༄༅། །བདེན་པའི་མེ་ལྕེ་སྐོར་བསྐྱོད་སྡེ་ར་ལྡུན་ས་གནས་སུ་རྒྱལ་ཁའི་ངང་འབྱོར་ཡོད།
བདེན་པའི་མེ་ལྕེ་སྐོར་བསྐྱོད་སྡེ་ར་ལྡུན་ས་གནས་སུ་རྒྱལ་ཁའི་ངང་འབྱོར་ཡོད།བདེན་པའི་མེ་ལྕེ་སྐོར་བསྐྱོད་སྡེ་ར་ལྡུན་ས་གནས་སུ་རྒྱལ་ཁའི་ངང་འབྱོར་ཡོད།
ྋདཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ཚོགས་ཆུང་ནས་བདེན་པའི་མེ་ལྕེ་ས་གནས་སོ་སོར་སྐོར་བསྐྱོད་ཟླ་ཚེ་གཏན་འབེབས་སྔོན་ཟིན་ལྟར་འདི་ག་སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁངས་སུ་ཕྱི་ལོ་ ༢༠༡༢ ཟླ་བ་ ༠༩ ཚེས་ ༡༨ ཉིན་རྒྱབ་ཚོུད་ ༠༣།༥༠ ཐོག་སེ་ལ་ཀུའི་བོད་ཁྱིམ་སློབ་གྲའི་བདེན་པའི་མེ་ལྕེ་ཚོགས་ཆུང་ནས་བདེན་པའི་མེ་ལྕེ་རྩིས་སྤྲོད་གནང་བར་རྒྱལ་ཁའི་ངང་རྩིས་སྤྲོད་ཞུས་ཡོད། སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁང་གི་ཁྱབ་ཁོངས་སུ་རྟོགས་པའི་ས་གནས་ཁག་དགུའི་ནང་ཕྱི་ལོ་ ༢༠༡༢ ཟླ་བ་ ༠༩ ཚེས་ ༡༩ ནས་ ༢༠༡༢ ཟླ་བ་ ༡༠ ཚེས་ ༠༣ བར་ཉིན་གྲངས་ ༡༥ རིང་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་འཆར་གྱི་ཐོག་མ་དོན་འགྲུབ་གླིང་དང༌། དེ་རྗེས་བདེ་སྐྱིད་གླིང༌། དེ་ནས་རིམ་པས་ར་ཇི་སྤུར་ཁ་འཐོར་དང་བེུད་མཉམ་ལས་བཟོ་གྲ། གཞིས་གསར་ཚེ་རིང་དོན་ལྡན་དང་གླིང་ཚང་གཞིས་ཆགས་ནང་སྐོར་བསྐྱོད་ཕེབས་རྗེས་མ་སུ་རི་ནང་ཉིན་གསུམ་དང་ནེ་ནི་ཊལ་དུ་ཉིན་གཉིས། ས་ཧ་རན་སྤུར་དུ་ཉིན་གཉིས་བཅས་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་རྗེས་ཕྱི་ལོ་ ༢༠༡༢ ཟླ་བ་ ༡༠ ཚེས་ ༠༣ ཉིན་སྤ་ནི་སྤཏ་བོད་མིའི་སྐྱིད་སྡུག་ཏུ་རྩིས་སྤྲོད་གནང་འཆར་ཡོད་པའི་གནས་ཚུལ་སྙིང་བསྡུས་སུ་སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁང་ནས་ ༢༠༡༢ ཟླ་བ་ ༠༩ ཚེས་ ༡༨ ལ།།
བདེན་པའི་མེ་ལྕེ་སྐོར་བསྐྱོད་སྡེ་ར་ལྡུན་ས་གནས་སུ་རྒྱལ་ཁའི་ངང་འབྱོར་ཡོད།བདེན་པའི་མེ་ལྕེ་སྐོར་བསྐྱོད་སྡེ་ར་ལྡུན་ས་གནས་སུ་རྒྱལ་ཁའི་ངང་འབྱོར་ཡོད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།