མིང༌། དཔོན་ཚང་བློ་བཟང་ཐུབ་བསྟན།

རེབ་གོང་རྒྱལ་པོ་དཔོན་ཚང་དུ་སྐྱེས། ཕྱི་ལོ་ ༡༩༩༨ ལོར་བཙན་བྱོལ་དུ་འབྱོར་ནས་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་དང་། ཕྱི་ལོ་ ༢༠༠༣ ནས་ ༢༠༠༤ ལོ་བར་ལྡི་ལིར་རྟེན་གཞི་བྱས་པའི་ (Mother’s International School) སློབ་གྲྭའི་ནང་སྤྱི་ཚོགས་འབྲེལ་ལམ་སྐོར་ཆེད་སྦྱོང་བྱས། ཕྱི་ལོ་ ༢༠༠༥ ནས་ ༢༠༡༢ བར་སྤྱི་འཐུས་ཚོགས་ཟུར་དང་བདེ་སྲུང་བཀའ་ཟུར་འཇིགས་མེད་རིན་པོ་ཆེ་མཆོག་གི་སྐུ་སྒེར་གྱི་དྲུང་ཡིག་གི་འགན་ཁུར་བླངས། ཕྱི་ལོ་ ༢༠༡༠ ནས་ལོ་བཞིའི་རིང་ཀུན་ཕན་རིགས་གནས་སློབ་གྲྭའི་དྲུང་ཆེའི་ལས་ཁུར་དང་ཕྱི་ལོ་ ༢༠༡༤ ནས་སློབ་གྲྭ་དེ་གའི་སྤྱི་ཁྱབ་འགན་འཛིན་གྱི་ལས་ཁུར་བླངས། ཕྱི་ལོ་ ༢༠༡༦ ནས་ཕྱི་ལོ་ ༢༠༡༨ བར་དུ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བདེ་དོན་འགན་འཛིན་གྱི་ལས་འགན་ཁུར་ཞུས། ད་ལྟའི་ཆར་བདེན་རྒྱབ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་། ཕྱི་ལོ་ ༢༠༢༡ ལོར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་། དེ་བཞིན་ཕྱི་ལོ་ ༢༠༢༥ ལོའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་སྲུང་བརྩིའི་སླད་ཆེད་འཛུགས་གནང་བའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་ ༸སྐུའིགོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་། ༸སྐུའི་གཅེན་པོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་རྗེས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བྱས། ད་ལྟ་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་འགན་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།