མིང༌། སངས་རྒྱས་རྡོ་རྗེ།

གུས་ལྷ་ཐོག་སངས་རྒྱས་རྡོ་རྗེ། ཕྱི་ལོ་ ༡༩༨༩ ལོར་བོད་མདོ་ཁམས་ལྷ་ཐོག་ཏུ་སྐྱེས། སློབ་འབྲིང་བར་ས་གནས་སློབ་གྲྭར་ཕྱིན། ཕྱིས་སུ་ཆོས་སྒོར་ཞུགས་ཏེ་ལོ་བཅུ་ཕྲག་གཅིག་ཙམ་རིང་ནང་བསྟན་ལ་སློབ་གཉེར་བགྱིས། ༢༠༡༡ ལོར་བཙན་བྱོལ་དུ་འབྱོར་ཞིང༌། ༢༠༡༨ ལོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་སློབ་པ་མཐར་ཕྱིན། ༢༠༡༩ ནས་ ༢༠༢༡ བར་བཞུགས་སྒར་ས་གནས་གཞོན་ནུའི་ཚོགས་གཙོ་ལས་ཁུར་ཞུས། ༢༠༢༢ ནས་ལོ་གཅིག་ཙམ་རིང་ཁམས་སྒར་གཞི་རིམ་སློབ་དགེ་བྱས། ༢༠༢༣ ནས་ ༢༠༢༦ བར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་དྲུང་ཆེའི་ལས་གནས་ཐོག་ལས་ཀ་བྱེད་མུས་དང་། དེ་བཞིན་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་འགན་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།