༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༥ ནས་ཟླ་ ༤ ཚེས་ ༡༦ བར་བོད་མི་མང་སྤྱི་འཐུས་རྒྱ་རིགས་ཐར་མཆོག་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་རྣམ་གཉིས་ས་གནས་ལྡེ་ར་ལྡུན་ས་ཁུལ་གྱི་ས་ཁག་དགུ་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ནས་ཟླ་ ༤ ཚེས་ ༡༦ བར་བོད་མི་མང་སྤྱི་འཐུས་རྒྱ་རིགས་ཐར་མཆོག་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་རྣམ་གཉིས་ས་གནས་ལྡེ་ར་ལྡུན་ས་ཁུལ་གྱི་ས་ཁག་དགུ་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

 

32ཐེངས་འདིར་བོད་མི་མང་སྤྱི་འཐུས་རྒྱ་རིགས་ཐར་མཆོག་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་རྣམ་གཉིས་ས་བགོས་ཕྱོགས་ཕེབས་སྐབས་ལྡེ་ར་ལྡུན་ཁུལ་བདེ་སྐྱིད་གླིང་གཞིས་ཆགས་དང་། མ་སུ་རི་བོད་ཁྱིམ་སློབ་གྲྭ། མ་སུ་རི་གཏན་སློབ། དེ་བཞིན་རཇ་སྤུར་བོད་ཁྱིམ་སློབ་གྲྭ་དང་། བུད་མེད་མཉམ་ལས་བཟོ་གྲྭ། དོན་འགྲུབ་གླིང་གཞིས་ཆགས། གླིང་ཚང་གཞིས་ཆགས། ཚེ་རིང་དོན་ལྡན་གཞིས་ཆགས། ས་ཧྭ་རན་སྤུར། ནེ་ནི་ཏཱལ། གྷོ་རི་མ་ཕི་མ་སུ་རི་བོད་ཁྱིམ་ཡན་ལག་སློབ་གྲྭ་བཅས་གཞིས་ཆགས་ཁག་བཞི་དང་། སློབ་གྲྭ་ཁག་དྲུག མངོན་དགའ་སློབ་གྲྭ་དང་སྨན་ཁང་གཉིས། དགོན་སྡེ་ཁག་བརྒྱད། མཉམ་ལས་ཁག་གསུམ། དེ་བཞིན་ཉམ་ཐག་ཁྱིམ་ཚང་ཁག་བཅས་སུ་རྟོག་ཞིབ་དང་། ཐག་གཅོད་ལམ་སྟོན་། མི་མང་འདུ་འཛོམས་ཀྱིས་གཏམ་བཤད་ཐེངས་བཅུ། བཞུགས་མོལ་ཚོགས་འདུ་ཐེངས་གཉིས། མི་མང་གི་བསམ་ཚུལ་བསྡུ་ལེན་བཅས་བྱས་ནས། དཀའ་སེལ་མཇུག་སྐྱོང་དགོས་རིགས་སོགས་ལས་ཀའི་གནད་དུ་བཟུང་ནས་གཟིགས་ཞིབ་གནང་འདུག8

དེ་བཞིན་ས་གནས་དེ་དག་ཏུ་འབྲེལ་ཆགས་གསར་ཁང་། ཨ་མར་ཨུ་ཇ་ལ་གསར་ཤོག (Amar Ujala) དྷ་ཡི་ནིག་ཇྷག་རན་གསར་ཁང་། (Dainik Jagran) ཁྲམ་ཡིམ་སི། ཨོཕ། ཨིན་ཌི་ཡ་གསར་ཁང་།(Times of india) (AFP)གསར་འགོད་པ། ཨིན་ཌི་ཡ་ཀྲི་ཝི་(India TV)བཅས་ཀྱི་གསར་འགོད་པ་དང་མཉམ་དུ་བཅར་འདྲི་དང་ལེན་གནང་ཡོད་པ་དང་། ཨུ་ཊར་ཁནཌ་མངའ་སྡེ་གཞུང་གི་ཤིང་ནགས་དང་ལུས་རྩལ་བློན་ཆེན་དྷི་ནེཤ་ཨ་གྷར་ཝལ་ (Dinesh Aggrawal) དང་། མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཨེན་རཱ་བི་ཤང་ཀར་ (N Ravi Shankar) མཆོག་རྣམ་གཉིས་ཆེད་བཅར་གྱིས་འཚམས་འདྲི་ཞུས་པ་དང་སྦྲགས་བོད་ནང་གི་ཛ་དྲག་གནས་སྟངས། བོད་མིའི་བདེ་སྡུག་གནས་སྟངས་བཅས་ཞུ་གནང་ཐུབ་པ་བྱུང་འདུག1

ས་གནས་ལྡེ་ར་ལྡུན་ཁུལ་ས་ཁག་ཆེ་ཆུང་དགུ་ལ་ཕྱོགས་ཕེབས་སྐབས་སྤྱི་འཐུས་རྒྱ་རིགས་ཐར་མཆོག་ནས་མང་ཚོགས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་བཙན་བྱོལ་སྒྲིག་འཛུགས་ལ་དོ་ཁུར་བྱ་དགོས་པའི་གལ་གནད་སྐོར་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་བར་མཚམས་མེད་པར་བྱུང་དང་འབྱུང་བཞིན་པའི་གནས་སྟངས་དང་བརྒྱུད་རིམ། བོད་མི་རིགས་ཀྱི་འདུ་ཤེས་འཛིན་སྟངས་དང་མི་རིགས་ཀྱི་སྙིང་སྟོབས་ཉམས་མེད་དུ་གནས་དགོས་སྐོར། ད་ལྟའི་གཞིས་བཞུགས་བོད་མིིའི་སྙིང་སྟོབས། དེ་བཞིན་བོད་ཀྱི་བདེན་མཐའ་གསལ་ཐབས་སུ་བཙན་བྱོལ་མི་མང་ནས་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་བྱ་རྒྱུའི་གནད་དོན་ཁག ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱ་གལ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་ཉེ་བའི་ཆར་བོད་ཀྱི་རྩ་དོན་ཐོག་སྨན་པའི་ཆབ་སྲིད་ལས་འགུལ་ཁག་རྒྱ་གར་དབུས་པའི་རྒྱལ་སྤྱིའི་གཞུང་མང་ཁག་ལ་ཞུ་གཏུགས་ལས་འགུལ་ཇི་སྤེལ་དང་། བོད་ཀྱི་རྩ་དོན་ངོ་སྤྲོད། སྤྱི་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ པའི་སྐབས་གཏན་འབེབས་གནང་བའི་གྲོས་ཆོད་ཁག་དང་། བཅའ་ཁྲིམས་བསྐྱར་བཅོས་དང་། བཀའ་ཤག་གི་སྔོན་རྩིས་དང་ལས་བསྡོམས་ཁག རྒྱ་གར་གཞུང་གིས་བོད་འབྲེལ་སྲིད་བྱུས་འཛིན་སྟངས། མི་རིགས་ཀྱི་མ་འོངས་སོན་རྩ་བུ་ཕྲུག་གསོ་སྐྱོང་དང་སློབ་སྦྱོང་སྤྲོད་སྟངས། བཙན་བྱོལ་སྤྱི་ཚོགས་ཁྲོད་གནས་པའི་གནད་དོན་གལ་གནད་ཆེ་ཁག་བཅས་ཀྱི་ཐོག་གསུང་བཤད་གནང་འདུག་པ་དང་། 7བཟོ་ཚོང་འཐུས་མི་དང་མི་མང་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྐོར་གྱི་སྙན་ཞུ་དང་། སྤྱི་འཐུས་རྣམ་གཉིས་དང་མི་མང་བར་ཕན་ཚུན་བགྲོ་གླེང་གིས་ས་ཁག་རེ་རེར་ཁྱོན་ཆུ་ཚོད་ ༢ ནས་ ༣ བར་གསུང་བཤད་དང་བགྲོ་གླེང་གི་ཚོགས་འདུ་གནང་ཡོད་འདུག གཞན་བཟོ་ཚོང་ས་ཁུལ་གྱི་ཚོང་ཁང་རེ་རེར་ལྟ་སྐོར་དང་། གནས་ཚུལ་རྒྱུས་ལོན་བྱས་པ་དང་། འཐུས་མི་དང་སློབ་སྟོན་པ། འཐུས་མི་ཟུར་པ། ཚོང་པ་ཁག་ཅིག་བཅས་མཉམ་འཛོམས་ཀྱིས་ས་གནས་ཀྱི་གནས་སྟངས་ཐོག་གྲོས་བསྡུར་དང་བསམ་ཚུལ་བརྗེ་ལེན། ཐག་གཅོད་ལམ་སྟོན་བྱས་པ། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང། ས་གནས་གནད་ཡོད་མི་སྣར་ཐུག་འཕྲད། མཉམ་ལས་ཁག་དང་། སློབ་གྲྭ་ཁག་གི་གནས་སྟངས་ཐོག་རྟོག་ཞིབ་བཅས་གནང་སྟེ་ཉིན་གྲངས་བཅུ་གཅིག་རིང་ལྡེ་ར་ལྡུན་ས་གནས་འགོ་འཛིན་ཁྱབ་ཁོངས་ས་ཁག་དགུ་ལ་དུས་ཚོད་དམ་འཛིན་ཐོག་ཉིན་རེའི་ལས་རིམ་ཇི་འཁོད་ལྟར་རྟོག་ཞིབ་གྲུབ་སྟེ་རྡ་སར་ཕྱིར་ཕེབས་ཟིན་པའི་གནས་བསྡུས་སུ།10

6

11

9

4