མིང་། ལྷ་མོ་སྐྱབས།

༄༅། །ལྷ་མོ་སྐྱབས་ནི་མཚོ་སྔོན་པོའི་ལྷོ་ཕྱོགས་འབལ་མང་རའི་ཀླུ་ཚང་དུ་སྐྱེས།  ༢༠༠༢ ལོ་སྟེ་རང་ལོ་ལྔའི་སྟེང་བོད་ནས་རྒྱ་གར་དུ་འབྱོར་རྗེས། སུ་ཇཱ་བོད་ཁྱིམ་ནས་འཛིན་རིམ་བཅུ་པ་དང༌། སྦེལ་ཀོབ་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་སློབ་མཐར་ཕྱིན།  ༢༠༢༠-༢༠༢༡ སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་འགན་བདག་དང་ལོ་འཁོར་གྱི་སློབ་ཕྲུག་རྩེ་ཕུད་གྱི་གྲས་སུ་ཚུད། རིམ་བཞིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ Jain University ཉེས་ཅན་ཁྲིམས་དཔྱད་ཚན་རིག་སློབ་ཆེན་དུ་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། Christ University སློབ་ཆེན་ནས་སློབ་ཚན་དེ་གའི་ཐོག་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་བླངས། དེ་རྗེས་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལའི་རྒྱལ་སའི་ Trivandrum ནང་གི་ Infinity College Of Education མཐོ་སློབ་དུ་དགེ་རྒན་བྱས། ད་ལྟ་སྦེང་ལོར་དུ་ Mvj College Of Science And Commerce ཉེས་ཅན་རྩད་གཅོད་ཁྲིམས་དཔྱད་ཚན་རིག་སློབ་གྲྭ་ཆེན་མོར་དགེ་རྒན་བྱེད་མུས་ཡིན། རྒྱ་གར་གྱི་ Shiv Forensic ཚོགས་པའི་སློབ་སྟོན་མི་སྣའི་གྲས་ཀྱང་ཡིན།

ལས་ཞོར་དུ་ ༢༠༢༡-༢༠༢༥ ལོར་ས་གནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུས་ཚོགས་མིའི་ལས་འགན་ཁུར་བ་དང་། ༢༠༢༢ ལོ་ནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་རྒྱུན་ལས་ལོ་གསུམ་བྱས། ༢༠༢༣ ལོར་སྦེང་ལོར་ས་གནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་ཐོག་མར་གསར་འཛུགས་བྱས། ༢༠༢༥ ལོར་སླར་ཡང་དབུ་མའི་ལམ་གྱི་རྒྱུན་ལས་སུ་འདེམས་ཐོན་བྱུང་། གོ་སྐབས་ནམ་ཡོད་ལ་རྒྱ་གར་མཐོ་སློབ་ཁག་ཏུ་བོད་དོན་དྲིལ་བསྒྲགས་ཀྱིས་རྒྱ་གར་གཞོན་སྐྱེས་ཁྲོད་བོད་དོན་གོ་རྟོགས་ཡོང་ཐབས་ལ་འབད་བཞིན་ཡོད་ལ། Youtube དྲ་ལམ་བརྒྱུད་སྤྱི་ཚོགས་ལོ་རྒྱུས་དང་། དམངས་གཙོའི་ཁེ་དབང་། རྩ་དོན་འཐབ་རྩོད་སོགས་ཀྱི་ཐད་དབྱེ་ཞིབ་གཏམ་གླེང་སྤེལ་ཏེ་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་དོན་གོ་རྟོགས་ཡོང་ཐབས་ལ་འབད་བརྩོན་ཞུ་བཞིན་ཡོད་པ་དང་། ད་ལྟ་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་འགན་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།