མིང་། ཐུབ་བསྟན་རྒྱ་མཚོ། 

བོད་ཤར་ཕྱོགས་རྒྱལ་མོ་ཚ་བ་རོང་གི་མངའ་ཁོངས་སུ་ཁྲོ་ཆུ་རྫོང་ཙ་ཝུར་ཡུལ་ཚོའི་ལོར་བྷ་ཞེས་པའི་སྡེ་བར་ཕྱི་ལོ་ ༡༩༧༡ ཟླ་ ༡ ཚེས་ ༡ ཉིན་སྐྱེས།  ༡༩༨༥ ནས་ ༡༩༩༠ བར་དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་དུ་ཕར་ཕྱིན་བར་དུ་ནང་ཆོས་ལ་སློབ་སྦྱོང་གནང་།  ༡༩༩༡ ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས་སྦིར་སུ་ཇ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭར་འགྲིམས་ཏེ་དབྱིན་སྐད་ལ་སློབ་སྦྱོང་གནང་།  ཝཱ་ར་ཎ་སི་མཐོ་རིམ་སློབ་གྲྭར་ལོ་གསུམ་རིང་ལ་བོད་ཀྱི་རིག་གནས་ལ་སློབ་སྦྱོང་བྱས།  ༡༩༩༨ ལོར་ཧྥ་རན་སིར་འབྱོར་ཏེ་སྤྱི་ལོ་ ༢༠༠༢ བར་དུ་ཧྥ་ཡིག་སློབ་སྦྱོང་བྱས།  དེ་ནས་ལོ་གསུམ་རིང་(Sorbonne Université Paris I) གཙུག་ལག་སློབ་ཆེན་ཏུ་ཁྲིམས་ལུགས་ཐོག་སློབ་སྦྱོང་གནང་།  ༢༠༡༡ ནས་ ༢༠༡༥ བར་དུ་ཧྥ་རན་སིའི་རྒྱ་ནག་སྲོལ་རྒྱུན་གསོ་རིག་སློབ་གླིང་དུ་ཀྲུང་དབྱིའི་སྨན་གཞུང་དང་ལག་ཐབས་སྣ་ཚོགས་ལ་སློབ་སྦྱོང་བྱས་ཏེ་ ༢༠༡༥ ནས་སློབ་མཐར་ཕྱིན།  ༢༠༠༣ ནས་ ༢༠༡༥ བར་དུ་ཧྥ་རན་སིའི་བོད་རིགས་ཚོགས་པའི་སྐབས་ལྔ་རིང་ཚོགས་གཙོའི་འགན་འཁུར།  ༢༠༡༧ ནས་ ༢༠༡༩ བར་ཧྥ་རན་སིའི་མདོ་སྨད་ས་གནས་རྒྱུན་ལས་ཚོགས་གཙོ་གནང༌།   བྱམས་བརྩེའི་སློབ་གྲྭ་གསར་འཛུགས་དང་འགན་འཛིན་གྱི་ལས་འཁུར་གནང་།  ༢༠༢༡ ནས་ ༢༠༢༦ བར་བོད་མི་མང་སྐབས་ ༡༧ པའི་ཡུ་རོབ་སྤྱི་འཐུས་དང་། ཕྱི་ལོ་ ༢༠༢༦ ལོར་སླར་ཡང་སྐབས་ ༡༨ པའི་ཡུ་རོབ་སྤྱི་འཐུས་སུ་བདམས་ཐོན་གྱིས་འགན་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།