༄༅།།རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ཧི་མ་ཅཱལ་མངའ་སྡེའི་རྒྱལ་ས་སིམ་ལར་འབྱོར་བ།

བདེན་པའི་མེ་ལྕེ་ཧི་མ་ཅཱལ་མངའ་སྡེའི་རྒྱལ་ས་སིམ་ལར་ཕེབས་སུ་ཞུས་པ།བདེན་པའི་མེ་ལྕེ་ཧི་མ་ཅཱལ་མངའ་སྡེའི་རྒྱལ་ས་སིམ་ལར་ཕེབས་སུ་ཞུས་པ།ས་གནས་འགོ་འཛིན་དང་བོད་རིགས་སློབ་སྤྱི་མཆོག་ནས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་བ།ས་གནས་འགོ་འཛིན་དང་བོད་རིགས་སློབ་སྤྱི་མཆོག་ནས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་བ།

དེ་ཡང་སིམ་ལ་ས་གནས་འགོ་འཛིན་ལས་ཁང་ནས་གནས་ཚུལ་བཏང་གནས་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༩ དགོངས་དྲོ་ཆུ་ཚོད་ ༤ པའི་ཐོག་སིམ་ལར་འབྱོར་བར་ཕེབས་བསུའི་ཆེད་ས་འཐུས་ཚོགས་གཙོ་དང་ས་གནས་འགོ་འཛིན་གཙོས་པའི་ཚོགས་སྡེ་སྐྱིད་སྡུག་ཁག་གི་མཛད་གཙོ་རྣམ་པ་སིམ་ལའི་ས་མཚམས་བར་བཅར།

སྐུ་ཞབས་བྷ་ཝ་ནི་སིངྒ་མཆོག་དང་ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན་བཅས་བདེན་པའི་མེ་ལྕེ་ལྷན་སྐུ་པར།སྐུ་ཞབས་བྷ་ཝ་ནི་སིངྒ་མཆོག་དང་ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན་བཅས་བདེན་པའི་མེ་ལྕེ་ལྷན་སྐུ་པར།སིམ་ལ་ས་གནས་ཀྱི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་སན་ཇེ་ཅོ་ཧན་མཆོག་དང་ ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན་བཅས་བདེན་པའི་མེ་ལྕེ་ལྷན་སྐུ་པར།སིམ་ལ་ས་གནས་ཀྱི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་སན་ཇེ་ཅོ་ཧན་མཆོག་དང་ ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན་བཅས་བདེན་པའི་མེ་ལྕེ་ལྷན་སྐུ་པར།

སིམ་ལར་འབྱོར་མཚམས་ཧི་མ་ཅཱལ་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀོལ་སིངྒ་མཆོག་དང་ཧི་མ་ཅཱལ་ཀོང་རེ་སི་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ར་ཐོར་གཉིས་ནས་ (Shri Kaul Singh Thakur Ji, President of Himachal Pradesh Congress Party དང་ Shri Rathore Ji, Spokesperson Himachal Pradesh Congress Party) བདེན་པའི་མེ་ལྕེར་ཕེབས་བསུ་དང་བཅས་རྒྱབ་སྐྱོར་མཚོན་ཆེད་སྐུ་པར་མཉམ་དུ་སྒྲོན་རྗེས་བཟོ་གྲྭའི་མཆོད་ཁང་ནང་ཚོགས་སྡེ་ཁག་གི་མཛད་གཙོ་རྣམ་པ་ལྷན་མཛོམས་ཐོག་སིམ་ལ་ས་གནས་འགོ་འཛིན་ཚེ་རིང་བཀྲིས་ནས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་མཁན་ཀུ་ལུ་ས་འཐུས་ཚོགས་གཙོ་རྣམས་གཉིས་དང་ས་གནས་འགོ་འཛིན་རྣམ་པ་གསུམ་ལ་ཕེབས་བསུའི་འཚམས་འདྲི་ཞུ་བ་དང་སྦྲགས་བརྟེན་འབྲེལ་གྱི་གསོལ་ཇ་བཞེས་ཏོག་འདེགས་འབུལ་གནང་།

ཧི་མ་ཅཱལ་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀོལ་སིངྒ་མཆོག་དང་ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན་བཅས་བདེན་པའི་མེ་ལྕེ་ལྷན་སྐུ་པར།ཧི་མ་ཅཱལ་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀོལ་སིངྒ་མཆོག་དང་ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན་བཅས་བདེན་པའི་མེ་ལྕེ་ལྷན་སྐུ་པར།ཧི་མ་ཅཱལ་ཀོང་རེ་སི་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ར་ཐོར་ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན་བཅས་བདེན་པའི་མེ་ལྕེ་ལྷན་སྐུ་པར།ཧི་མ་ཅཱལ་ཀོང་རེ་སི་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ར་ཐོར་ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན་བཅས་བདེན་པའི་མེ་ལྕེ་ལྷན་སྐུ་པར།

སྤྱི་ལོ་ ༢༠༡༢།༨།༢༠ ཉིན་ཞོགས་པ་ཕྱག་ཚོད་ ༩ ཐོག་སིམ་ལ་ས་གནས་ཀྱི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་སན་ཇེ་ཅོ་ཧན་མཆོག་(Shimla Mayor Shri Sanjay Chauhan Ji) ནས་ཞུ་སྙན་ཐོག་རྒྱབ་སྐྱོར་གྱི་མཚན་རྟགས་བརྒྱབས་པ་དང་དེ་མཚུངས་ཧི་མ་མངའ་སྡེའི་ཆེས་མཐོའི་མི་མང་རྟོག་ཞིབ་པ་ཟུར་པ་དང། གུ་ཇ་ར་ཐཱ། མདྱི་པྲ་དེཤ་དང་ཇ་མུ་ཀ་ཤི་མིར་བཅས་ཀྱི་ཁྲིམས་དཔོན་ཟུར་པ་སྐུ་ཞབས་བྷ་ཝ་ནི་སིངྒ་མཆོག་ Justice Bhawani Singh Ji, Former Chief Justice Gujurat, Madya Pradesh and J&K, former Lokayukta Himachal Pradesh ནས་ཞུ་སྙན་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཞུས་པ་དང་སྦྲགས་མཚན་རྟགས་བསྐྱོན་གནང་མཛད།

བདེན་པའི་མེ་ལྕེ་སིམ་ལ་གཏན་སློབ་ཏུ་སྐོར་བསྐྱོད་གནང་།བདེན་པའི་མེ་ལྕེ་སིམ་ལ་གཏན་སློབ་ཏུ་སྐོར་བསྐྱོད་གནང་།བདེན་པའི་མེ་ལྕེ་སིམ་ལ་གཏན་སློབ་ཏུ་སྐོར་བསྐྱོད་གནང་།བདེན་པའི་མེ་ལྕེ་སིམ་ལ་གཏན་སློབ་ཏུ་སྐོར་བསྐྱོད་གནང་།

དགོངས་དྲོ་ཕྱག་ཚོད་ ༤ ཐོག་བདེན་པའི་མེ་ལྕེ་སིམ་ལ་གཏན་སློབ་ཏུ་སྐོར་བསྐྱོད་གནང་སྟེ་མཛད་སྒོའི་ཐོག་ས་གནས་འགོ་འཛིན་དང་བོད་རིགས་སློབ་སྤྱི་མཆོག་ནས་དགེ་ལས་སློབ་ཕྲུག་རྣམས་ལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་སྐོར་ངོ་སྤྲོད་གསུང་བཤད་གནང་། སྤྱི་ལོ་ ༢༠༡༢།༨།༢༡ ཉིན་སིམ་ལ་གནྡི་ཐང་ཆེན་དུ་མཛད་སྒོའི་ཐོག་དཔོན་རིགས་ཁག་གདན་ཞུས་ཀྱིས་གསར་འགོད་གསལ་སྒྲགས་དང་མར་མེའི་ཁྲོམ་སྐོར་ཞུ་འཆར་འདུག་པ་བཅས། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༡ ལ།།