བོད་མི་མང་སྤྱི་འཐུས་ལྷན་ཁང་གསར་བཞེངས་དང་། ཉམས་བཟོའི་ལས་དོན་མཇུག་ཇི་ལྟར་བསྒྲིལ་བས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབུ་འབྱེད་རབ་གནས་ཤིག་སྐྱབས་འཇུག་གསོལ་འདེབས་ཞུས་པ་བཞིན། བོད་རྒྱལ་ལོ་ ༢༡༤༡ ཟླ་ ༡ ཚེས་ ༡༠ དང་། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ཉིན་ཆིབས་སྒྱུར་བཀའ་དྲིན་ཆེ་རྒྱུའི་བཀའ་བཞེས་བཟང་པོ་འཐོབ་པའི་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བཀའ་གསལ་ཕེབས་པས། སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༧ པ་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༨ ནས་ཚེས་ ༢༩ བར་བསྐྱང་རྒྱུའི་བརྡ་ཁྱབ་སོང་ཟིན་ནའང་། གྲོས་ཚོགས་ཀྱི་ཚོགས་ཁང་སོགས་དབུ་འབྱེད་དང་སྟབས་བསྟུན་གྲོས་ཚོགས་ཚོགས་དུས་ ༧ པ་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ནས་ཚེས་ ༢༢ བར་སྔ་སྣུར་གྱིས་བསྐྱང་རྒྱུ་དང་། ཚོགས་མི་རྣམ་པ་ཕྱི་ཟླ་ ༣ ཚེས་ ༩ ཉིན་དྷ་སར་ཕེབས་འབྱོར་གནང་སྟེ་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཐོ་གནང་རྒྱུ་དང་། ཚེས་ ༡༠ ཉིན་ཚོགས་མི་རྣམས་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་མཛད་སྒོར་མཉམ་ཞུགས་གནང་རྒྱུ། ཕྱི་ཚེས་ ༡༡ ཉིན་ཚོགས་ཁང་དབུ་འབྱེད་དང་། དེ་ནས་མུ་མཐུད་གྲོས་ཚོགས་ཀྱི་ལས་རིམ་ཐོག་ཕེབས་རྒྱུ་བཅས་གནང་བའི་གསལ་བསྒྲགས་སུ། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༤ ལ།།