱོགས་དང་འབྲེལ་བའི་གྲོས་ཆོད་ཡིག་ཆ་ཨང་ ༢༢ པ་གཏན་འབེབས་གནང་དགོས་པའི་རྒྱབ་ལྗོངས་དང་དེའི་ནང་དོན་སོགས་དང་འབྲེལ་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་ཡོད་པ་དང། སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱལ་སྤྱིའི་ཐོག་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ཇི་ཙམ་ཐོབ་ཀྱི་ཡོད་པ། བོད་ཀྱི་ཐུན་མོ་མ་ཡིན་པའི་ཆོས་དང་སྐད་ཡིག་རིག་གཞུང་མ་བརླགས་པར་རྒྱུན་འཛིན་ཐུབ་དགོས་པའི་གལ་གནད་སོགས་ཀྱི་སྐོར་བཀའ་སློབ་གསུང་བཤད་གནང་ཡོད།

ཕྱི་ཚེས་ ༡༤ སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་སྤྱི་འཐུས་རྣམ་གཉིས་རྡོང་གླིང་དང་བསུ་ན་མདའི་ས་འགོ་གཅིག་ལྕོགས་བསྟན་འཛིན་ཚེ་དཔག་ལགས་ཀྱིས་ཕེབས་བསྐྱེལ་འོག རྡོར་གླིང་སྦག་ཊོ་རོབ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལིར་འབྱོར་གནང་བ་དང། ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་རྡ་སར་ཕྱིར་འཁོར་གནང་།

སྤྱི་འཐུས་རྣམས་ས་གནས་ས་ཐོག་ཏུ་བསྐྱོད་སྐབས་མང་ཚོགས་ལ་གསུང་བཤད་གནང་བ་ཙམ་མིན་པར། མང་ཚོགས་ཀྱི་དཀའ་ངལ་བདེ་སྡུག་གསན་ཞིབ་བྱ་རྒྱུ་གལ་ཆེའི་ལས་དོན་ཞིག་ཏུ་བརྩིས་གནང་གི་ཡོད་ལ། darje3ད་ཐེངས་སྤྱི་འཐུས་གཉིས་ཀྱིས་ཀྱང་ས་གནས་གང་དུ་ཕེབས་ཀྱང་མང་ཚོགས་ཀྱི་ཆབ་སྲིད་དང་འབྲེལ་བའི་དོགས་འདྲི་ཁག་ལ་ལན་འདེབས་མཐིལ་ཕྱིན་གནང་ཡོད་འདུག་ལ། དམིགས་བསལ་མང་ཚོགས་ཀྱིས་དཀའ་ངལ་བདེ་སྡུག་གསུངས་པ་རྣམས་འབྲེལ་ཡོད་ས་གནས་རང་དུ་དཀའ་སེལ་ཐུབ་པ་ཁག་འབྲེལ་ཡོད་ས་གནས་འགོ་འཛིན་དང་གོ་བསྡུར་གྱིས་དཀའ་སེལ་ཞུས་ཡོད་འདུག་པ་དང། བོད་མིའི་སྒྲིག་འཛུགས་དབུས་གཞུང་ལ་ཞུ་དགོས་པ་ཁག་ཚང་མ་ཡིག་ཐོག་ཏུ་ཕབ་ནས་འབྲེལ་ཡོད་ལྷན་ཁང་ཁག་ལ་ཕུལ་ཡོད་པ་བཅས་སོ།།

 

 

Menu