༄༅། །ཕྱི་རྒྱལ་སློབ་ཕྲུག་གི་བོད་དོན་ལ་ཐུགས་སྣང།

བོད་རང་དབང་སློབ་ཕྲུག་ཚོགས་པས་ (SFT) གོ་སྒྲིག་གནང་བ་ལྟར་ཨེ་ཌིན་བྷག་བོད་རིགས་ཚོགས་པ་(Edinburgh Tibet Society) ནས་དབྱིན་ཡུལ་གྱི་སློབ་ཕྲུག་གྲངས་བརྒྱད་བོད་དང་བོད་མིའི་གང་ཅིའི་གནས་ཚུལ་ཤེས་རྟོགས་འབྱུང་ཕྱིར་བཞུགས་སྒར་རྡ་རམ་ས་ལར་བདུན་གཉིས་རིང་འཁྲིད་འབྱོར་ཡོད་པ་བཞིན་ཕྱི་ལོ་  ༢༠༡༣  ཟླ་  ༦  ཚེས་  ༢༠  ཉིན་སྔ་དྲོ་ཚོུད་  ༡༠།༠༠  ཐོག་སློབ་ཕྲུག་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་དང་སྦྲགས་ཕེབས་པར་སྤྱི་འཐུས་རྒྱུན་ལས་ཀྱི་ཐོག་ནས་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་གིས་ཁོང་རྣམ་པར་བོད་མིའི་མང་གཙོའི་འཕེལ་རིམ་སྤྱི་དང་། བྱེ་བྲག་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་འགྲོ་ལུགས་དང་། རྒྱུན་ལས་ཚོགས་ཆུང་གིས་ཕྱག་ལས་གནང་སྟངས་སྐོར་སོགས་དང་། སློབ་ཕྲུག་རྣམས་དང་ལྷན་དྲི་བ་དྲིས་ལན་བཅས་ཚོུད་གཅིག་ཙམ་རིང་གནང་ཡོད་པ་རེད།།

Menu